དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • དམངས་ལ་བྱ་བ་དངོས་སྒྲུབ་རོགས་དང་དཀའ་ངལ་དངོས་སེལ་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོའི་ལྷུན་རྩེ་རྫོང་ཀླུང་ཞོལ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག (ལྷོ་ཁ་ས་ཁུལ་མང་ཚོགས་སྒྱུ་རྩལ་ཁང་དང་སྒྱུ་རྩལ་ཚོགས་པས་མངགས་གཏོང་བྱས་པ )གིས་གྲོང་ཚོ་དང་དུད་ཚང་དུ་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པར་སྐྱོད་སྐབས་གྲོང་མི་གཡང་འཛོམས་ཁྱིམ་དུ་ནང་མི་བཞི་ཡོད་ཀྱང་ངལ་རྩོལ་ནུས་ཤུགས་གཅིག་རང་ལས་མེད་ཅིང་། འདི་ལོ་ལོ་བཞི་བཅུ་ཞེ་དགུར་སླེབས་པའི་གཡང་འཛོམས་རང་ཉིད་ཀྱང་ནད་གཞིས་རྐྱེན་པས་ལོ་ཉི་ཤུ་ལྷག་ཙམ་ནད་འཁྲིའི་ཐོག་ལུས་པའི་གནས་ཚུལ་ཤེས་རྟོགས་བྱུང་། གཡང་་འཛོམས་ཁྱིམ་ལ་དཀའ་ངལ་ཤིན་ཏུ་ཆེ་བ་ཤེས་རྟོགས་བྱུང་མ་ཐག་ལས་དོན་རུ་ཁག་གི་རུ་མི་ཚོས་འཚང་ག་ཤིག་ཤིག་ངང་དངུལ་ཞལ་འདེབས་བརྒྱབ་སྟེ་འབྲས་དང་ཇ་བག་ཆུང་སོགས་འཚོ་བའི་མཁོ་ཆས་ཉོས་ནས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་བག་གྲོ་དང་མཉམ་དུ་གཡང་འཛོམས་ལ་ལྟ་བར་བསྐྱོད། སྐབས་དེ་དང་བསྟུན་ནས་གཡང་འཛོམས་ཁྱིམ་གྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད་ད་དུང་རོགས་རམ་བྱ་རྒྱུའི་ཁ་ཆད་ཀྱང་བྱས་པ་རེད།

        སེམས་ཁུར་ཚད་མེད་བྱེད་པ་དང་ཆབས་ཅིག་སླད་ཕྱིན་རོགས་རམ་བྱ་རྒྱུའི་ཁས་བླངས་པའི་གཏམ་ཐོས་སྐབས་གཡང་འཛོམས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་ནས་བཞིན་དུ “ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལས་དོན་རུ་ཁག་གི་བློ་མཐུན་ཚོས་རང་ཁྱིམ་ལ་ཐུགས་ཁུར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོའི་བཀའ་དྲིན་ངས་དུས་ནམ་ཡང་བརྗེད་མི་སྲིད ”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།