དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • བོད་ཀྱི་གཞི་རིམ་ཏང་རྩ་འཛུགས་དེ་ཞིང་འབྲོག་པའི་འབབ་འཕར་དང་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  གསར་འགོད་པ་ཀྲང་ཅིང་ཕིང་།   |     སྤེལ་དུས།  2015-05-09

        ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་ཟླ་7ཚེས་3ཉིན་གནས་ཚུལ་འབྱོར་གསལ། ཐག་རིང་གི་རི་བོ་གཅིག་ལ་གཅིག་སྦྲེལ་ཞིང་སྔོ་ལྗང་ནགས་རས་ཡོངས་སུ་ཁེབས་ཡོད། སྤྲིན་གསེབ་ཏུ་གནས་པའི་བོད་བཟོའི་ཁྱིམ་ཚང་མགྲོན་ཁང་60ལྷག་ཙམ་དེ་བཀྲ་ཤིས་སྒང་གྲོང་ཚོའི “དཔག་བསམ་ཤིང ”དུ་འགྱུར་བཞིན་ཡོད། འདི་ནི་བོད་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཞིང་འབྲོག་པ་སྣེ་འཁྲིད་ནས་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་པའི་བསྡུས་གཟུགས་ཤིག་རེད།

        ཉིང་ཁྲིའི་ཀླུ་ནང་རྫོང་ཀླུ་ནང་གྲོང་རྡལ་དུ་གནས་པའི་བཀྲ་ཤིས་སྒང་གྲོང་ཚོས་དེ་སྔོན་དཔལ་འབྱོར་གྱི་ཡོང་འབབ་ཚང་མ་ནགས་ཤིང་གཅོད་པར་བརྟེན་གྱི་ཡོད། གྲོང་ཚོའི་ཏང་ཡོན་ཪྙིང་པ་ཚེ་རིང་གི་སྣེ་ཁྲིད་འོག་གྲོང་ཚོའི་མི་སྔར་ལས་མང་བ་ཞིག་གིས་ཡུལ་སྐོར་གྱི “དཔག་བསམ་ཤིང ”གསོ་སྤེལ་བྱས་ཡོད། 2008ལོར་བོད་རང་སྐྱོང་ལྗོངས་ཀྱིས་ཁྱིམ་ཚང་མགྲོན་ཁང་དེ་དབུལ་སྐྱོར་གྱི་རྣམ་གྲངས་ལ་གཏན་འཁེལ་བྱས་རྗེས། ཁྱིམ་ཚང་མགྲོན་ཁང་གི་གྲངས་ཚད་ཇེ་མང་དུ་ཕྱིན་པ་དང་། གྲོང་ཚོའི་ཏང་རྩ་འཛུགས་ཀྱིས་ཀྱང་ཡུལ་སྐོར་བ་དང་འབྲེལ་བ་ཧུར་ཐག་བྱས་ནས་ཁྱིམ་ཚང་མགྲོན་ཁང་ནང་སྡོད་དུ་འཇུག་གི་ཡོད། 2011ལོར། བཀྲ་ཤིས་སྒང་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་གི་ཆ་སྙོམས་འབབ་འཕར་སྒོར་ཁྲི་4ནས་སྒོར་ཁྲི་6བར་ཟིན་ནས། དབུལ་སྒྲོལ་ཕྱུག་འགྱུར་གྱི་དམིགས་ཚད་ཡོངས་སུ་མངོན་གྱུར་བྱུང་ཡོད།

        “གཞི་རིམ་ཏང་རྩ་འཛུགས་དེ་ནི་དབུལ་སྒྲོལ་ལས་དོན་གྱི་འགན་ལེན་ནུས་ལྡན་ཞིག་ཡིན་པ་དང་། དབུལ་སྒྲོལ་བྱེད་པ་དེ་ཏང་རྩ་འཛུགས་དང་ཁ་འབྲལ་ཐབས་མེད། གཞི་རིམ་ཏང་རྩ་འཛུགས་དང་ཁ་འབྲལ་ན་དབུལ་སྐྱོར་བྱེད་པ་དེ་ཆ་མི་ཚང་བ་ཞིག་ཏུ་གྱུར་བ་རེད ”ཅེས་བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཝང་ཅན་གྱིས་གསུངས་པ་དང་། ཁོང་གིས། བོད་ཀྱི་གཞི་རིམ་ཁྲོམ་རའི་འདུ་ཤེས་བལྟོས་བཅས་ཀྱིས་ཞན་པ་དང་དབུལ་སྐྱོར་ལས་དོན་དེ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བ་མངོན་འགྱུར་བྱ་དགོས་ན། གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་དང་ཁ་འབྲལ་ཐབས་མེད་ཅེས་གསུངས།

        ད་ལོའི་ཟླ་4ཚེས་26ཉིན། བོད་ཀྱིས “སྔོན་གཏོད་ལེགས་བརྩོན་དང་རྨང་གཞི་བརྟན་གཏོང་། དམངས་ལ་ཕན་འདོགས་པ། དབུལ་སྐྱོར་ཞིང་འཕེལ་བཅས་ཡོང་བའི་ཐད་གཏོང་རླངས་འཁོར་གྱི་བྱ་སྤྱོད་འཆར་གཞི ”སྤེལ་བ་དང་། འཆར་འགོད་ལྟར་ན་མ་དངུལ་སྒོར་དུང་ཕྱུར་24བསྡུ་སྒྲིལ་བྱ་རྒྱུ་ཡིན་ཞིང་གཞི་རིམ་ཏང་རྩ་འཛུགས་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་བརྟེན་ཏེ་ས་བབ་བསྟུན་པའི་དབུལ་སྐྱོར་འཆར་འགོད་བཏིང་ནས་མུ་མཐུད་ཞིང་འབྲོག་པའི་འབབ་འཕར་ལ་སྣེ་ཁྲིད་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།

