ཉེ་བའི་ལོ་ཤས་ནང་གྲོང་ཁྱེར་གཞི་གཅིག་ཅན་གྱི་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བ་དང་བསྟུན་ཏེ། ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་ཡིན་པའི་ཁྲེང་ཀོན་ཆུས་ཀྱིས་གཞི་རིམ་ཏང་རྩ་འཛུཌ་འཛུཌ་སྐྲུན་བྱེད་པའི་གཙོ་གནད་གཞི་རིམ་ལ་ཕྱོགས་ཤིང་། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་ནམ་གཞི་རིམ་ཏང་འཛུཌ་སྐྱོང་ལོའི་བྱེད་སྒོ་གཞི་རྟེན་དུ་བྱེད་པ་དང་། སྒྱུར་བཅོས་དང་གསར་གཏོད་འགུལ་ཤུགས་སུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་གཞི་རིམ་གྱི་སྲིད་སྐྱོང་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བས། ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བརྟན་ལྷིང་ལ་ཁྲིད་སྟོན་ནུས་ལྡན་བྱུང་ཡོད་པ་རེད།
སློབ་གསོར་ཤུགས་སྣོན་བརྒྱབ་ནས་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་བཏང་བ།
ཁྲེང་ཀོན་ཆུས་ཨུད་ཀྱིས་སྔ་ཕྱི་བར་གསུམ་དུ་ཁྲེང་ཀོན་ཆུས་ཀྱི་དོན་དངོས་ལ་གཞི་བཙུགས་པ་དང་། ཏང་གི་བསམ་བློ་ཆབ་སྲིད་འཛུགས་སྐྲུན་བྱ་རྒྱུ་དེ་ལས་དོན་ཁག་ལ་བཀོད་བསྡོམས་དང་མཛུབ་སྟོན་བྱེད་པའི “རྣམ་ཤེས ”སུ་བརྩིས་ནས། སྔ་རྗེས་སུ་རྒྱ་ཆེའི་ཏང་ཡོན་གྱི་ཁྲོད་དུ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། སྔོན་གཏོད་ལེགས་བརྩོན། གཞི་རིམ་ཏང་འཛུགས་སྐྱོང་ལོ་སོགས་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་རྒྱུན་མཐུད་ངང་སྤེལ་བར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་པ་རེད།
ཁྲེང་ཀོན་ཆུས་ཀྱིས་གཞི་རིམ་དང་བརྟན་ལྷིང་གི་འཐབ་ས་མདུན་མར་ཡུན་རིང་འབད་བརྩོན་ཆེན་པོས་ལས་དོན་སྒྲུབ་མཁན་ཕུལ་བྱུང་ལས་བྱེད་པ་ཤང་ཏང་ཨུད་འགོ་ཁྲིད་ཀྱི་ལས་གནས་ཐོག་འདེམས་བསྐོ་དང་། ལྷ་ས་གྲོང་ཨུད་ཀྱིས་གཤམ་གཏོང་བྱས་པའི་གཞོན་ནུ་ཕུལ་བྱུང་ལས་བྱེད་པ་15ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་པས། ཏང་གི་ལས་བྱེད་པའི་ལམ་ཕྱོགས་དང་མི་སྣ་བཀོལ་སྤྱོད་ཀྱི་ཁྲིད་ཕྱོགས་མངོན་གསལ་དོད་པོས་མངོན་པར་བྱས་ཡོད། ནན་ཏན་ངང 《ཏང་ཡོན་འཕེལ་རྒྱས་གཏོང་བའི་འཆར་འགོད 》དོན་འཁྱོལ་བྱས་ཏེ། དུས་བཀག་ལྟར་ཏང་ཞུགས་ཧུར་བརྩོན་ཅན་དང་གྲ་སྒྲིག་ཏང་ཡོན་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་། ནན་ཏན་ངང “གཅིག་ནས་འོས་སྦྱོར་དང་། གཉིས་ནས་འདེམས་བསྐོ། གསུམ་ནས་སྐྱེལ་བ། བཞི་ནས་འགན་ལེན ”བྱེད་ཐབས་སྤྱད་ནས་ཏང་ཡོན་འཕེལ་རྒྱས་བཏང་ཞིང་། བསྐྲུན་ཟིན་པའི་གྲོང་གསེབ་ཀྱི་དེང་རབས་རྒྱང་ཁྲིད་སློབ་གསོའི་མཐའ་སྣེའི་ས་ཚིགས་42ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་གྲོང་གསེབ་ཏང་ཡོན་ལས་བྱེད་པའི་དེང་རབས་རྒྱང་ཁྲིད་སློབ་གསོ་དེ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་གཞི་ཁྱོན་ཆེན་པོས་གསོ་སྦྱོང་བྱེད་པའི་སྟེགས་བུ་གཙོ་བོར་བརྩིས་ཏེ། རིམ་པ་དབྱེ་བ་དང་ཕན་ནུས་གལ་ཆེར་འཛིན་པའི་གསོ་སྦྱོང་གི་རྣམ་པ་ཞིག་བསྐྲུན་སྟབས། ཏང་ཡོན་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ཀྱི་དགའ་བསུ་རྒྱ་ཁྱབ་ངང་ཐོབ་ནས། ཁྲེང་ཀོན་ཆུས་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་ཏང་ཡོན་གྱི་དཔུང་ཁག་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།
མི་རྩ་བར་འཛིན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
ཁྲེང་ཀོན་ཆུས་ཀྱིས་སྔ་ཕྱི་བར་གསུམ་དུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་བཏོན་པའི “ལྟེ་བའི་གྲོང་ཁྱེར་གྱི་གྲལ་འགོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས ”པའི་བླང་བྱ་སྤྱིའམ་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷས་བཏོན་པའི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་བཅོས། སྤྱི་ཚོགས་དོ་དམ་གསར་གཏོད་བཅས་ཀྱི་སྣེ་ཁྲིད་དམག་མིར་བརྩོན་ལེན་བྱེད་དགོས ”པའི་ལས་དོན་གྱི་བླང་བྱར་གཞིགས་ནས་དམངས་འཚོ་ལེགས་བཅོས་དང་འགན་སྲུང་ལ་གཞི་བཙུགས་ཏེ། འབད་བརྩོན་ཆེན་པོས་ཁྲེང་ཀོན་ཆུས་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་པ་རེད།
ཤེས་རྟོགས་བྱས་པར་གཞིགས་ན། 2009ལོ་ནས་2011ལོའི་བར་ཁྲེང་ཀོན་ཆུས་ལ་བསྟུད་མར་ལྷ་སའི་ལོ་མཇུག་དམིགས་ཚད་ཕྱོགས་བསྡུས་དཔྱད་ཞིབ་ཨང་དང་པོ་ཐོབ་ཡོད་པ་རེད། 2011ལོར་ཁྲེང་ཀོན་ཆུས་ཀྱིས་ཁྱོན་ས་གནས་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་45.32ལེགས་གྲུབ་བྱས་ནས། དུས་མཚུངས་ལས་16.34%འཕར་བ་དང་། མི་རེའི་ཆ་སྙོམས་GDP(རྒྱལ་དམངས་དཔལ་འབྱོར )སྒོར་45650ཟིན་་་་་ནས། དུས་མཚུངས་ལས་16.11%འཕར་བ། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་3གྱི་འགག་སྒོ་ལས་བརྒལ་ཏེ། སྒོར་དུང་ཕྱུར་3.7ཟིན་ནས། དུས་མཚུངས་ལས་34%འཕར་བ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར་27.15ཟིན་ནས། དུས་མཚུངས་ལས་21.31%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་འགོ་བཤའ་རུང་བའི་ཡོང་འབབ་སྒོར་18140ཟིན་ནས། དུས་མཚུངས་ལས་7.55%འཕར་བ། ཞིང་འབྲོག་མི་དམངས་ཀྱི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་7890ཟིན་ནས། དུས་མཚུངས་ལས་16.17%འཕར་ཡོད། 2011ལོར་ཁྲེང་ཀོན་ཆུས་ཀྱིས་དམངས་འཚོ་དང་སྤྱི་ཚོགས་བྱ་གཞག་གི་རྣམ་གྲངས་ལ་བཏང་བའི་མ་དངུལ་སྒོར་དུང་ཕྱུར་2.95ཟིན་ནས། དུས་མཚུངས་ལས་32.88%འཕར་ཏེ། གཏོང་སྒོ་སྤྱིའི་37.82%ཟིན་ཡོད།
