བཅའ་སྡོད་ལས་དོན་གྲོང་ཚོ་ཡོངས་ལ་ཁྱབ། ལས་བྱེད་མང་ཚོགས་གཅིག་སེམས་གཅིག་ལ་སྦྲེལ།
—— སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ།
རྒྱ་ཡུལ་ཤང་བྱེ་སྡོད་་གྲོང་ཚོ་ནི་ལྷུན་རྩེ་རྫོང་གྲོང་ནས་སྤྱི་ལེ་130ལྷག་ཙམ་གྱིས་ཆོད་པའི་ཐག་རིང་ལུང་ཁུག་ཅིག་ཡིན་ཞིང་། རི་མཐོ་ལ་གཡང་གཟར་བ་དང་མཐའ་བཞི་ས་འཛིན་གྱིས་ཡོངས་སུ་བསྐོར་བའི་གྲོང་ཚོ་ཆུང་ཆུང་དེ་རི་སྐེད་མཚམས་སུ་ཆགས་ཡོད། རང་སྐྱོང་ལྗོངས་རྨང་གཞི་བརྟན་གཏོང་གཞུང་ལས་ཁང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ལྷུན་རྩེ་རྫོང་བྱེ་སྡོད་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ལས་དོན་རུ་ཁག་གི་རུ་མི་བཞི་པོ་ཚང་མ་ནི་སྲོག་རྟེན་དང་རྒྱུ་ནོར་འགན་བཅོལ་བོད་ལྗོངས་ཡན་ལག་ཀུང་སིའི་ལས་མི་ཡིན། བྱེ་སྡོད་གྲོང་ཚོ་ཨུ་ལྷན་དུ་གྲོང་ཚོའི་འཕེལ་རྒྱས་གཏོང་ཕྱོགས་སྐོར་གླེང་སྐབས་མིག་དམར་གྱིས་གྲོང་ཚོའི་གནས་ཚུལ་ཡོངས་ཁོང་དུ་ཆུད་ནས “གྲོང་ཚོ་དེ་གནས་ཡུལ་ཐག་རིང་ལུང་ཁུག་ཡིན་པ་དང་འགྲིམ་འགྲུལ་སྟབས་བདེ་པོ་མེད་པའི་དབང་གིས་ཞིང་ལས་ཐོན་སྐྱེད་དང་དཔལ་འབྱོར་ཡོང་འབབ་དང་དེ་བཞིན་སློབ་གསོའི་ཆུ་ཚད་སོགས་ཚང་མ་ཡག་པོ་དེ་ཙམ་མེད། ས་གནས་དེ་གའི་མང་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རི་ཁའི་ལྟོ་རི་ལ་བཅོལ་ནས་སྡོད་དགོས་ཀྱི་ཡོད། 2010ལོར་གྲོང་ཚོ་ཡོངས་ཀྱི་མི་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་3754ལས་ཟིན་མེད ”ཅེས་བཤད།
ལས་དོན་རུ་ཁག་གི་རུ་མི་སྐལ་སྒྲོན་གྱིས་གྲོང་ཚོར་བཅའ་སྡོད་བྱས་རྗེས་ལས་དོན་རུ་ཁག་གིས “གཞི་རིམ་གྱི་རྩ་འཛུཌ་སྟོབས་ཆེར་གཏོང་བ་དང་། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པ། ཕྱུག་འགྱུར་གྱི་ལམ་བུ་འཚོལ་བ། དྲིན་ཚོར་གྱི་སློབ་གསོ་རྒྱག་པ། དོན་དངོས་བསྒྲུབས་ནས་དཀའ་གནད་སེལ་བ ”བཅས་ཀྱི་ལས་འགན་ཆེ་གྲས་ལྔར་དམ་པོར་དམིཌ་ཏེ་གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་ལས་དོན་ཁག་སྤེལ་རྒྱུར་གཞོཌ་འདེཌ་ཧུར་ཐག་བྱས་ཡོད། མིག་སྔར 《ལས་དོན་རུ་ཁག་གི་ལས་ཀའི་ལམ་ལུཌ 》དང་《བྱེ་སྡོད་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ཉེ་དུས་ལས་དོན་བཀོད་སྒྲིག 》《བྱེ་སྡོད་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ནོར་དོན་ཡོངས་བསྒྲཌ་ལམ་ལུཌ 