དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཤུགས་སྣོན་གསུམ་ལ་བརྟེན་ནས“སྐར་མ་བཅུ་རིམ་པའི་དཔེ་སྟོན་གྲོང་ཚོ”བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་བྱེད་སྒོ་སྤེལ་ཚུན་རྒྱ་ཚྭ་རྫོང་མངར་རབ་གྲོང་རྡལ་རྭ་སྨད་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་ལས་དོན་རུ་ཁག་གིས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། རིག་གནས་ཞབས་ཞུར་ཤུགས་སྣོན་རྒྱག་པ། སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པ་བརྒྱུད “སྐར་མ་བཅུ་རིམ་པའི་དཔེ་སྟོན་གྲོང་ཚོ ”སྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་མང་ཚོགས་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པ་དང་འབྲེལ་སྐྱོན་བྲལ་ཡར་ཐོན་དང་། ཤེས་དཔལ་ཞི་མཐུན་གྱི་དར་སྲོལ་གསར་པ་སྲོལ་གཏོད་ཀྱང་བྱས་པ་རེད།

        དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་འབྲོག་མང་ཚོགས་གསར་པ་སྐྱེད་སྲིང་བྱས་ཤིང་། མང་ཚོགས་ཁག་གཅིག་ཁྲོད་གནས་པའི “སྒུག་བརྟེན་སློང་དང་། འབྱོར་ཆུང་བློ་ཚིམ ”སོགས་ཀྱི་འདུ་ཤེས་དང་དེ་བཞིན་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་མ་རབས་ཐ་ཤལ་གྱི་བྱ་སྤྱོད་ལ་དམིགས་ཏེ་ལས་དོན་རུ་ཁག་གིས་དུད་ཚང་དུ་བསྐྱོད་ནས་སྒྲོག་འགྲེལ་བྱེད་པ་དང་། འགའ་རེ་དང་གླེང་མོལ་བྱེད་པ། གྲོང་མིའི་ཚོགས་ཆེན་འཚོགས་པ། དྲིལ་བསྒྲགས་ཡི་གེ་སྦྱར་བ་སོགས་བྱེད་ཐབས་བརྒྱུད “ལྟོ་གོས་འཛོམས་པ་དང་། གཟི་ཁྲེལ་ཤེས་པ། སྔོན་ཐོན་ལ་བརྩོན་པ ”བཅས་ཀྱི་རྣམ་པ་ཟབ་མོ་བཏོད་པ་དང་དུས་མཚུངས་ནག་པང་གསར་འགྱུར་དང་། དྲིལ་བསྒྲགས་རི་མོ། རང་རྩོམ་རང་འཁྲབ་ཀྱི་མང་ཚོགས་ཀྱི་རིག་རྩལ་ལེ་ཚན་སོགས་སྟེགས་བུ་སྤྱད་དེ་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་སྐྱོན་བྲལ་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་ཤུགས་ཆེན་བཏང་ནས “སྐར་མ་བཅུ་རིམ་པའི་དཔེ་སྟོན་གྲོང་ཚོ ”བསྐྲུན་རྒྱུ་དེ་མང་ཚོགས་ཚོའི་སེམས་ལ་ཟུག་པ་བྱས་ཡོད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ད་དུང “སྐར་མ་བཅུ་རིམ་པའི་དཔེ་སྟོན་གྲོང་ཚོ ”བསྐྲུན་རྒྱུའི་བླང་བྱ་གཞིར་བཟུང་ཞིང་དར་ཞིང་ཕན་སྲིད་ཇུས་ཁག་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་རིག་གནས་དང་། ཚན་རྩལ། བཅའ་ཁྲིམས། འཕྲོད་བསྟེན་བཅས “གཤམ་སྤེལ་བཞིའི ”བྱེད་སྒོ་སྤེལ་བར་བརྟེན་མང་ཚོགས་ཀྱིས་དུས་ཐོག་ཏུ་སྲིད་ཇུས་ཤེས་རྟོགས་དང་ཁོང་དུ་ཆུད་ཐུབ་པ་བྱུང་བ་རེད།

        སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་ཚོའི་ཤེས་དཔལ་གྱི་རྨང་གཞི་བརྟན་དུ་བཏང་ཅིང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་བྱས་ཏེ “གོམ་སྟབས་གསུམ་གྱི་ཐོག་ནས་སྐྱོད་པ ”བརྒྱུད་གྲོང་ཚོའི་རྣམ་པ་བཅོས་སྒྲིག་བྱེད་པའི་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་པ་སྟེ། གོམ་སྟབས་དང་པོ་ནི་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ནས་གད་སྙིགས་སྦས་ས་དང་སྤྱི་པའི་གསང་སྤྱོད་སྐྲུན་པ་དང་། གོམ་སྟབས་གཉིས་པ་ནི་ལས་བྱེད་མང་ཚོགས་སྐུལ་སློང་བྱས་ཏེ་གཙང་སྦྲའི་ལས་འགུལ་སྤེལ་ནས་ཁུག་ཀྱོག་གི་གད་སྙིགས་ཕྱགས་པ་དང་། གད་སྙིགས་སྦས་པ། གཞུང་ལམ་དང་སྒོ་ར་ཕྱགས་པ་བཅས་བྱས་པ། གོམ་སྟབས་གསུམ་པ་ནི་གྲོང་ཚོ་སྔོ་འགྱུར་དང་མཛེས་བཟོ་བྱས་པ་དང་གྲོང་ཚོའི་རྩ་འཛུགས་ལ་ལམ་བཟོ་རོགས་དང་། སྡོད་ཁང་སྐྲུན་རོགས། ལམ་སྒྲོན་བསྒར་རོགས། ལུས་སྦྱོང་སྒྲིག་ཆས་བསྒར་རོགས་བཅས་བྱས་ལ་ཤིང་འཛུགས་རྩྭ་འདེབས་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་ཁོར་ཡུག་མཛེས་སུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།