དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཉིང་ཁྲི་ས་ཁུལ་གྱིས་བྱ་ཐབས་བཞི་ལ་བརྟེན་ནས་གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོ་གཏིང་ཟབ་སྤེལ།

        འདི་ལོ་ཤར་ཚུན་ཉིང་ཁྲི་ས་ཁུལ་གྱིས “རྩ་འཛུགས་སྟོབས་ཆེར་གཏོང་བ་དང་གསོན་ཤུགས་འཕེལ་བ་བྱས་ཏེ་སྔོན་གཏོད་ལེགས་བརྩོན་གྱིས་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་བའི ”བརྗོད་བྱ་གཙོ་བོར་དམིགས་ཏེ “ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་ཞི་མཐུན་བརྟན་ལྷིང་གི་སྣེ་འདྲེན་ཁུལ ”བསྐྲུན་རྒྱུའི་སྤྱིའི་དམིགས་ཚད་ལ་བརྟེན་ནས་བྱ་ཐབས་བཞི་སྤྱད་དེ་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོར་སྐུལ་འདེད་ཏན་ཏིག་བཏང་བ་རེད།

        གསོན་ཤུགས་ལྡན་པའི་ཏང་རྩ་འཛུགས་འཛུགས་སྐྱོང་བྱས་ཏེ་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་ཆེ་རུ་བཏང་ཞིང་། “ཀྲི་པུའུ་དང་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཟུང་དུ་སྦྲེལ་བའི ”ལས་དོན་སྤེལ་སྟངས་གཞིར་བཟུང་ཉིང་ཁྲི་ས་ཁུལ་གྱིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་ཁྲོད་ཏང་རྩ་འཛུགས་འཛུགས་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཞིང་འབྲོག་ལས་ཐོན་འཕར་དང་ཞིང་འབྲོག་པར་འབབ་འཕར་ཡོང་བ་བྱས་ཏེ་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད། ལས་ཁུངས་ཚན་པ་དང་ཞིང་འབྲོག་ཁུལ་གྱི་ཏང་ཀྲི་པུས་ཆ་སྒྲིག་རོགས་སྐྱོར་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱས་ཏེ་མིག་སྔར་སྤེལ་བཞིན་པའི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱས་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གྱིས་གྲོང་ཚོའི་ཏང་ཀྲི་པུའུ་ལ་ཏང་འཛུགས་སྐྱོང་ལས་དོན་ཡག་པོ་སྒྲུབ་རོགས་བྱས་ཏེ་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་སྣེ་ཁྲིད་པ་གདམ་གསེས་དང་། བཀོད་སྒྲིག སྟོབས་ཆེར་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཏང་འཛུགས་སྐྱོང་མཉམ་སྒུལ་འཕེལ་རྒྱས་གཏོང་རོགས་བྱས་ཡོད། ས་ཁུལ་དང་། རྫོང་། ཤང་བཅས་ཀྱི་འགོ་ཁྲིད་ལས་བྱེད་པའི་འབྲེལ་གཏུག་བྱ་ཡུལ་ལམ་ལུགས་ལག་བསྟར་བྱས་ཤིང་། “གཞི་རིམ་ཏང་རྩ་འཛུགས་ཀྱི་རང་བསྡུར་དང་། ཏང་ཡོན་དང་མང་ཚོགས་ཀྱི་དཔྱད་བསྡུར། གོང་རིམ་ཏང་ཨུད་ཀྱི་དཔྱད་བསྡུར་གཏན་འབེབས ”བཅས་ཀྱི་གོང་རིམ་གཞིར་བཟུང་ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་ཀྱི་རིགས་དབྱེ་ནས་རིམ་པ་གཏན་འཁེལ་བྱེད་པའི་དཔྱད་གཞིའི་ཚད་གཞི་གཞིར་བཟུང་གཞི་རིམ་ཏང་རྩ་འཛུགས་1024ལ་རིགས་དབྱེ་ནས་རིམ་པ་གཏན་འཁེལ་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།

        ཞི་མཐུན་ལྡན་པའི་ཏང་རྩ་འཛུགས་འཛུགས་སྐྱོང་བྱས་ཏེ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་བཏང་ཞིང་། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོའི་ཁྲོད་ཉིང་ཁྲི་ས་ཁུལ་གྱིས་འགོ་ཁྲིད་ལས་བྱེད་པས་མང་ཚོགས་དང་འབྲེལ་བ་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་རིམ་ཁག་འགོ་ཁྲིད་ལས་བྱེད་པ་སྒྲིག་འཛུགས་ཀྱིས་དུས་བཀག་ལྟར་འབྲེལ་གཏུག་བྱ་ཡུལ་དུ་བརྟག་ཞིབ་བྱས་ནས་མང་ཚོགས་ལ་བསམ་ཕྱོགས་སེལ་བ་དང་། གྲོས་འགོ་འདོན་པ། འགལ་ཟླ་སེལ་བ། འཕེལ་རྒྱས་གཏོང་བ་བཅས་བྱེད་རོགས་བྱས་ཡོད། ཏང་ཡོན་གྱི་སློབ་གསོ་དོ་དམ་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་མིའི་ཏང་ཡོན་ལ་དོ་དམ་དང་ཞབས་ཞུ་བྱེད་པ་དང་ཏང་ཡོན་གྱི་ཏང་གཤིས་དུས་བཀག་ལྟར་དབྱེ་ཞིབ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ཡོད། “གྲོས་བསྡུར་བཞི་དང་ཡོངས་བསྒྲགས་གཉིས ”ཀྱི་ལས་དོན་སྒྲུབ་ཚུལ་དང “དམངས་གཙོའི་འདེམས་བསྐོ་དང་། དམིགས་ཚད་དོ་དམ། ལྟ་སྐུལ་ཡོངས་བསྒྲགས། གསོ་སྦྱོང་མཐོར་གཏོང ”བཅས་ཀྱི་བླང་བྱ་གཞིར་བཟུང་གྲོང་ཚོ་རིམ་པའི་ལས་དོན་གྱི་དོ་དམ་ཟམ་མི་ཆད་པར་ཚད་ལྡན་ཡོང་བ་བྱས་ཡོད། ཏང་དོན་དང་སྲིད་དོན་ཡོངས་བསྒྲགས་བྱེད་པའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་དུས་ཐོག་ཏུ་ཏང་དོན་དང་སྲིད་དོན་གྱི་ཆ་འཕྲིན་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དཀའ་གནད་དང་གླེང་མང་བའི་གནད་དོན་ཡོངས་བསྒྲགས་བྱས་ནས་ཏང་ཡོན་དང་མང་ཚོགས་ཀྱི་ཤེས་དབང་འགན་ལེན་བྱས་ཡོད།