》《བྱེ་སྡོད་གྲོང་ཚོ་སྐར་མ་རིམ་པའི་དཔེ་སྟོན་གྲོང་ཚོ་གཏོད་པའི་བྱེ་སྡོད་གྲོང་ཚོའི་ལས་ཀའི་ཚད་གཞི 》སོཌ་ཡིག་ཆའི་རྣམ་པའི་ཐོག་ནས་གྱང་ཐོག་ཏུ་སྦྱར་ཏེ་མང་ཚོགས་ཚོས་གྲོང་ཚོའི་ལས་དོན་བལྟས་པ་ཙམ་གྱིས་རྟོཌ་ཐུབ་པ་བྱས་ཡོད། ཏང་གི་བྱེད་ཕྱོཌ་དང་སྲིད་ཇུས་ཁག་མང་ཚོཌ་ཀྱི་ཚོཌ་ཆེན་ཐོག་གཅིག་སྡུད་སྒྲོག་འགྲེལ་བྱས་པ་ཕུད་ལས་དོན་རུ་ཁག་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་ད་དུང་དྲིལ་བསྒྲགས་ཚོཌ་ཆུང་བཙུགས་ཏེ་མང་ཚོཌ་ཀྱི་ཁྱིམ་དུ་བསྐྱོད་ནས་ཁོང་ཚོ་དང་གང་བསམ་དེ་གླེང་བྱེད་པ་དང་མཉམ་ཟ་མཉམ་ལས་བྱས་པ་བཅས་ཀྱི་ཐོག་ནས་མང་ཚོཌ་ཀྱིས་གོ་བ་ལེན་བདེ་བའི་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱས་པས་མི་ཚང་ཚང་མས་དོན་ངོ་མ་ཤེས་ཐུབ་པ་བྱུང་ཡོད། ན་ནིང་ཟླ་12པར་སྤྱི་ཚོགས་གསར་ཪྙིང་བསྡུར་རྒྱུའི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་ཁྲོད་མང་ཚོགས་ཀྱིས་རང་འགུལ་ངང 《ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན 》ཞེས་པའི་གླུ་བྲོའི་ཟློས་གར་རྩོམ་སྒྲིག་བྱས་ནས་ཏང་གི་དྲིན་ལན་འཇལ་ལུཌ་མཚོན་པ་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་དང་ཡང་ཁོང་གིས “གྲོང་ཚོར་ཐོག་མར་འབྱོར་སྐབས་མང་ཚོགས་ལ་དོན་དག་གལ་ཆེན་མེད་ཚེ་གྲོང་ཚོ་ཨུ་ལྷན་དུ་ཡོང་མཁན་ཉུང་ཉུང་རེད། ད་ལྟ་ཉིན་ལྟར་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་ཡོང་མཁན་མང་ཚོཌ་ཧ་ཅང་མང་པོ་འདུག་པའི་ནང་སྲིད་ཇུས་བློ་འདྲི་བྱེད་མཁན་དང་པར་རིས་འགྲེམས་སྤེལ་ལ་བལྟ་མཁན་ཡོད་པ་མ་ཟད། ད་དུང་རྩེད་འཇོར་རོལ་མཁན་ཕྲུ་གུ་སོཌ་ཀྱང་ཡོད་པས་ཧ་ཅང་འཁྲུག་པོ་འདུག ”ཅེས་ཟླ་བ་འགའི་ནང་གྲོང་མི་ཚོའི་བྱ་སྤྱོད་ཐད་ཀྱི་འགྱུར་བ་བསྡུར་བཞིན་བཤད།
མིག་དམར་གྱིས “ཀུན་སེམས་འདུས་ན་མི་འགྲུབ་བྱ་བ་ཅི་ཡང་མེད། གྲོང་ཚོའི་གནས་ཚུལ་ཤེས་རྟོགས་བྱས་རྗེས་ང་ཚོར་ཡིད་ཆེས་བརྟན་པོ་བྱུང་བ་སྟེ། འགྱུར་ལྡོག་ལ་བརྩོན་ལེན་དང་འཕེལ་རྒྱས་དོན་གཉེར་བྱེད་དགོས་ན་མཉམ་སྡེབ་ཀྱི་སྟོབས་ཤུགས་དང་བློ་གྲོས་ལ་ངེས་པར་དུ་བརྟེན་དགོས་པ་དེ་རེད ”ཅེས་སྦ་གསང་མེད་པར་བཤད། གྲོང་ཚོར་བཅའ་སྡོད་བྱས་ཏེ་ལས་དོན་སྤེལ་ནས་ལོ་ཕྱེད་ཙམ་གྱི་རིང་ལས་དོན་རུ་ཁག་དང་གྲོང་ཚོ་ཨུ་ལྷན་གྱི་ཚན་ཁག་ཚང་མས་བསམ་ཕྱོགས་དེར་གཞིགས་ནས་ལས་དོན་སྤེལ་ཞིང་། ལས་དོན་རུ་ཁག་གི་མི་4ཡི་ཐོག་གྲོང་ཚོ་ཨུ་ལྷན་གྱི་ཚན་པ་མི་9ཡིས་ལས་བགོས་ཁ་གསལ་དང་ལས་འགན་མིའི་ཐོག་ཏུ་བགོས་པ་བཅས་ཀྱི་དམིགས་ཡུལ་ནི་དམངས་བདེ་དང་དམངས་ཕན་གྱི་དོན་དངོས་ཚང་མར་དངོས་ཕན་ཐོབ་ཐུབ་པའི་འགན་ལེན་བྱ་ཆེད་དུ་ཡིན།
