དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • སྟག་རྩེ་རྫོང་གི་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་བཀྲག་མདངས་འཚེར་ས་མང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        སྟག་རྩེ་རྫོང་ཨུད་ཀྱིས་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱེད་ཅིང་། འདི་ལོ་ཤར་ཚུན་དུས་བབ་གསར་པའི་འོག་གི་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་ཧྲིལ་པོ་ཁྱོན་ཡོངས་ནས་མཐོ་རུ་གཏོང་ཆེད་རྫོང་དེས “ཕྱོགས་གཅིག་ནས་འཛུགས་སྐྱོང་ལས་དོན་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་མཐོར་གཏོང་ལས་དོན་དམ་འཛིན་བྱ་རྒྱུའི ”འབྲེལ་ཡོད་དམིགས་ཚད་གཞིར་བཟུང་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་གི་བརྗོད་བྱ་གཙོ་བོ་མཆོག་ཏུ་འཛིན་པ་དང་ཏང་འཛུགས་སྐྱོང་ལས་དོན་སྤེལ་སྟངས་གསར་པ་འཚོལ་ཞིབ་བྱས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་བཀྲག་མདངས་འཚེར་ས་མང་བའི་རྣམ་པ་གསར་པ་ཞིག་བཏོད་ཡོད་པ་རེད།

        “ཡོད་པ་དྲུག ”གི་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལས་དོན་ཤུགས་ཆེན་སྤེལ་ཞིང་། སྟག་རྩེ་རྫོང་གིས་དཔུང་ཁག་ཡོད་པ (སྐུལ་འདེད་དང་འཕེལ་རྒྱས་གཏོང་ཐུབ་པའི་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་ཏང་ཡོན་དཔུང་ཁག་སྟོབས་ཆེན་ཞིག་ཡོད་པ )དང་། གཡུལ་ས་ཡོད་པ (ཚད་ལྡན་ཅན་གྱི་དྲིལ་བསྒྲགས་བྱེད་སྒོའི་གཡུལ་ས་ཡོད་པ ) འགན་ལེན་ཡོད་པ (ལས་ཀའི་དགོས་མཁོ་སྐོང་བའི་མི་སྣ་དང་གྲོན་དངུལ་འགན་ལེན་ཡོད་པ ) ལམ་ལུགས་ཡོད་པ (འཐུས་སྒོ་ཚང་བའི་ཏང་འཛུགས་སྐྱོང་ལས་དོན་གྱི་ལམ་ལུགས་ཡོད་པ ) བྱེད་སྒོ་ཡོད་པ (བསམ་བློའི་རང་བཞིན་དང་སློབགསོའི་རང་བཞིན་མཚོན་པའི་ཏང་ནང་ཁུལ་གྱི་བྱེད་སྒོ་ཡོད་པ ) བྱས་རྗེས་ཡོད་པ (ཁེ་ལས་ཞི་མཐུན་གྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ལས་ཀའི་བྱས་རྗེས་ཡོད་པ )བཅས་ནང་དོན་གཙོ་བོར་བྱས་པའི “ཡོད་པ་དྲུག ”གི་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལས་དོན་སྤེལ་ཡོད་པ་རེད། དམིགས་ཚད་ལས་འགན་དེ་གཞིར་བཟུང “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་སྟག་རྩེ་རྫོང་གིས་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་ཏང་རྩ་འཛུགས་མང་ཆེ་བ “ཡོད་པ་དྲུག ”གི་ཚད་ལྡན་ཅན་གྱི་ཚད་གཞིར་སླེབས་རྒྱུར་བརྩོན་ལེན་བྱ་རྒྱུ་ཡིན་ཞིང་། དེའི་ནང་2013ལོར་50%བརྒལ་བ་དང་། 2014ལོར་70%བརྒལ་བ། 2015ལོར་80%བརྒལ་བ་བཅས་བྱ་རྒྱུ་ཡིན་པ་རེད།

