དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • སེམས་ནང་མང་ཚོགས་བཅངས་ཚེ་བྱ་བ་ཐམས་ཅད་བྱེད་བདེ་ཡོང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉིན་ཤས་གོང་གསར་འགོད་པས་རྒྱལ་རྩེ་རྫོང་གཙང་ཁ་ཤང་བྱེའུ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ལས་དོན་རུ་ཁག་གི་རུ་དཔོན་བུ་ཆུང (གཞིས་རྩེ་ས་ཁུལ་རླུང་འཕྲིན་བཪྙན་འཕྲིན་ཅུས་ཀྱིས་མངགས་པ )གི་སྣེ་ཁྲིད་འོག་གཞིས་རྩེ་ས་ཁུལ་སྨན་རྩིས་ཁང་དུ་ལིང་གྲིབ་ཀྱི་གཤག་བཅོས་བྱེད་མ་ཐག་པའི་བགྲེས་སོང་རྒྱལ་མཚན་ལ་བལྟ་བར་ཡོང་བ་ཡིན། སྨན་ཁང་དེའི་མིག་ནད་ཚན་ཁག་གི་སྨན་པ་སྤེན་པ་ཚེ་རིང་གིས “ང་ཚོས་བགྲེས་སོང་ལ་ལིང་གྲིབ་བསྐྱར་གསལ་གྱི་གཤག་བཅོས་བྱས་པ་ཡིན། གཤག་བཅོས་ལེགས་གྲུབ་བྱུང་ནས་ཕན་འབྲས་ལེགས་པོ་ཐོན་སོང་། མིག་སྔར་བགྲེས་སོང་རྒྱལ་མཚན་གྱི་མིག་ཤད་རིམ་བཞིན་གསལ་དུ་ཕྱིན་འདུག ”ཅེས་བཤད།

        ད་ལོ་ལོ་69སོན་པའི་བགྲེས་སོང་རྒྱལ་མཚན་གྱི་ཁྱིམ་ལ་དཔལ་འབྱོར་གྱི་དཀའ་ངལ་ཆེ་བའི་རྐྱེན་གྱིས “གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པ ”སོགས་སྨན་བཅོས་འགན་ལེན་ནང་ཞུགས་ཡོད་མོད། འོན་ཀྱང་ལིང་གྲིབ་གཤག་བཅོས་བྱེད་སྐབས་རང་གིས་སྨན་བཅོས་འགྲོ་གྲོན་20%བཏོན་དགོས་པར་བརྟེན་ཡུན་རིང་ནང་ནུས་ལྡན་གྱི་སྨན་བཅོས་མི་ཐུབ་པར་ལོ་གཉིས་ལྷག་ཙམ་ལུས། ལས་དོན་རུ་ཁག་གྲོང་ཚོ་དེར་བཅའ་སྡོད་བྱེད་སྐབས་བགྲེས་སོང་གི་གནས་ཚུལ་དེ་ཤེས་རྗེས་གང་སར་འབྲེལ་གཏུག་བྱས་པ་བརྒྱུད་2011ལོའི་ཟླ་11ཚེས་24ཉིན་བགྲེས་སོང་རྒྱལ་མཚན་ས་ཁུལ་སྨན་རྩིས་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བས་བགྲེས་སོང་གིས་སླར་ཡང་འོད་ཟེར་མཐོང་ཐུབ་པ་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།