མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་། གཞི་རིམ་མང་ཚོགས་ལ་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རོགས་བྱེད་པ། གཞི་རིམ་མང་ཚོགས་དང་ཕྱི་ཕྱོགས་དབར་འབྲེལ་བ་བྱེད་པ། ཏང་གི་གསུང་སྒྲ་དང་ཏང་གི་ཐུགས་ཁུར་གྲོང་ཚོའི་དུད་ཚང་ཚང་མར་དྲིལ་བསྒྲགས་བཅས་བྱེད་ཆེད་ཉེ་ཆར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གིས་བཅའ་སྡོད་གྲོང་ཚོར་རིན་ཐང་སྒོར་ཁྲི་20ལྷག་ཙམ་རི་བའི་བཪྙན་འཕྲིན་འཕྲུལ་འཁོར་224སྤྲད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་ས་ཁུལ་གྱི་གྲོང་ཚོ་4རུ་བཅའ་སྡོད་རང་སྐྱོང་ལྗོངས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ལས་དོན་རུ་ཁག (བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གིས་མངགས་པ )གིས་གྲོང་ཚོ་དེར་དུད་ཚང་224ཡོད་པ་དང་། ཁྱིམ་ཚང་མང་ཆེ་བར་བཪྙན་འཕྲིན་འཕྲུལ་འཁོར་མེད་པ། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོ་མེད་པ། ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་ཀྱང་དུས་ཐོག་དང་སྒོ་ཀུན་ནས་ཁོང་དུ་ཆུད་མི་ཐུབ་པ་བཅས་ཤེས་རྟོགས་བྱུང་ཞིང་། དོན་དངོས་དེར་གཞིགས་ནས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གིས་དུད་ཚང་རེར་བཪྙན་འཕྲིན་འཕྲུལ་འཁོར་རེ་སྤྲོད་རྒྱུའི་གཏན་འབེབས་བྱས་ཏེ་ཉེ་ཆར་སྤྲད་པ་རེད།