སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་སྤེལ་རིང་། དགའ་བརྒྱ་དང་ལུང་བཟང་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོའི་ལས་དོན་རུ་ཁག (བོད་ལྗོངས་རླངས་འཁོར་བཟོ་ལས་ཉོ་ཚོང་སྤྱི་ཁྱབ་ཀུང་སིས་མངགས་པ )གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར་ལས་ཀ་གོ་རིམ་ལྡན་པའི་ངང་སྤེལ་བས་ཕན་འབྲས་ཡག་པོ་ཐོན་པ་རེད།
འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་བཅའ་སྡོད་བྱ་ཡུལ་གྱི་གྲོང་ཚོའི་ལས་ཀ་བདེ་བླག་ངང་སྤེལ་བ།
གྲོང་ཚོའི་ལས་ཀར་གྲུབ་འབྲས་མིག་མཐོང་ལག་ཟིན་ཐུབ་པ་ཞིག་ཡོང་ཆེད་བོད་ལྗོངས་རླངས་འཁོར་ཉོ་ཚོང་སྤྱི་ཁྱབ་ཀུང་སིས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་དང་གཞུང་དོན་ཁང་འཕྲལ་མར་བཙུགས་ནས་བྱེད་སྒོའི་ལག་བསྟར་ཇུས་གཞི་བཟོས་པ་རེད།
འབྲེལ་གཏུག་བྱ་ཡུལ་དུ་ལས་དོན་རུ་ཁག་བཅའ་སྡོད་བྱས་ནས་ལས་ཀ་བདེ་བླག་ངང་སྤེལ་ཕྱིར་ཀུང་སིའི་ཏང་ཨུད་ཀྱིས་ཆེད་དོན་འགྲོ་གྲོན་སྒོར་ཁྲི་46བཏང་ནས་གྲོང་ཚོར་བཅའ་སྡོད་བྱེད་མཁན་ལས་དོན་རུ་ཁག་གཉིས་ལ་ཆེད་སྤྱོད་རླངས་འཁོར་དང་། ཀློག་ཀླད། གྲངས་གཞི་ཅན་གྱི་པར་ཆས་སོགས་གཞུང་ལས་སྒྲིག་ཆས་དང་དེ་བཞིན་སྲིང་བལ་ཉལ་ཆས་དང་། གདན། ཐབ་ཆས། བཪྙན་འཕྲིན་སོཌ་འཚོ་བའི་ཡོ་ཆས་ཀྱང་སྤྲད་པས་བཅའ་སྡོད་གྲོང་ཚོའི་ལས་ཀ་རྒྱུན་གཏན་བཞིན་བྱེད་ཐུབ་པ་བྱུང་ཡོད།
གྲོང་ཚོ་དང་དུད་ཁྱིམ་དུ་ཕྱིན་ནས་ཏང་གི་དམངས་ཕྱུག་སྲིད་ཇུས་སྒྲོག་སྦྱངས་བྱས་པ།
ལས་དོན་རུ་ཁག་གྲོང་ཚོར་བཅའ་སྡོད་བྱས་ཚུན་གྲོང་ཚོའི “ཨུ་ལྷན་གཉིས ”ཀྱི་ཚན་ཁག་གི་གཞོགས་འདེགས་འོག་མི་སེར་གྱི་དུད་ཁྱིམ་མང་པོར་བསྐྱོད་ནས་དེའི་དཀའ་གནད་སེལ་རོགས་དང་བྱ་བ་མང་པོ་བསྒྲུབས་པ་དང་དུད་ཁྱིམ་མི་རེ་ངོ་རེའི་དམངས་འཚོའི་གནས་ཚུལ་ཤེས་རྟོགས་བྱས་ནས་ཡིག་ཚགས་བཟོས་པ་རེད།
ཀུང་སིའི་ཏང་ཨུད་ཀྱི་མཐོང་ཆེན་པོ་དང་རྒྱབ་སྐྱོར་འོག་ལས་དོན་རུ་ཁག་གིས་སྒོར་ཁྲི་2བཏང་ནས་གྲོང་ཚོ་གཉིས་ཀྱི་རིག་གནས་ས་ཚིགས་ཉམས་བཟོ་བྱས་པ་དང་པར་དང་ཡི་གེ་མཉམ་དུ་ཡོད་པའི་དྲིལ་བསྒྲགས་དཔེ་སྒྲོམ་ཡང་བཟོས་པས་མང་ཚོགས་ཚོས་བོད་ཪྙིང་པའི་ཞིང་བྲན་ཁྲི་ཚོ་བརྒྱའི་ཡ་ང་བའི་འཚོ་བ་ཇི་བཞིན་ཤེས་ཐུབ་པ་བྱུང་ཡོད།
འཚམས་འདྲི་བྱེད་རིང་། ལས་དོན་རུ་ཁག་གིས་ཡུལ་མིའི་དུད་ཁྱིམ་རེར་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་དང་དེ་བཞིན་ཏང་གི་དམངས་ཕན་སྲིད་ཇུས་ཁག་སྒྲོག་སྦྱངས་བྱས་པ་དང་འབྲེལ་ཡུལ་མི་ཚོར་སྐར་ལྔའི་དར་དམར་དང་གཙོ་འཛིན་གྱི་སྐུ་པར་སྤྲད་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེ་བཞིན་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་ཡུལ་མི་མི་རེ་ངོ་རེར་གནང་ཚུལ་མཚོན་པར་བྱས་ཡོད།
མང་ཚོཌ་ལ་བྱ་བ་དངོས་སྒྲུབ་རོཌ་དང་དཀའ་གནད་སེལ་རོགས་བྱས་པ།