དེ་དང་དུས་མཚུངས་ཁྲེང་ཀོན་ཆུས་ཀྱི་འགོ་ཁྲིད་ལས་བྱེད་པས་སྔ་ཕྱི་བར་གསུམ་དུ་བརྟན་ལྷིང་ནི་ལས་འགན་ཨང་དང་པོ་དང་ངེས་པར་སྒྲུབ་དགོས་པའི་ལས་འགན་ཡིན་པ་སེམས་ལ་བརྟན་པོར་ངེས་ཤིང་། སྔ་ཕྱི་བར་གསུམ་དུ “གཙོ་གནད་གཤམ་སྒྱུར་དང་། འགག་སྒོ་མདུན་སྤོ ”བྱ་རྒྱུར་རྒྱུན་འཁྱོངས་ཀྱིས་ནོར་ཤུགས་ཐད་གྲངས་ཚང་འགན་སྲུང་དང་། དངོས་ཤུགས་ཐད་སྔོན་ལ་དོན་འཁྱོལ། མི་ཤུགས་ཐད་ཁོངས་མི་ཡོངས་རྫོགས་གནས་སུ་སླེབས་པ་བྱས་ཏེ། ལོ་5ཚུན་དུ་བརྟན་ལྷིང་དང་འབྲེལ་བ་ཡོད་པའམ། སྤྱི་བདེའམ། མེ་ཟོན་སོགས་ལ་ཁྱོན་གྲོན་དངུལ་སྒོར་དུང་ཕྱུར་2.18བཏང་ཞིང་། ད་ལོ་མ་དངུལ་སྒོར་ཁྲི་1265.13བཏང་ཟིན་པ་རེད།
སྒྱུར་བཅོས་གསར་གཏོད་ཀྱིས་དོ་དམ་བྱ་ཐབས་འཚོལ་ཞིབ་བྱས་པ།
ཁྲེང་ཀོན་ཆུས་ཀྱིས་སྔ་ཕྱི་བར་གསུམ་དུ “ལམ་སྲོལ་གསར་གཏོད་དང་། དཔུང་ཁག་གསར་གཏོད། འགན་ནུས་གསར་གཏོད། སྲིད་ཇུས་གསར་གཏོད ”བཅས་ཀྱི་བླང་བྱ་གསར་པར་ཚད་མཐོའི་མཐོང་ཆེན་གྱིས་སྡེ་ཁུལ་དྲ་བ་ཅན་གྱི་དོ་དམ་ཚོད་ལྟའི་ལས་དོན་ལ་སྐུལ་སྤེལ་གཏོང་རྒྱུ་གོ་སྐབས་སུ་བཟུང་ནས། སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པའི་བྱ་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཡོད་པ་རེད།
ཁྲེང་ཀོན་ཆུས་ཆུས་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་རྩ་འཛུགས་པུའི་པུའུ་ཀྲང་ཧྲེན་ཕེང་ལིས་ངོ་སྤྲོད་བྱས་པར་གཞིགས་ན། ཧུར་བརྩོན་ཆེན་པོས་དྲ་བ་ཅན་གྱི་སྤྱི་ཚོགས་ཞབས་ཞུའི་དོ་དམ་མ་ལག་སྐྲུན་ཆེད། ཁྲེང་ཀོན་ཆུས་ཀྱིས་བར་སྐོར་ཁྲོམ་གཞུང་དང་། གྲྭ་བཞི་ཁྲོམ་གཞུང་། ཚལ་གུང་ཐང་ཤང་། ཆུ་བཟང་རི་ཁྲོད་བཅས་དྲ་བ་ཅན་གྱི་སྤྱི་ཚོགས་ཞབས་ཞུའི་དོ་དམ་ཚོད་ལྟའི་ཚན་པར་བྱས་ཐོག ཚོད་ལྟའི་ཚན་པར་ཚོད་ལྟའི་ལས་དོན་གྱི་གྲོན་དངུལ་སྒོར་ཁྲི་245བཀོད་སྒྲིག་བྱས་ཡོད་པ་རེད།
ལས་དོན་རུ་ཁག་ཁག་གིས་ད་ཡོད་སྲིད་འཛིན་དོ་དམ་སྒྲིག་སྲོལ་དང་ཟུང་འབྲེལ་བྱས་ཏེ། “རིམ་གསུམ་སྟེཌ་བུ་དང་རིམ་བཞིའི་དོ་དམ ”གྱི་སྒྲོམ་གཞིའི་མ་ལག་གཞིར་བཟུང་། ཞིབ་ཚགས་ཅན་གྱི་དོ་དམ་དང་མི་གཤིས་ཅན་གྱི་དོ་དམ་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། ཚོད་ལྟའི་གྲོང་ཚོ (སྡེ་ཁུལ )དུ་བརྟག་ཞིབ་ལས་དོན་ཧུར་ཐག་སྤེལ་ཏེ། འབད་བརྩོན་ཆེན་པོས་དྲ་བ་ཅན་གྱི་སྤྱི་ཚོགས་དོ་དམ་ལས་དོན་གྱི་གོ་ཆོད་ལམ་བུ་འཚོལ་ཞིབ་དང་། འབད་བརྩོན་ཆེན་པོས་གཞི་རིམ་བརྟན་ལྷིང་ལ་ཕན་ནུས་ཡུན་རིང་ཐོན་པའི་ལམ་སྲོལ་ཧུར་ཐག་གཏོད་ཡོད་པ་རེད།