དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཆབ་མདོ་ས་ཁུལ་གྱིས་སྤྱི་དབང་མིན་པའི་དཔལ་འབྱོར་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ཤུགས་ཆེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོ་གཏིང་ཟབ་སྤེལ།

        ད་ཕན་ལོ་ཤས་རིང་ཆབ་མདོ་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་མཐའ་འཁྱོངས་བྱ་རྒྱུ་དེ་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་དུ་བརྩི་བ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་བྱེད་སྒོ་དང་སྔོན་གཏོད་ལེགས་བརྩོན་བྱེད་སྒོ་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུ་སྒུལ་ཤུགས་སུ་བརྩི་བ། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། ཕྱོགས་གཅིག་ནས་རྩ་འཛུགས་འཛུགས་སྐྱོང་ལ་དམ་འཛིན་དང་། ཕྱོགས་གཞན་ཞིག་ནས་ནུས་པ་འདོན་སྤེལ་བྱ་རྒྱུ་དམ་འཛིན་བྱེད་པ། རྩ་འཛུགས་འཛུགས་སྐྱོང་དང་། དཔུང་ཁག་འཛུགས་སྐྱོང་། ལམ་སྲོལ་འཛུགས་སྐྱོང་། གཞི་རྟེན་འཛུགས་སྐྱོང་བཅས་ཀྱི་ཐད་ཤུགས་སྣོན་རྒྱག་པ། ཏང་རྩ་འཛུགས་ཀྱིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་ཁྲོད་ནུས་པ་འདོན་སྤེལ་བྱས་པའི་ཉམས་མྱོང་འཚོལ་ཞིབ་དང་ཕྱོགས་སྡོམ་བྱེད་པ་བཅས་བྱས་པས་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད།

        མིག་སྔར་ཆབ་མདོ་ས་ཁུལ་གྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལ་ཚོགས་ཞུགས་ཁེ་ལས་30ཡོད་པ་དང་སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་ཀྲི་པུའུ་2བཙུགས་པར་ཏང་ཡོན་51ཡོད་པ་དང་། སྒེར་གཉེར་པ་15ཡིས་ཏང་རྩ་འཛུགས་ལ་ཏང་ཞུགས་རེ་འདུན་ཞུ་ཡིག་བསྐྱལ་བ་དེའི་ནང་མི་8ཏང་ཞུགས་ཧུར་བརྩོན་ཅན་ལ་ཆོག་མཆན་སྤྲད་ཡོད།

        རྩ་འཛུགས་འཛུགས་སྐྱོང་ལ་དམ་འཛིན་བྱས་ཏེ་སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཁྱབ་རྒྱ་ཟམ་མི་ཆད་པར་ཆེ་རུ་བཏང་ཞིང་། “ཁེ་ལས་ཀྱི་དགོས་མཁོ་དང་། ཏང་ཡོན་གྱི་དགའ་བསུ་ཐོབ་པ། ལས་མིའི་བརྩི་བཀུར་ཐོབ་པ། ཁེ་ལས་ཀྱི་བདག་པོའི་རྒྱབ་སྐྱོར་ཐོབ་པ ”བཅས་ཀྱི་རྩ་དོན་གཞིར་བཟུང་ནུས་ཤུགས་ཡོད་རྒུས་སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་ཡོད།

        གསོ་སྐྱོང་བྱ་རྒྱུར་དམ་འཛིན་བྱས་ཏེ་སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཀྱི་ཏང་ཡོན་ལས་དོན་པ་དང་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཅིང་། ལས་དོན་ཁྲོད་ཆབ་མདོ་ས་ཁུལ་གྱིས་བྱ་ཐབས་ནུས་ལྡན་སྤྱད་དེ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། གོ་རིམ་ཚད་ལྡན་བཟོ་བ། དོ་དམ་ནན་པོ་བྱེད་པ་སོགས་ཀྱི་ཐད་ནས་འགོ་བཙུགས་ཏེ་སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཀྱི་ཏང་ཡོན་ལས་དོན་པ་དང་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད།

        བྱེད་སྒོར་དམ་འཛིན་བྱས་ཏེ་སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཀྱིས་ཁེ་ལས་འཕེལ་རྒྱས་ལ་ཞབས་ཞུ་བྱེད་ཤུགས་ཆེ་རུ་བཏང་ཞིང་། སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས་ཀྱི་ཁྱད་ཆོས་གཞིར་བཟུང་ཆབ་མདོ་ས་ཁུལ་གྱིས་སྔོན་གཏོད་ལེགས་བརྩོན་བྱེད་སྒོའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ས་ཁུལ་ཡོངས་སུ་སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས་ཁྲོད་ཏང་འཛུགས་སྐྱོང་ཆེ་བ་དང་། འཕེལ་རྒྱས་ཆེ་བ། ཐོན་སྐྱེད་གཉེར་སྐྱོང་ཡག་པ། ཁེ་ལས་ཀྱི་རིག་གནས་ཡག་པ། ངལ་རྩོལ་འབྲེལ་བ་ཡག་པ། ཏང་རྩ་འཛུགས་ཀྱི་ཚན་ཁག་ཡག་པ། ཏང་ཡོན་དཔུང་ཁག་ཡག་པ། སྤྱི་ཚོགས་ཀྱི་གདེང་འཇོག་ཡག་པ་བཅས་ནང་དོན་གཙོ་བོར་བྱས་པའི “ཆེ་བ་གཉིས་དང་ཡག་པ་དྲུག ”གི་ཏང་རྩ་འཛུགས་གསར་གཏོད་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཡོད། དུས་མཚུངས་ཆབ་མདོ་ས་ཁུལ་གྱིས་ད་དུང་སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་རྩ་འཛུགས་གནས་ཡུལ་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་རྩ་འཛུགས་གནས་ཡུལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་དང་། “ཁོངས་གཏོགས་གཙོ་བོར་བྱེད་པ་དང་། ཁོངས་གཏོགས་ལས་སྒོ་ཞོར་དུ་གཉེར་བ། འགོ་ཁྲིད་མ་ལག་དང་ལས་རིགས་ཟུང་འབྲེལ། རིམ་པ་དང་རིགས་དབྱེ་བ ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་ཏང་རྩ་འཛུགས་ཀྱི་དོ་དམ་འབྲེལ་བ་ལུགས་མཐུན་གཏན་འཁེལ་བྱས་ནས་དོ་དམ་ནུས་ལྡན་ཡོང་བ་དང་ལས་དོན་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།