        དམངས་སེམས་དང་མཐུན་པའི་ཏང་རྩ་འཛུགས་འཛུགས་སྐྱོང་བྱས་ཏེ་ཏང་རྩ་འཛུགས་ཀྱི་འབོད་སྐུལ་ནུས་པ་ཆེ་རུ་བཏང་ཞིང་། ཉིང་ཁྲི་ས་ཁུལ་གྱིས་དུས་བབ་གསར་པའི་འོག་ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་ལས་དོན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་གྲོང་ཚོ་རིམ་པའི་རྩ་འཛུགས་ཁྲོད “ཚན་ཁག་ལེགས་འདེམས་དང་སྟོབས་ཆེར་གཏོང་བ་དང་། རྩ་འཛུགས་མ་ལག་ཟུང་འབྲེལ་བྱེད་པ། མང་ཚོགས་རིགས་དབྱེ་ནས་དོ་དམ་བྱེད་པ། ལས་གནས་བཙུགས་ཏེ་ཏང་ཡོན་གྱི་འགན་འཁྲི་གཏན་འཁེལ་བྱེད་པ ”བཅས་ནང་དོན་གཙོ་བོ་བྱས་པའི་སེམས་ཤུགས་གཅིག་སྒྲིལ་འདུ་འགོད་ལག་ལེན་བསྟར་ཡོད་པ་རེད།

        ཕན་ནུས་ཆེ་བའི་ཏང་རྩ་འཛུགས་འཛུགས་སྐྱོང་བྱས་ཏེ་ཏང་རྩ་འཛུགས་ཀྱི་འཐབ་ནུས་ཆེ་རུ་བཏང་ཞིང་། ཉིང་ཁྲི་ས་ཁུལ་གྱིས “རིམ་གསུམ་མཉམ་འབྲེལ་གྱི་ལས་སྒྲུབ་གསལ་ཞུ་དང་། དཔྱད་དཔོག དཔྱད་བསྡུར ”བཅས་ཀྱི་ལམ་ལུགས་ཁྱབ་གདལ་བཏང་སྟེ་ས་ཁུལ་དང་། རྫོང་། ཤང་བཅས་ཏང་རྩ་འཛུགས་ཀྱི་འགན་འཁུར་བས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲི་གཙོ་བོ་འཁུར་ཤུགས་ཆེ་རུ་བཏང་བས་རིམ་པ་གཅིག་གིས་རིམ་པ་གཅིག་དམ་འཛིན་དང་རིམ་པ་སྟར་ཆགས་ཀྱིས་དོན་འཁྱོལ་དམ་འཛིན་བྱེད་པའི་རྣམ་པ་ཞིག་ཐོན་ཡོད། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལས་དོན་གྱི་འཆར་ཅན་ཚོགས་འདུའི་ལམ་ལུགས་དང་དཔྱད་དཔོག་བརྡ་ཁྱབ་ལམ་ལུགས་མཐའ་འཁྱོངས་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་སྒུལ་ཚུལ་དོ་དམ་ཐུབ་པ་བྱུང་ཡོད། ཏང་རྩ་འཛུགས་འཛུགས་སྐྱོང་གི་གྲོན་དངུལ་འགན་ལེན་ལམ་སྲོལ་བཙུགས་ཏེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་གྲོན་དངུལ་ལོ་འཁོར་གྱི་ནོར་སྲིད་སྔོན་རྩིས་ནང་བཅུག་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལས་དོན་དམ་འཛིན་བྱེད་པའི་འགན་འཁྲིའི་ནང་དོན་དུ་བརྩིས་ཏེ་དཔྱད་བསྡུར་བྱས་ཡོད། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་འགན་འཁྲི་འདྲི་བའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་བྱས་རྗེས་དཔྱད་བསྡུར་ཏང་ཡོན་ལས་བྱེད་པའི་ཡོང་འབབ་དང་འབྲེལ་བ་བྱས་ནས་དཔྱད་བསྡུར་བྱས་འབྲས་ལ་གཞིགས་ཏེ་ལས་ཀའི་ཁ་གསབ་དང་ལོ་མཇུག་གི་བྱ་དགའ་སྤྲོད་རྒྱུའི་བསྡུར་ཚད་གཏན་འཁེལ་བྱས་པ་དང་ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པར་བྱ་དགའ་སྤྲད་དེ་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།