ལུང་བཟང་གྲོང་ཚོའི་ཡུལ་མིའི་རིག་གནས་ཤེས་ཚད་དམའ་བ་དང་རྩལ་ནུས་ཞན་པའི་དོན་དངོས་ལ་དམིགས་ནས་ལས་དོན་རུ་ཁག་གིས་ཉེ་འཁོར་གྱི་ལེ་དབར་30སའི་ལས་ཡུལ་ཡོད་དོ་ཅོག་ལ་ཕྱིན་ནས་ཡུལ་མི་ཚོར་ངལ་ནུས་འདོན་ཡུལ་འབྲེལ་བ་བྱས་ཤིང་། བརྩོན་འགྲུས་ཅན་ལ་འབྲས་བུ་སྨིན་པ་ལྟར་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་བཟོ་མཁན་ཀེ་ཀྲོའུ་ཆུ་རགས་ཚོགས་པས་རང་ངོས་ཀྱི་ལས་མི་ཁེངས་ཀྱང་ད་དུང་གྲོང་ཚོ་དེའི་ངལ་ནུས་འདོན་མཁན་6བསྡུས་ནས་ཟས་སྡོད་གཉིས་ཀ་ཡོད་པ་བྱས་ཁར་མི་རེར་གླ་ཆ་སྒོར་2000སྤྲད།
ཡུལ་མིས་ལག་རྩལ་སྣེ་གཅིག་ཤེས་ཐུབ་ཆེད་ཀུང་སིས་ལྷ་ས་རླངས་འཁོར་ཉམས་བཟོ་ཁང་ལ་བརྟེན་ནས་ལུང་བཟང་དང་དགའ་བརྒྱ་གྲོང་ཚོའི་ཡུལ་མིར་རླངས་འཁོར་ཉམས་བཟོ་བྱེད་སྟངས་ཀྱི་ལག་རྩལ་མཛུབ་ཁྲིད་དང་གསོ་སྦྱོང་བྱས་པ་དང་འབྲེལ་སྦྱོང་མཁན་ལ་ཉལ་ཁང་སྤྲད་པ་མ་ཟད་ཟླ་རེར་ཁ་གསབ་ཀྱང་སྤྲད།
` 2011ལོའི་ཟླ་11པར་ཀུང་སིའི་ཏང་ཨུད་ཀྱིས “འཚོ་བའི་དཀའ་གནད་བསལ་ནས་ཁྱིམ་ཚང་ཁྲི་སྟོང་མང་པོ་བདེ་སྐྱིད་དང་འཆམ་མཐུན་ཡོང་རྒྱུ ”བརྗོད་བྱ་གཙོ་བོར་བྱས་པའི་དྲོ་སྐྱིད་མཚོན་པའི་བྱེད་སྒོ་སྤེལ་ཞིང་། རྒྱ་ཆེའི་བཟོ་པ་དང་ཀུང་སིའི་ཁང་པ་གླ་མཁན་གྱིས “སེམས་པ་ཞིང་འབྲོག་པར་བཅངས་ནས་གཅེས་སེམས་འབུལ་བའི ”བླ་མེད་བྱ་སྤྱོད་ཐོག་ནས་བཅའ་སྡོད་བྱ་ཡུལ་གྲོང་ཚོའི་ཡུལ་མིར་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་ཅིང་། གཙང་གི་ལོ་གསར་གོང་བཅའ་སྡོད་བྱ་ཡུལ་གྲོང་ཚོ་གཉིས་ཀྱི་དུད་ཁྱིམ་73ལ་བཟའ་སྣུམ་དང་། གྲོ་ཞིབ། འབྲས། ཇ་བག་ཆུང་བཅས་དང་དེ་བཞིན་དངུལ་སྒོར་ཁྲི་10ཞལ་འདེབས་ཕུལ་བ་རེད་།
ལུང་བཟང་དང་དགའ་བརྒྱ་གྲོང་ཚོའི་ཆུ་ཡུར་བེད་མེད་དུ་གྱུར་པ་དང་ཆུ་མདོང་ཡང་གང་སར་ཆག་པ་སོགས་ལ་དམིགས་ནས་ལས་དོན་རུ་ཁག་གིས་ཉམས་བཟོའི་ཇུས་གཞི་བཏོན་ནས་དུས་ཐོག་ཏུ་བཟོས་པས་དེར་ནུས་པ་ཐོན་ཏེ་མང་ཚོགས་ལ་ཕན་པ་བྱུང་ཡོད།
ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་དམ་འཛིན་ལེགས་པོ་བྱེད་པ་དང་། གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ཚད་ལྡན་ཡོང་རྒྱུར་སྒོ་ཀུན་ནས་སྐུལ་འདེད་གཏོང་བ། གཞི་རིམ་རྩ་འཛུགས་ཀྱི་ནུས་པ་འཛུགས་སྐྱོང་གི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱས་ཤིང་། འདི་ནི་ཟླ་4ཚེས་6ཉིན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚེ་སྨོན་གླིང་གྲོང་ལྷན་གྱི་ཏང་ཀྲི་པུའི་ཁོངས་མི་དང་རང་སྐྱོང་ལྗོངས་ཀྱིས་མངགས་གཏོང་བྱས་པའི་ལས་དོན་རུ་ཁག་གི་རུ་མི་མཉམ་དུ་ཁྲོམ་གཞུང་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་གང་འདྲ་བྱས་ནས་སྔར་བས་ཤུགས་སྣོན་རྒྱག་དགོས་རྒྱུའི་སྐོར་བསམ་འཆར་སྤེལ་རེས་བྱེད་པའི་གནས་ཚུལ་ཡིན་པ།