དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • བོད་ལྗོངས་ཀྱིས་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        སྤྱི་ཚོགས་རྩ་འཛུགས་ལ་ཏང་གིས་འགོ་ཁྲིད་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་རྩ་འཛུགས་ཀྱིས་ཏང་འཛུགས་སྐྱོང་གི་ལས་དོན་གཏིང་ཟབ་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རྩ་འཛུགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད་ཉེ་ཆར་རང་ལྗོངས་ཀྱིས་ཀྲུང་གུང་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་རྩ་འཛུགས་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས་ནས་ཆེད་མངགས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལས་དོན་གྱི་འགན་འཁུར་རྒྱུ་ཡིན་པ་རེད།

        ཆེད་དོན་ལས་ཁུངས་བཙུཌ་པ། རང་སྐྱོང་ལྗོངས་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་དེ་རང་སྐྱོང་ལྗོངས་དམངས་སྲིད་ཐིང་དུ་གཏོཌ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མངཌ་པའི་ལས་ཁུངས་ཤིག་ཡིན་པས་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་མཛུབ་ཁྲིད་འོག་ལས་དོན་སྒྲུབ་རྒྱུ་རེད།

        འགན་འཁྲི་དང་ལས་འགན་གསལ་པོ་བཟོས་པ། རང་སྐྱོང་ལྗོངས་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཕྱོགས་བཅུའི་ཐད་ཀྱི་ལས་དོན་གྱི་ལས་འགན་འཁུར་རྒྱུ་སྟེ། གཅིག་ནས་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལས་དོན་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བྱེད་ཕྱོགས་སྲིད་ཇུས་དང་ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། གཉིས་ནས་སྤྱི་ཚོགས་རྩ་འཛུཌ་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལས་དོན་གྱི་གནད་དོན་གལ་ཆེན་ལ་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བསམ་འཆར་བཏོན་རྒྱུ་དང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུཌ་འཛུཌ་སྐྱོང་ལས་དོན་གྱི་འཆར་གཞི་བཟོ་བ་དང་འབྲེལ་ལག་བསྟར་བྱེད་དགོས། གསུམ་ནས་གཞི་རིམ་ཏང་རྩ་འཛུགས་འཛུཌ་སྐྱོང་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ས་ཁུལ་དང་གྲོང་ཁྱེར་ཁག་དང་ལྗོངས་ཐད་གཏོགས་ཀྱི་ལས་རིགས་ཁག་གི་གཙོ་གཉེར་སྡེ་ཚན་ལ་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་གི་གཞི་རིམ་རྩ་འཛུགས་འཛུཌ་སྐྱོང་ཡག་པོ་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ་ཏང་གི་རྩ་འཛུགས་དང་ལས་ཀའི་ཁྱབ་རྒྱ་ཆེ་རུ་གཏོང་གི་ཡོད། བཞི་ནས་ས་ཁུལ་དང་གྲོང་ཁྱེར་ཁག་དང་ལྗོངས་ཐད་གཏོགས་ལས་རིགས་ཁག་གི་གཙོ་གཉེར་སྡེ་ཚན་ལ་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་བཀོད་སྒྲིག་དང་དོ་དམ་ལས་དོན་ཐད་མཛུབ་ཁྲིད་བྱེད་པའི་འགན་འཁྲི་ཡོད། ལྔ་ནས་ས་ཁུལ་དང་གྲོང་ཁྱེར་དང་ལྗོངས་ཐད་གཏོགས་ལས་རིགས་ཁག་གི་གཙོ་གཉེར་སྡེ་ཚན་ལ་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་ཡོན་འཕེལ་རྒྱས་དང་། སློབ་གསོ། དོ་དམ། ཞབས་ཞུ་བཅས་ལ་ཤུགས་སྣོན་རྒྱག་རྒྱུར་མཛུབ་ཁྲིད་བྱེད་པའི་འགན་འཁྲི་ཡོད། དྲུག་ནས་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ལ་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་སློབ་སྦྱོང་ནན་ཏན་བྱེད་པ་དང་ལག་བསྟར་བྱ་རྒྱུར་མཛུབ་ཁྲིད་བྱས་ནས་གོང་རིམ་ཏང་རྩ་འཛུགས་ཀྱི་གྲོས་ཆོད་དང་གཏན་འབེབས་ལག་བསྟར་བྱེད་ཀྱི་ཡོད། བདུན་ནས་སྤྱི་ཚོགས་རྩ་འཛུགས་ཀྱིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་མིན་དང་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱ་མིན་ལ་ལྟ་སྐུལ་བྱེད་ཀྱི་ཡོད། བརྒྱད་ནས་སྤྱི་ཚོགས་རྩ་འཛུགས་ལ་བསམ་བློ་ཆབ་སྲིད་ཀྱི་ལས་དོན་དང་། བསམ་པའི་དཔལ་ཡོན་འཛུགས་སྐྱོང་། བཟོ་ཚོགས། གུང་གཞོན་སྡེ་ཚོགས། བུད་མེད་སོགས་ཀྱི་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱེད་ཀྱི་ཡོད། དགུ་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་རྩ་འཛུགས་ཁོངས་གཏོགས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་ཀྱི་ཡོད། བཅུ་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཀའ་མངགས་གནང་བའི་ལས་འགན་གཞན་དག་ལེགས་སྒྲུབ་བྱེད་ཀྱི་ཡོད་པ་བཅས་རེད།

        རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ། རང་སྐྱོང་ལྗོངས་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་དོན་ཨུ་ལྷན་ལ་ཧྲུའུ་ཅི་1ཡོད་པ་དེ་དམངས་སྲིད་ལས་དོན་དོ་དམ་གནང་མཁན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པས་འགན་གཅིག་ལྕོགས་བཞེས་པ་དང་། རྒྱུན་ལས་ཧྲུའུ་ཅི་གཞོན་པ་1ཡོད་པ་དེ་ལྗོངས་དམངས་སྲིད་ཐིང་ཏང་ཙུའི་ཧྲུའུ་ཅིས་འགན་གཅིག་ལྕོགས་བཞེས་པ། ཧྲུའུ་ཅི་གཞོན་པ་2ཡོད་པ་དེ་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་དང་ལྗོངས་དམངས་སྲིད་ཐིང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་འགན་གཅིག་ལྕོགས་བཞེས་པ། ཨུ་ཡོན་12ཡོད་པ་དེ་དག་ལྗོངས་ཁྲིམས་འཛིན་ཐིང་དང་། ནོར་སྲིད་ཐིང་། ཚོང་དོན་ཐིང་། རིག་གནས་ཐིང་། འཕྲོད་བསྟེན་ཐིང་། ཕྱི་དོན་དོན་གཅོད་ཁང་། ལུས་རྩལ་ཅུས། རིག་རྩལ་ལྷན་ཚོགས། བཟོ་ཚོང་ལྷན་ཚོགས། ཚན་རིག་མཐུན་ཚོགས། སྤྱི་ཚོགས་ཚན་རིག་ཁང་དང་དེ་བཞིན་རང་སྐྱོང་ལྗོངས་དམངས་ཁྲོད་རྩ་འཛུགས་དོ་དམ་ཅུས་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་འགན་གཅིག་ལྕོགས་བཞེས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།