གསར་འགོད་པས་ཨ་མདོ་རྫོང་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྫོང་དེས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོ་སྤེལ་ཚུན་བྱེད་སྒོའི་གཞི་རྟེན་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་དང་། གཙོ་གནད་མངོན་གསལ་དོད་པོ་དང་། ཁྱོན་ཡོངས་སྐུལ་གཏོང། ཕྱར་བ་གྲུ་འདེགས། ཡུལ་བབ་དང་བསྟུན་པ། རིགས་དབྱེའི་མཛུབ་ཁྲིད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ། “ཕྱིར་ལྟ ”བྱ་རྒྱུ་དེ་བྱེད་སྒོ་ལག་བསྟར་བྱེད་པའི་ཞིབ་ཕྲའི་བྱ་ཐབས་སུ་ཐོག་མཐའ་བར་གསུམ་དུ་བརྩི་བ་བཅས་བྱས་ནས་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ཆུ་ཚད་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
ཨ་མདོ་རྫོང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཀོང་ཧའེ་ཡིས “ཕྱིར་མིག་བལྟ་བའི ”བྱ་ཐབས་ལག་བསྟར་བྱེད་པ་ནི་ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་སྒྲིག་འཛུགས་ཀྱིས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པ་དང་། སྙན་སེང་ཞུ་བ། སྲིད་ཇུས་ལ་སྣང་ཆེན་བྱེད་པ། འབྲོག་པ་ཚོ་དང་སྙིང་གཏམ་ཤོད་རེས་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་ལས་དོན་སྤེལ་ནས་རྒྱ་ཆེའི་འབྲོག་པ་མང་ཚོགས་ཚོར་ཏང་གི་ལས་བྱེད་པ་མཐོང་ཐུབ་པ་དང་། ཏང་གི་གསུང་སྒྲ་ཐོས་པ། ཏང་གི་དྲོ་སྐྱིད་ཚོར་བ་བཅས་ཀྱི་ཁར་འབྲོག་པ་མང་ཚོགས་ཚོའི་འཕྲལ་དུ་ཐག་གཅོད་བྱེད་དགོས་པའི་དཀའ་གནད་དུས་ཐོག་ཏུ་ཤེས་པ་བྱས་ནས་མང་ཚོགས་ཚོར་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱ་རྒྱུ་དེ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེས “ཕྱིར་མིག་བལྟ་བའི ”བརྒྱུད་རིམ་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་དང་དཀའ་གནད་དག་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་པ་མ་ཟད་མང་ཚོགས་འགའ་ཤས་ཕྱིར་སྐྱོད་དཀའ་བ་དང་སྡོད་ཁང་གི་དཀའ་གནད་སོགས་ཀྱི་གནད་དོན་གཅིག་སྡུད་བྱས་ནས་འབྲེལ་ཡོད་འགན་ནུས་སྡེ་ཚན་ལ་མཆན་བཀོད་བརྒྱུད་སྤྲོད་བྱས་པ་རེད།