        རྩ་འཛུགས “གསར་པ་གཉིས ”ཀྱི་ཏང་འཛུགས་སྐྱོང་ལས་དོན་སྔར་བས་ཡག་པོ་སྤེལ་ཞིང་། རྩ་འཛུགས “གསར་པ་གཉིས ”ཞེས་པ་ནི་དཔལ་འབྱོར་རྩ་འཛུགས་གསར་པ་དང་སྤྱི་ཚོགས་རྩ་འཛུགས་གསར་པ་གཉིས་ཀྱི་བསྡུས་མིང་ཡིན་པ་རེད། སྟག་རྩེ་རྫོང་ཨུད་ཀྱིས 《སྟག་རྩེ་རྫོང་གི་དཔལ་འབྱོར་རྩ་འཛུགས་གསར་པའི་ཏང་གི་ལས་དོན་མཛུབ་ཁྲིད (འབྲེལ་གཏུག )པའི་ལག་བསྟར་བྱ་ཐབས 》(ཚོད་ལྟའི་ལག་ལེན )གཏན་ལ་ཕབ་པ་དང་འབྲེལ 《རྩ་འཛུགས “གསར་པ་གཉིས ”ཀྱི་ཏང་འཛུགས་སྐྱོང་ལས་དོན་སྐོར་གྱི་ཤེས་བྱ 》པར་འགྲེམས་བྱས་པ་མ་ཟད། ད་དུང “མཐིལ་རྟོགས་གསལ་པོ་གཅིག་བྱ་རྒྱུ་དང་། ལམ་སྲོལ་ཆ་ཚང་གཉིས་འཛུགས་རྒྱུ། འགག་རྩ་གསུམ་དམ་པོར་བཟུང་རྒྱུ། གཙོ་གནད་བཞི་ཁོང་དུ་ཆུད་པ་བྱ་རྒྱུ། མངོན་འགྱུར་ལྔ་དམིགས་སར་འབྱོར་བ་བྱ་རྒྱུ ”བཅས་སྤྱིའི་བསམ་ཕྱོགས་སུ་བྱས་ཏེ་རྩ་འཛུགས “གསར་པ་གཉིས ”ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་སྔར་ལས་ལྷག་པ་བཏང་ཡོད་པ་རེད། རྩ་འཛུགས “གསར་པ་གཉིས ”ཀྱི་རྩ་བའི་གནས་ཚུལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བྱས་པ་དང་ཀྲི་པུའུ་དང་ལྷག་པར་དུ་རྩ་འཛུགས “གསར་པ་གཉིས ”ཀྱི་ཁེ་ལས་ཆེ་གྲས་འཛུགས་ཤུགས་ཆེ་རུ་བཏང་སྟེ་གནད་སྨིན་འཐུས་ཚང་གཅིག་བྱུང་ན་གཅིག་འཛུགས་པ་དང་གཅིག་བཙུགས་ན་གཅིག་སྲ་བརྟན་དུ་གཏོང་ཐུབ་པ་བྱས་པ་དང་། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཏང་ཡོན་ཡོངས་བཤེར་ཐོ་འགོད་དང་ཐོབ་ཐང་ངོས་འཛིན་ངེས་གཏན་གྱི་ལས་དོན་མུ་མཐུད་སྤེལ་བ་དང “བཙལ་འཚོལ་གཉིས ”(ཏང་གི་རྩ་འཛུགས་ཀྱིས་ཏང་ཡོན་བཙལ་འཚོལ་བྱེད་པ་དང་ཏང་ཡོན་གྱིས་རྩ་འཛུགས་བཙལ་འཚོལ་བྱེད་པ )ཀྱི་བྱེད་ཐབས་དོན་འཁྱོལ་བྱས་པ། ཏང་ཡོན་ལ་སློབ་གསོ་གཏོང་རྒྱུ་དང་དོ་དམ་བྱ་རྒྱུའི་བྱེད་སྟངས་གསར་པ་དང་ལམ་སྲོལ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པ་དང་སྒྲིག་སྲོལ་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་བཏང་ནས་ཕྱོགས་མི་ཏང་ཡོན་ལ་སློབ་གསོ་གཏོང་རྒྱུ་དང་དོ་དམ་བྱ་རྒྱུ་ཚན་རིག་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་སུ་འགྱུར་བ་བྱས་པ། ཏང་རྩ་འཛུགས་ཀྱི་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་དམག་འཐབ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ། རྩ་འཛུགས “གསར་པ་གཉིས ”དང་ཁེ་ལས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི “ཏང་འཛུགས་སྐྱོང་གི་དཔེ་སྟོན་ཁེ་ལས ”འཛུགས་གཏོད་ཧུར་ཐག་བྱས་ནས་རྩ་འཛུགས “གསར་པ་གཉིས ”ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་བརྟན་དུ་དང་མཐོ་རུ་བཏང་ཡོད་པ་རེད།

