སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་སྤེལ་ཚུན་རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོའི་སོག་རྫོང་དུ་བཅའ་སྡོད་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ལས་དོན་རུ་ཁག་ལྔས་གྲོང་ཚོ་ཁག་གི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་ཧུར་ཐག་གིས་གཞི་རིམ་ལ་འཕེལ་རྒྱས་ཐད་ཀྱི་དཀའ་གནད་སེལ་རོགས་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཤུཌ་ཆེན་བཏང་བ་རེད།
དམངས་ཕན་རྣམ་གྲངས་ཁག་དོན་འཁྱོལ་བྱེད་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་ནས་རང་ཉིད་འཕེལ་རྒྱས་གཏོང་བའི་ནུས་པ་ཆེ་རུ་བཏང་ཞིང་། ལས་དོན་རུ་ཁག་གིས་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུ་དེ་ལས་དོན་གྱི་གཙོ་གནད་དུ་བཟུང་ནས་རྣམ་གྲངས་ཁག་གི་དུས་འགོའི་ལས་དོན་ཐད་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་མ་ཟད་ད་དུང་ལྗོངས་ཞིང་འབྲོག་དང་། དབུལ་སྐྱོར། ཆུ་བེད། ཚན་རྩལ་བཅས་ཀྱི་སྡེ་ཚན་དང་དེ་བཞིན་ནག་ཆུ་ས་ཁུལ་ལ་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་དང་། སྔོ་ཚལ་འགྱིག་ཤོག་དྲོད་ཁང་། ཟམ་པ། རིག་གནས་ཁང་སོགས་འཛུགས་སྐྲུན་རྣམ་གྲངས་ཐད་སྤེལ་རེས་དང་གྲོས་མོལ་བྱས་ནས་ཚད་གཞི་ཆེ་ཤོས་ཀྱི་ཐོག་ནས་རྣམ་གྲངས་ཀྱི་མ་དངུལ་དང་རྣམ་གྲངས་སྔ་ཙམ་འཛུཌ་རྒྱུ་དང་སྔ་ཙམ་ལག་བསྟར་བྱེད་རྒྱུ་བཅས་བརྩོན་ལེན་གྱིས་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་དེ་བས་ལེཌ་སུ་བཏང་བ་རེད།
མ་དངུལ་སྒོར་ཁྲི་25བཏང་བའི་གྲོང་ཚོའི་རིག་གནས་ཁང་གི་གཞུང་དོན་སྒྲིག་ཆས་ཁག་བདེ་བླག་ངང་དམིགས་སར་འབྱོར་ཞིང་། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་རྒྱ་ཁྱབ་སྤེལ་ཆེད་ལས་དོན་རུ་ཁག་གིས་ནག་ཆུ་ས་ཁུལ་ལ་གོང་ཞུ་དང་མཐུན་སྦྱོར་ཧུར་ཐག་བྱས་པ་དང་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའི་འགོ་ཁྲིད་ཀྱི་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་འོག་རྣམ་གྲངས་ཁག་བདེ་བླག་ངང་དོན་འཁྱོལ་བྱེད་ཐུབ་པ་བྱུང་ཡོད། མིག་སྔར་ལས་དོན་རུ་ཁག་གིས་གྲོང་ཚོ་གསུམ་གྱི་རིག་གནས་ཁང་ལ་གཞུང་དོན་སྒྲིག་ཆས་ཉོས་ཡོད་པ་རེད།
གོམ་སྟབས་རྗེས་མར་ལས་དོན་རུ་ཁག་གིས་ད་དུང་བཅའ་སྡོད་བྱེད་སའི་གྲོང་ཚོའི་རིག་གནས་ཁང་འཛུགས་སྐྲུན་བྱེད་རྒྱུ་དེ་གོ་སྐབས་སུ་བྱས་ཤིང་། བྱེད་ཐབས་ནུས་ལྡན་སྤྱད་དེ་གྲོང་ཚོའི་རིག་གནས་ཁང་དེ་ཉིད་ཆབ་སྲིད་དྲིལ་བསྒྲགས་རྟེན་གཞི་དང་། རིག་གནས་དང་ཡིག་རྨོངས་སེལ་བའི་རྟེན་གཞི། ཚན་རྩལ་ཁྱབ་གདལ་དང་སློབ་གསོའི་རྟེན་གཞི། ཁྲིམས་ལུགས་སློབ་གསོའི་རྟེན་གཞི་བཅས་དང་དེ་བཞིན་ཏང་ཡོན་གྱི་བྱེད་སྒོའི་ལྟེ་གནས་དང་། གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱི་བྱེད་སྒོའི་ལྟེ་གནས། བུད་མེད་རྩ་འཛུགས་ཀྱི་བྱེད་སྒོ་ལྟེ་གནས། མང་ཚོགས་རིག་གནས་ཀྱི་བྱེད་སྒོའི་ལྟེ་གནས། གྲོང་ཚོའི “ཨུ་ལྷན་གཉིས ”ཀྱི་གཞུང་དོན་ལྟེ་གནས་བཅས་སུ་བསྐྲུན་རྒྱུ་ཡིན་པ་རེད།