དོན་དངོས་སྒྲུབ་པ་དང་དཀའ་གནད་སེལ་བ་ནི་མི་སེར་གྱི་ཡིད་ཆེས་ཐོབ་པ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། མིག་དམར་གྱིས་གྲོང་ཚོར་བཅའ་སྡོད་བྱས་ནས་ཟླ་ཤས་རིང་ལས་དོན་རུ་ཁག་ཉིན་གཅིག་ཀྱང་ངལ་གསོ་རྒྱག་ཁོམ་མེད་པར་མ་དངུལ་བརྩོན་ལེན་བྱེད་པ་དང་རྣམ་གྲངས་འཛུགས་པ་ནི་ལྟེ་བའི་ལས་དོན་ཞིག་ཏུ་གྱུར། རྒྱུ་བཟང་པོར་འབྲས་བུ་ལེགས་པོ་སྨིན་ཞེས་པའི་དཔེ་ལྟར་ཐུང་སྙོམས་མགྱོགས་གསུམ་གྱི་རྣམ་གྲངས་ཁག་གཅིག་བདེ་བླག་ངང་ལག་བསྟར་ཐུབ་པ་དང་སྦྲགས་དོན་འཁྱོལ་ཐུབ་ཡོད། ན་ནིང་ཟླ་12པར་གྲོང་ཚོ་ཡོངས་ཀྱི་གཞོན་དར་ངལ་ནུས་50ལྷག་ཙམ་གྱིས་གྲོང་ཚོའི་མི་ཕྱུགས་འགྲོ་ལམ་སྤྱི་ལེ་10ལྷག་ཙམ་ཞིག་ལ་གཞི་ཁྱོན་ཆེ་བའི་སྒྱུར་བཅོས་དང་རྒྱས་སྐྲུན་བྱས་པས་འགྲོ་ལམ་བརྡིབས་པ་དང་ཆུ་འགྲོ་འགག་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱུང་བ་དང་། མ་དངུལ་སྒོར་ཁྲི་4ཙམ་བཏོན་ནས་སྣུམ་འཚག་འཕྲུལ་འཁོར་དང་གྲོ་ཐག་འཕྲུལ་འཁོར་ཉོས་ཏེ་ཡུན་རིང་ནང་སྤྱི་ལེ་40ཡིས་ཆོད་པའི་ཤང་དུ་སྣུམ་འཚག་པ་དང་གྲོ་འཐག་པར་འགྲོ་དགོས་པའི་གྲོང་མིའི་དཀའ་གནད་སེལ་བ། ཆུ་ཡུར་དང་ཆུ་རགས་ཉམས་གསོ་བྱས་ནས་ཞིང་ཁར་ཆུ་གཏོང་དཀའ་བའི་གནད་དོན་ཐག་གཅོད་བྱས་པ། འཐུང་ཆུའི་རྫིང་བུ་གསར་དུ་བསྐྲུན་ནས་མང་ཚོགས་ཚོ་ལ་ཆུ་གཙང་མ་འཐུང་རྒྱུ་ཡོད་པ་སོགས་བྱས་ཡོད་ཅེས་ངོ་སྤྲོད་བྱས།
ལས་དོན་རུ་ཁག་གིས་གྲོང་ཚོར་དོན་དངོས་དང་དཀའ་གནད་གང་ཙམ་སེལ་རོགས་བྱས་ཡོད་པ་རྣམས་མང་ཚོགས་ཚོའི་སེམས་སུ་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་ཡོད། ཁོང་ཚོའི་དབར་གྱི་འབྲེལ་བ་ཇི་ལྟར་ཡོད་མེད་མང་ཚོགས་ཀྱིས་གསལ་པོ་ཤེས་པ་སྟེ། “དོན་དག་ཡོད་ན་ལས་དོན་རུ་ཁག་འཚོལ་དུ་རྒྱུགས ”ཞེས་པ་དེ་བྱེ་སྡོད་གྲོང་ཚོའི་མང་ཚོགས་ཀྱི་ཤོད་རྒྱུན་དུ་གྱུར་ཡོད།
ཕུགས་རེ་ཡོད་ཕྱིན་སྟོབས་ཤུགས་ཆེ། དཔྱིད་འདེབས་ཀྱི་དུས་ཚིགས་ནང་བྱེ་སྡོད་གྲོང་ཚོར་དཔྱིད་དཔལ་རབ་ཏུ་བཞད་ཅིང་། མང་ཚོགས་བྲེལ་འཚུབ་འཚུབ་བྱེད་པ་ནི་ལོ་གཅིག་གི་སྟོན་འབྲས་གཡུར་ཟ་སྨིན་རེ་བྱེད་པ་དེ་ཁོ་ན་མ་ཡིན་པར་མ་འོངས་པར་གྲོང་ཚོ་འདི་ཉིད་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་བ་བྱེད་པ་དེ་ཡིན།