        གཞི་ཁྱོན་ལྡན་པ་ཡན་གྱི་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལས་དོན་དམ་འཛིན་ཡག་པོ་བྱས་ཤིང་། རྫོང་ཨུད་རྩ་འཛུགས་པུས་སྣེ་འཁྲིད་པ་དང་བཟོ་ལས་གླིང་དང་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། བཟོ་ཚོང་ཅུས་སོགས་སྡེ་ཚན་གྱིས་རོགས་ལས་དང་གཞོགས་འདེགས་བྱས་ཏེ་སྟག་རྩེ་རྫོང་ཁོངས་ཀྱི་གཞི་ཁྱོན་ལྡན་པ་ཡན་གྱི་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ལ་བརྟག་ཞིབ་བྱས་ནས་རྫོང་ཁོངས་ཀྱི་གཞི་ཁྱོན་ལྡན་པ་ཡན་གྱི་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ལ་ཁྱབ་ཚུལ་དང་། གཞི་ཁྱོན་དངོས། འཕེལ་རྒྱས་འགྲོ་ཚུལ། དེ་བཞིན་ཏང་རྩ་འཛུགས་དང་ཏང་ཡོན་དཔུང་ཁག་གི་གནས་ཚུལ་བཅས་མཐིལ་རྟོགས་བྱས་པ་རེད། ལས་འགན་ཁ་གསལ་དང་འགན་འཁྲི་དོན་འཁྱོལ་བྱས་ཤིང་། གཞི་རྩའི་གནས་ཚུལ་མཐིལ་རྟོགས་བྱས་པའི་རྨང་གཞིའི་ཐོག་གཞི་ཁྱོན་ལྡན་པ་ཡན་གྱི་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་མི་རེ་ངོ་རེར་ཏང་རྩ་འཛུགས་ཁེར་རྐྱང་དུ་འཛུགས་རྒྱུའི་དུས་ཚོད་གཏན་འཁེལ་བྱས་པ་དང་། ལོ་འཁོར་གྱི་དམིགས་ཚད་ལས་འགན་ཁ་གསལ་བཟོས་པ། འཛུགས་སྐྱོང་ལས་དོན་གྱི་གཙོ་འགན་འཁུར་མཁན་དང་འགན་འཁྲི་བ་དོན་འཁྱོལ་བྱས་པ། ལོ་འཁོར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་དམིགས་ཚད་དོ་དམ་འགན་འཁྲིའི་ལམ་ལུགས་ཞིབ་དཔྱད་ནང་བཅུག་ནས་འཛུགས་སྐྱོང་ལས་དོན་གོ་རིམ་གཞིར་བཟུང་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་ཡོད་པ་རེད། བྱེད་ཐབས་སྣ་ཚོགས་སྤྱད་དེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་། གཞི་ཁྱོན་ལྡན་པ་ཡན་གྱི་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལས་དོན་ལ་སྤྱིར་ན་རྒྱ་འབོར་ཆེ་བ་དང་། ཏང་གི་སྟོབས་ཤུགས་ཆུང་བ། དོ་བདག་གིས་བསམ་ཤེས་མི་བྱེད་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། ཁྱད་ཆོས་དེ་དག་གཞིར་བཟུང་སྟག་རྩེ་རྫོང་གིས་ཁྲིད་སྟོན་བྱ་ཐབས་དང་། མཉམ་འགུལ་བྱ་ཐབས། ལྕག་སྐུལ་བྱ་ཐབས་སོགས་བྱ་ཐབས་སྣ་ཚོགས་སྤྱད་དེ་ཏང་རྩ་འཛུགས་འཛུགས་སྐྱོང་ཤུགས་ཆེན་བྱས་པ་དང་ཏང་རྩ་འཛུགས་ཁེར་རྐྱང་དུ་འཛུགས་སྐྱོང་བྱེད་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།