དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • གཞི་རིམ་ཏང་འཛུགས་སྐྱོང་གི་དཔྱད་ཞིབ་ལམ་སྲོལ་བཏོད་པ

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་སྤེལ་ཚུན་གོང་དཀར་རྫོང་གིས “132”དཔེ་དབྱིབས་བཏོད་ནས “དཔྱད་ཞིབ་གཅིག་དང་། ཞིབ་དཔྱད་གསུམ། ཡོངས་བསྒྲགས་གཉིས ”ཀྱི་ལས་ཀའི་བྱེད་ཐབས་སྤྱད་ནས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་རྟོག་ཞིབ་བྱས་ཏེ་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ལ་དཔྱད་ཞིབ་བྱེད་པའི་ལམ་སྲོལ་གསར་པ་བཙུགས་ཡོད་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། “དཔྱད་ཞིབ་གཅིག་དང་། ཞིབ་དཔྱད་གསུམ། ཡོངས་བསྒྲཌ་གཉིས ”ཏེ “དཔྱད་ཞིབ་གཅིག ”——རྫོང་ཨུད་ཀྱིས་དཔྱད་ཞིབ་བྱེད་པ་དང་། “ཞིབ་དཔྱད་གསུམ ”—— མང་ཚོགས་ཀྱིས་ཚད་ལེན་ཞིབ་དཔྱད་བྱེད་པ་དང་། གོང་འོག་ཕན་ཚུན་ཞིབ་དཔྱད་བྱེད་པ། འགོ་ཁྲིད་ཀྱིས་ཟུར་དཔྱད་བྱེད་པ་བཅས། “ཡོངས་བསྒྲགས་གཉིས ”—— དཔྱད་ཞིབ་ཀྱི་བརྒྱུད་རིམ་ཡོངས་བསྒྲགས་དང་དཔྱད་ཞིབ་ཀྱི་འབྲས་བུ་ཡོངས་བསྒྲགས་གཉིས་བཅས་ཡིན། བྱེད་ཐབས་དེ་བརྒྱུད་ལས་ཀའི་ཕྱི་གསལ་ནང་གསལ་ཡོང་ཚད་ཆེ་རུ་ཕྱིན་ཡོད་པ་དང་། དུས་ཐོག་ཏུ “དཔྱད་ཞིབ་གཅིག ”དང “ཞིབ་དཔྱད་གསུམ ”གྱི་འབྲས་བུ་ཡོངས་བསྒྲགས་བྱས་པ་བརྒྱུད་དཔྱད་ཞིབ་ལས་དོན་དང་དེ་བཞིན་འབྲས་བུའི་ཐད་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོའི་བསམ་འཆར་བསྡུ་ལེན་བྱས་ནས་དཔྱད་ཞིབ་ཀྱི་ལས་དོན་ཧྲིལ་པོ་དྲང་བཞག་དང་གཞུང་དྲང་ཡོང་བའི་འགན་ལེན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།