དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • བོད་ལྗོངས་གློག་ཤུགས་ཀུང་སིས་གུང་ཁྲན་ཏང་ཡོན་གྱི་ཞབས་ཞུ་རུ་ཁག་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉིན་ཤས་གོང་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་གུང་ཁྲན་ཏང་ཡོན་གྱི་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་གུང་ཁྲན་ཏང་ཡོན་གྱི་ཞབས་ཞུ་རུ་ཁག་ལ་དར་ཆ་སྤྲོད་པའི་མཛད་སྒོ་འཚོགས་པ་རེད།

        རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ལིའུ་ཞའོ་མིང་གིས་ད་ཐེངས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་གུང་ཁྲན་ཏང་ཡོན་གྱི་ཞབས་ཞུ་རུ་ཁག་བཙུགས་པ་དེ་ནི་ཀུང་སིའི་ཏང་ཙུའུ་ཡིས་ཀུང་སིའི་ཁོངས་གཏོགས་ནང་བཙུགས་པའི་གུང་ཁྲན་ཏང་ཡོན་གྱི་ཞབས་ཞུ་རུ་ཁག་དྲུག་གི་གྲས་ཤིག་ཡིན་པ་དང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་གུང་ཁྲན་ཏང་ཡོན་གྱི་ཞབས་ཞུ་རུ་ཁག་ནི་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་གུང་ཁྲན་ཏང་ཡོན་ཡོངས་ཀྱིས་སྔོན་གཏོད་ལེགས་བརྩོན་དང་། དམངས་ཆེད་ཀྱི་དམིགས་ཡུལ་ལག་ལེན་བསྟར་བ། སྔོན་ཐོན་རང་བཞིན་སྲུང་བ་བཅས་ཀྱི་བྱ་ཐབས་ནུས་ལྡན་ཞིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་གུང་ཁྲན་ཏང་ཡོན་གྱི་ཞབས་ཞུ་རུ་ཁག་བཙུགས་པ་དེ་ནི་ཞབས་འདེགས་ཞུ་བའི་ཆུ་ཚད་མཐོ་རུ་བཏང་ནས་རྒྱལ་ཁབ་གློག་དྲ་ཀུང་སིའི་སྤུས་རྟགས་གཟུགས་བཪྙན་སྔར་བས་གཏོད་པའི་ནུས་ལྡན་གྱི་བྱ་ཐབས་ཤིག་ཡིན་ཞིང་། བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་གུང་ཁྲན་ཏང་ཡོན་གྱི་ཞབས་ཞུ་རུ་ཁག་གིས་གུང་ཁྲན་ཏང་ཡོན་གྱི་དཔེ་བཟང་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ལས་ཕྱོད་མཐོ་རུ་ཧུར་ཐག་བཏང་སྟེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།