        ཆབ་མདོ་རྫོང་ཐང་སྐུ་གྲོང་ཚོ་ནི་སྔོན་ཆད་སྐད་གྲགས་ཡོད་པའི་དབུལ་པོའི་གྲོང་ཚོ་ཞིག་རེད། 2001ལོར། འཇམ་དབྱངས་ཉི་མ་ཐང་སྐུ་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ལ་བདམས་རྗེས་གྲོང་མིར་སྣེ་འཁྲིད་ནས་ཞིང་འབྲོག་པའི་འཛུགས་སྐྲུན་ཨར་སྐྲུན་རུ་ཁག་སྒྲིག་འཛུགས་བྱས་པ་དང་། མ་ཟད་ཆབ་མདོ་ས་ཁུལ་གཞུང་ལམ་འགྲིམ་འགྲུལ་འཛུགས་སྐྲུན་ནང་ཧུར་ཐག་ཚུགས་ཡོད། དེང་གི་ཆར། ཐང་སྐུ་གྲོང་ཚོའི་ཞིང་འབྲོག་པའི་ཨར་སྐྲུན་རུ་ཁག་དེ་ཁྲོན་བོད་གཞུང་ལམ་གྱི་ལམ་རྒྱུད་དུ་ལས་ཀ་བྱེད་པ་དང་། བོད་ཤར་ཁུལ་གསར་སྤེལ་འཛུགས་སྐྲུན་བྱེད་པའི་ཞིང་འབྲོག་པའི་གཙོ་ཤུགས་དམག་ལ་གྱུར་ཡོད། “དབུལ་སྐྱོར་ཨར་སྐྲུན་རུ་ཁག ”ཏུ་འབོད་པའི་དཔུང་ཁག་དེ་ནི་ཐང་སྐུ་གྲོང་ཚོའི་གྲོང་མིའི་དངུལ་སྨར་ཡོང་ཁུངས་གཙོ་བོར་གྱུར་ཡོད།

        འདི་ལོ་འཇམ་དབྱངས་ཉི་མས་ཨར་སྐྲུན་རུ་ཁག་གི་འཕེལ་རྒྱས་དང་ཟུང་འབྲེལ་གྱིས་རྒྱལ་ཁབ་ཀྱི་མ་འཇོག་དང་གྲོང་མིའི་མ་དངུལ་བསྡུ་སྒྲིལ་བྱས་པ་བརྒྱུད་མ་དངུལ་སྒོར་ཁྲི་400གྲབས་གསོག་ཐུབ་ནས་ས་ཕག་བཟོ་གྲྭ་ཞིག་བཙུགས་ཡོད། “ཏང་རྩ་འཛུགས་ཀྱིས་ཕྱུག་འགྱུར་ཐབས་ལམ་མང་ཙམ་བསམ་བློ་བཏང་ཚེ་གཞི་ནས་གྲོང་ཚོའི་གྲོང་མི་ཡོངས་ཕྱུག་པོ་ཆགས་རྒྱུར་སྣེ་ཁྲིད་ཐུབ ”ཅེས་འཇམ་དབྱངས་ཉི་མས་བཤད།

        འཇམ་དབྱངས་ཉི་མའི་སྣེ་ཁྲིད་འོག་ཐང་སྐུ་གྲོང་ཚོའི་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་འགྲོ་བཞིན་ཡོད་པ་དང་། འདིས་ཐང་སྐུ་གྲོང་ཚོའི་གྲོང་མིས་ཏང་རྩ་འཛུགས་ལ་ཡིད་ཆེས་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་གཅིག་རྗེས་གཉིས་མཐུད་ངང་ཏང་དང་སྡེ་ཚོགས་ཀྱི་རྩ་འཛུགས་ལ་ཁ་ཕྱོགས་ཀྱི་ཡོད། 2012ལོའི་ཟླ་6པའི་བར། ཐང་སྐུ་གྲོང་ཚོའི་ཏང་ཡོན་40ཟིན་པ་དང་གུང་གཞོན་སྡེ་ཚོགས་20ཟིན་གྱི་ཡོད།

        “ཏང་འཛུགས་ཀྱིས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བའི ”དབུལ་སྐྱོར་བསམ་ཕྱོགས་ཀྱི་སྣེ་ཁྲིད་འོག   གཞི་རིམ་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་འོག་བོད་ཀྱིས་ཞིང་ལས་གསར་སྤེལ་ཁུལ་28བསྐྲུན་པ་དང་ཐོན་ལས་རྣམ་གྲངས་100ལྷག་ཙམ་གསོ་སྤེལ་བྱས་པ། ཚད་གཞི་མཐོ་བའི་ཞིང་ར་མུའུ་ཁྲི་40བསྐྲུན་ཡོད། དུས་མཚུངས་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་བགོ་འགྲེམས་གྱི་དབང་ཆ་དེ་གཞི་རིམ་ཏང་རྩ་འཛུགས་ལ་སྤྲད་པས་གཞི་རིམ་ཏང་རྩ་འཛུགས་ཀྱིས་མང་ཚོགས་སྣེ་འཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ནུས་པ་མཐོ་རུ་ཕྱིན་པ་དང་མི་དམངས་མང་ཚོགས་ཁྲོད་ཀྱི་ཏང་རྩ་འཛུགས་ཀྱི་སྐུལ་སློང་ནུས་པ་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།