དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • རླུང་འཕྲིན་བཪྙན་འཕྲིན་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་གཏིང་ཟབ་སྤེལ།

        ཀྲུང་དབྱང་རྩ་འཛུགས་པུའུ་དང་ལྗོངས་ཏང་ཨུད་ཀྱིས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོ་སྤེལ་རྒྱུ་བཀོད་སྒྲིག་བྱས་ཚུན་རང་སྐྱོང་ལྗོངས་རླུང་འཕྲིན་གློག་བཪྙན་ཅུས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ལས་དོན་ཁག་ཏན་ཏིག་ནུས་ལྡན་གྱི་སྒོ་ནས་སྤེལ་ཡོད།

        རང་སྐྱོང་ལྗོངས་རླུང་འཕྲིན་གློག་བཪྙན་ཅུས་ཀྱིས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོ་སྤེལ་རྒྱུ་དེ་ལོ་ཧྲིལ་པོའི་ལས་དོན་གྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་རླུང་འཕྲིན་གློག་བཪྙན་ཅུས་ཀྱི “ཚན་ཁག་ལ་དམ་འཛིན་བྱས་ནས་དཔུང་ཁག་སྟོབས་ཆེར་གཏོང་རྒྱུ་དང་། དྲིལ་བསྒྲགས་ལ་དམ་འཛིན་བྱས་ནས་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ། ལམ་ལུགས་ལ་དམ་འཛིན་བྱས་ནས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ ”བཅས་ཀྱི་དམིགས་ཚད་ལས་འགན་དང་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་དང་དུས་གཅིག་ཏུ་བཀོད་སྒྲིག་དང་དུས་གཅིག་ཏུ་དོན་འཁྱོལ་བྱས་ཡོད་པ་རེད། དེ་དང་ཕྱོགས་མཚུངས་སུ་ཅུས་ཏང་ཨུད་ཀྱི་འགོ་ཁྲིད་གཙོ་བོས་ཙུའུ་ཀྲང་གནང་བའི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་འགོ་ཁྲིད་ཚོགས་ཆུང་དུས་ཐོག་ཏུ་བཙུགས་པ་དང་། གཞུང་ལས་ཁང་བཙུགས་པ། ཅུས་ཁོངས་གཏོགས་ཀྱི་བྱ་གཞག་ཚན་པ་ཁག་གིས་ཀྱང་དེ་མཚུངས་ཀྱི་ལས་དོན་སྒྲིག་གཞི་བཙུགས་ཡོད། ཅུས་ཏང་ཨུད་ཀྱིས་དེ་མ་ཉིད་དུ་སྐུལ་སློང་ཚོགས་ཆེན་འཚོགས་ཏེ་བྱེད་སྒོའི་ཇུས་གཞི་བཏིང་བ་དང་མི་སྣ་ཧྲག་པོ་ཟུར་འཐེན་བྱས་ཏེ་ལས་དོན་དེའི་འགན་ཆེད་མངགས་ཁུར་བཅུག་པ་མ་ཟད་ད་དུང་དགོས་ངེས་འགྲོ་གྲོན་ཡང་བཏང་ཡོད།

        གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོ་སྤེལ་ཚུན་རང་སྐྱོང་ལྗོངས་རླུང་འཕྲིན་བཪྙན་འཕྲིན་ཅུས་ཀྱིས “བརྟག་དཔྱད་མཐིལ་རྟོགས་དང་རིགས་ཕྱེ་རིམ་དབྱེ ”དང་། “རྩ་འཛུགས་འཐུས་ཚང་དང་ཁྱབ་རྒྱ་ཆེར་གཏོང ”“བཅོས་སྒྲིག་མཐོར་གཏོང་དང་གནས་འགྲིལ་རིམ་སྤོར ”སོགས་ཀྱི་དུས་མཚམས་རང་བཞིན་གྱི་ལས་འགན་གཞིར་བཟུང་བྱེད་སྒོའི་གྲོན་དངུལ་སྒོར་ཁྲི་12སྔ་རྗེས་སུ་དོན་འཁྱོལ་བྱས་ཏེ་ཅུས་ཁོངས་གཏོགས་ཀྱི་ཀྲི་པུའུ་ཁག་གི་གཞི་རྩའི་གནས་ཚུལ་སྔར་བས་གསལ་རྟོགས་བྱས་པ་དང “ཚོགས་འདུ་གསུམ་དང་སློབ་ཚན་གཅིག ”དང་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཡོད། ཏང་ཡོན་དམངས་གཙོས་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་ད་ལྟ་ཅུས་དེ་ཡོངས་སུ་ཏང་ཀྲི་པུའུ་29ཡོད་པའི་ནང་ནས་སྔོན་ཐོན་ཏང་ཀྲི་པུའུ་4འདེམས་སྒྲུག་བརྒྱབ་པ་དང་འབྲེལ་ལས་ཀའི་དགོས་མཁོ་གཞིར་བཟུང་དྲ་རྒྱའི་བརྒྱུད་གཏོང་ལྟེ་གནས་ཀྱི་ཏང་ཀྲི་པུའུ་གཉིས་པ་དང་ལྟ་ཉན་ལྟེ་གནས་ཀྱི་ཏང་ཀྲི་པུའུ་གཉིས་གསར་དུ་བཙུགས་ཏེ་རྩ་འཛུགས་ཡོངས་སུ་ཁྱབ་པ་བྱས་ནས་དུས་མཚམས་རང་བཞིན་གྱི་ལས་འགན་ལེགས་པར་བསྒྲུབས་ཡོད། ལས་དོན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ཅུས་ཏང་ཨུད་ཀྱིས་ཅུས་ཀྱི་འགོ་ཁྲིད་པས་རུ་སྣེ་འཁྲིད་པའི་ལས་དོན་ཚོགས་ཆུང་ཐེངས་3རྨང་བརྟན་དམངས་ཕན་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་8དུ་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་བྱ་ཚུལ་ཞིབ་བཤེར་དང་ཁྲིད་སྟོན་བྱེད་པར་བཏང་ཡོད། ལྷ་རི་རྫོང་རྫ་འབི་ཤང་གྲོང་ཚོ་བདུན་པར་བཅའ་སྡོད་རྒྱལ་ཁབ་རླུང་འཕྲིན་གློག་བཪྙན་སྤྱི་ཁྱབ་ཅུས་602ལས་ཁུངས་ཀྱི་ལས་དོན་རུ་ཁག་གིས་བཅའ་སྡོད་གྲོང་ཚོའི་ཏང་ཀྲི་པུའི་རེ་བ་ལྟར་མ་དངུལ་སྒོར་ཁྲི་10བཏང་སྟེ་གྲོང་ཚོ་རིམ་པའི་རླུང་འཕྲིན་ས་ཚིགས་ཤིག་བསྐྲུན་ནས་འབྲོག་པ་ཚོར་ཞོགས་པ་དང་། ཉིང་དགུང་། དགོང་མོ་བཅས་སུ་བོད་ཀྱི་གསར་འགྱུར་མཉམ་བསྒྲགས་སོགས་རླུང་འཕྲིན་ལེ་ཚན་ཉན་རྒྱུ་ཡོང་བ་བྱས་པར་འབྲོག་པ་མང་ཚོགས་ཚོའི་དགའ་བསུ་ཐོབ་ཡོད།

        ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་རླུང་འཕྲིན་གློག་བཪྙན་སྡེ་ཚན་གྱི་འགན་ནུས་འདོན་སྤེལ་བྱ་རྒྱུར་སྣང་ཆེན་བྱས་པ་དང་ཆབས་ཅིག་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་བོད་ལྗོངས་བཪྙན་འཕྲིན་ལས་ཁུངས་སོགས་སྨྱན་སྦྱོར་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ལྗོངས་ཡོངས་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོ་སྤེལ་ཚུལ་ཕྱོགས་ཡོངས་དང་། བརྒྱུད་རིམ་ལྡན་པ། གཏིང་ཟབ་པོ་བཅས་ཀྱི་སྒོ་ནས་འཕྲིན་སྤེལ་བྱས་པ་དང་། བྱེད་སྒོའི་དཔེ་མཚོན་དྲིལ་བསྒྲགས་ཤུགས་ཆེན་བྱས་པ། བྱེད་སྒོའི་འཕེལ་རིམ་དུས་ཐོག་ཏུ་སྟོན་གཏོང་བྱས་པ། ཏང་དང་མི་དམངས་ཀྱི་མགྲིན་ཚབ་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ལྗོངས་ཡོངས་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོར་གླེང་ཕྱོགས་ཀྱི་སྣང་ཚུལ་ཟབ་མོ་ཞིག་བཏོད་ཡོད།

        དེ་དང་ཕྱོགས་མཚུངས་སུ་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོ་གཏིང་ཟབ་སྤེལ་བའི་སྐབས་དང་བསྟུན་ཏེ་རླུང་འཕྲིན་གློག་བཪྙན་བཪྙན་འཕྲིན་བྱ་གཞག་ཁག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང “བོད་ཀྱི་རླུང་འཕྲིན་བཪྙན་འཕྲིན་ནི་གཡུལ་ས་ཡིན་པ་ལས་ཁྲོམ་ར་མིན་པའི ”འདུ་ཤེས་སྔར་བས་ཟབ་ཏུ་བཏང་ཡོད། “འཛུག་གསོ་གལ་ཆེ་མཉམ་འཛིན ”དང “འཛུགས་སྐྱོང་གལ་ཆེ་མཉམ་སྤེལ ”གྱི་རྩ་དོན་མཐའ་འཁྱོངས་ཀྱིས་རླུང་འཕྲིན་བཪྙན་འཕྲིན “གྲོང་ཚོ་ཀུན་ཁྱབ་འདུ་འགོད ”དང་། “དུད་ཚང་ཀུན་ཁྱབ་འདུ་འགོད ”“བོད་ཤིན་འདུ་འགོད ”“གྲོང་གསེབ་ཏུ་གློག་བཪྙན་སྟོན་པའི་འདུ་འགོད ”“རླུང་འཕྲིན་གློག་བཪྙན་དགོན་པར་སྟོན་པའི་འདུ་འགོད ”བཅས་ལག་བསྟར་ཤུགས་ཆེན་བྱས་སྟབས་བོད་ལྗོངས་རླུང་འཕྲིན་གློག་བཪྙན་གྱི་གླེང་ཕྱོགས་ཁྲིད་སྟོན་ནུས་པ་དང་། འཕེལ་རྒྱས་དང་བརྟན་ལྷིང་གི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ། མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ། རང་ངོས་འཕེལ་རྒྱས་ཀྱི་ནུས་པ་བཅས་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད།

        གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་རླུང་འཕྲིན་བཪྙན་འཕྲིན་ཅུས་ཀྱིས་ལྗོངས་ཡོངས་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་བཀོད་སྒྲིག་ལྟར་དུས་མཚམས་ཁག་གི་ལས་འགན་ཁག་ནན་ཏན་ངང་ལེགས་པར་བསྒྲུབ་རྒྱུ་དང་འབྲེལ་ད་རེས་ཀྱི་བྱེད་སྒོ་དེ་ཡག་པོ་ཞིག་སྤེལ་རྒྱུ་གོ་སྐབས་སུ་བྱས་ཏེ་བོད་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་རིང་བློ་མཐུན་ལི་ཁྲང་ཁྲུན་གྱིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་གྲུབ་འབྲས་གཟེངས་སུ་ཐོབ་པའི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།