དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • སློབ་མ་ཕུལ་བྱུང་ལ་བྱ་དགའ་སྤྲད་དེ་སློབ་སྦྱོང་ལ་ལྕག་སྐུལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉིན་ཤས་གོང་སྤོ་བོ་རྫོང་འདེག་པ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ལས་དོན་རུ་ཁག (སྤོ་བོ་རྫོང་སྤྱི་བདེ་ཅུས་དང་སུམ་འཛོམས་གྲོང་རྡལ་གྱིས་མངགས་གཏོང་བྱས )གིས་གྲོང་ཚོ་ཡོངས་ཀྱི་སློབ་མ་ཕུལ་བྱུང་14ལ་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྤྲད་ནས་ཁོང་ཚོས་སློབ་སྦྱོང་ཡག་པོ་བྱ་རྒྱུའི་ལྕག་སྐུལ་བྱས་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། འདེག་པ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མིས་དངུལ་སྒོར་4000ཞལ་འདེབས་ཕུལ་ནས་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་ཐེབས་རྩ་བཙུགས་ཤིང་། བྱ་དགའི་དངུལ་སྤྲོད་པའི་མཛད་སྒོའི་ཐོག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དང་ཐོག་འདི་ལོའི་མཐོ་རྒྱུགས་སྐབས་ཀྲུང་དབྱང་ཁྲིམས་འཛིན་ཉེན་རྟོག་དཔོན་སློབ་གླིང་དུ་རྒྱུགས་འཕྲོད་པའི་འཇམ་དབྱངས་དགྲ་འདུལ་ལ་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྒོར་500སྤྲད་པ་དང་། དེ་རྗེས་སློབ་གྲྭར་འགྲོ་མུས་ཀྱི་སློབ་ཆེན་སློབ་མ་རིན་ཆེན་སྒྲོན་མ་དང་དབྱངས་ཅན་ལྷ་མོར་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྒོར་400སྤྲད་པ། གནམ་གང་སྒྲོན་མ་སོགས་སྦྱངས་འབྲས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པའི་མཐོ་རིམ་སློབ་འབྲིང་གི་སློབ་མ་ལྔ་ལ་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྒོར་300སྤྲད་པ། བཀྲ་ཤིས་ནོར་བུ་སོགས་སྦྱངས་འབྲས་ཕུལ་དུ་བྱུང་བའི་དམའ་རིམ་སློབ་འབྲིང་གི་སློབ་མ་དྲུག་ལ་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྒོར་200སྤྲད་པ་རེད།

        བྱ་དགའ་རག་པའི་སློབ་མ་ཚོས་སླད་ཕྱིན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རེ་འདུན་ཆུད་ཟོས་སུ་མི་བཏང་བར་རྨང་གཞིའི་ཤེས་བྱ་ཁོང་དུ་ཆུད་པ་བྱེད་པ་དང་ཆབས་ཅིག་ཡང་དག་པའི་མི་ཚེའི་ལྟ་བ་དང་རིན་ཐང་གི་ལྟ་བ་བཙུགས་ཏེ་ཕུལ་བྱུང་གི་སྦྱངས་འབྲས་ཐོག་ནས་སྤྱི་ཚོགས་ཀྱི་དྲིན་ལན་འཇལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།