དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • མི་སེར་གྱི་སྙིང་ཉེ་བ་ཞིག་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་བྱེད་སྒོ་སྤེལ་ཚུན་གྲོང་ཚོ་ཁག་ཏུ་བཅའ་སྡོད་ལྗོངས་ཁྲིམས་འཛིན་ཐིང་གི་ལས་དོན་རུ་ཁག་གིས་མི་རྩ་བར་འཛིན་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་ རྒུས་མང་ཚོགས་ཀྱི་སེམས་ཁྲལ་བསལ་ཏེ་མི་སེར་གྱི་སྙིང་ཉེ་བ་ཞིག་དངོས་འབྲེལ་བྱེད་ཐུབ་པ་བྱས་ཡོད།

        ཆབ་མདོ་ས་ཁུལ་གོ་འཇོ་རྫོང་མིག་མདོ་གྲོང་ཚོར་བཅའ་སྡོད་ཁྲིམས་འཛིན་ཐིང་གི་ལས་དོན་རུ་ཁག་གིས་འཚམས་འདྲི་ཞུ་སྐབས་མིག་མདོ་གྲོང་ཚོའི་སྨད་ར་རང་བྱུང་གྲོང་ཚོའི་དཀའ་ངལ་ཡོད་པའི་བཀྲ་ཤིས་ཆོས་འཕེལ་ཁྱིམ་གྱི་ལོ་20ལ་སླེབས་པའི་བུ་མོ་ཆོས་ཉིད་མཚོ་མོ་ན་ནིང་རིར་ཤིང་སྒྲུག་པར་འགྲོ་སྐབས་གཡང་ནས་ལྷུང་སྟེ་རྐང་པ་གཡས་པར་རྨས་སྐྱོན་ཕོག་ཀྱང་ཁྱིམ་ལ་སྨན་ཡོན་སྤྲོད་རྒྱུ་མེད་པར་བརྟེན་གྲོང་ཚོའི་ནང་ཡུལ་ཐབས་ལ་བརྟེན་ནས་སྨན་བཅོས་བྱས་ཀྱང་རྨ་ཁ་ཉིན་བཞིན་ཚབས་ཆེ་རུ་ཕྱིན་ཏེ་ད་ལྟ་ལངས་ནས་འགྲོ་ཐུབ་ཀྱི་མེད་པ་ཤེས་རྟོགས་བྱུང་བ་རེད།

        ལས་དོན་རུ་ཁག་གིས་ཆོས་ཉིད་མཚོ་མོའི་ཁྱིམ་གྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་ཁྱིམ་བདག་ལ་བསམ་བློའི་སློབ་གསོ་བརྒྱབ་སྟེ་དུས་ཐོག་ཏུ་ཆོས་ཉིད་མཚོ་མོ་གོ་འཇོ་རྫོང་སྨན་ཁང་དུ་བརྟག་དཔྱད་བྱེད་པར་བསྐྱལ་བ་དང་བརྟག་དཔྱད་བྱས་པ་བརྒྱུད་ཆོས་ཉིད་མཚོ་མོའི་རྐང་པ་གཡས་པ་ཧྲུག་ཆག་ཐེབས་པས་ཆ་རྐྱེན་བཟང་བའི་སྨན་ཁང་དུ་ཕྱིན་ནས་གཤགས་བཅོས་བྱེད་དགོས་ཀྱི་ཡོད། གལ་སྲིད་དུས་ཐོག་ཏུ་གཤགས་བཅོས་མ་བྱས་ཚེ་བུ་མོ་ཚེ་གང་རིང་དབང་པོ་སྐྱོན་ཅན་དུ་འགྱུར་རྒྱུ་རེད།

        གནས་ཚུལ་དེ་ཤེས་རྗེས་ལས་དོན་རུ་ཁག་གིས་འཕྲལ་དུ་རླངས་འཁོར་གྱི་བརྡལ་གླ་དང་འཚོ་བའི་འགྲོ་གྲོན་སྒོར་1000བཏང་སྟེ་བཀྲ་ཤིས་ཆོས་འཕེལ་ལ་བུ་མོ་ས་ཁུལ་སྨན་ཁང་དུ་སྨན་བཅོས་བྱེད་པར་འཁྲིད་དུ་བཅུག་པ་རེད། ས་ཁུལ་སྨན་ཁང་གིས་བརྟག་དཔྱད་བྱས་པ་བརྒྱུད་ལམ་སེང་གཤགས་བཅོས་བྱེད་དགོས་པའི་གྲོས་འགོ་བཏོན་པ་དང་འབྲེལ་ནད་པའི་ཁྱིམ་ལ་གཤགས་བཅོས་འགྲོ་གྲོན་སྒོར་ཁྲི་2ལྷག་ཙམ་གྲ་སྒྲིག་བྱེད་དགོས་ཞེས་བཤད་པ་རེད། འོན་ཀྱང་བཀྲ་ཤིས་ཆོས་འཕེལ་གྱི་ཁྱིམ་ཚང་སྐྱོ་བས་སྨན་བཅོས་བྱེད་དགོས་བསམ་ཡང་གཤགས་བཅོས་ཀྱི་འགྲོ་གྲོན་འདང་ངེས་ཤིག་གྲ་སྒྲིག་བྱེད་ཐབས་བྲལ་སྟབས་གཤགས་བཅོས་བྱས་མེད།

        ཆོས་ཉིད་མཚོ་མོར་དུས་ཐོག་ཏུ་སྨན་བཅོས་བྱེད་ཐུབ་ཆེད་ལས་དོན་རུ་ཁག་གིས་ཕྱོགས་གཅིག་ནས་ཤང་ཏང་ཨུད་དང་སྲིད་གཞུང་དང་མཐུན་སྦྱོར་བྱས་ཏེ་དབུལ་སྐྱོར་རོགས་དངུལ་སྒོར་ཁྲི་1ལྷག་ཙམ་དོན་འཁྱོལ་བྱས་པ་དང་ཕྱོགས་གཞན་ཞིག་ནས་ནད་པའི་ནང་མིར་ངང་རྒྱུད་རིང་པོའི་ངང་ཁ་ཏ་བྱས་པ་མ་ཟད། ཁྲིམས་འཛིན་ཐིང་ཏང་ཨུད་ལ་སྙན་སེང་ཞིབ་ཕྲ་ཡང་ཞུས་པ་རེད། དོན་དེར་ཁྲིམས་འཛིན་ཐིང་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་ངེས་པར་དུ་ཆོས་ཉིད་མཚོ་མོའི་རྐང་པ་སེང་དྲགས་ཡོང་བ་བྱེད་དགོས་པའི་རེ་བ་བཏོན་ཡོད། ལས་དོན་རུ་ཁག་གིས་བཀྲ་ཤིས་ཆོས་འཕེལ་ལ་ཐིང་ཏང་ཨུད་ཀྱིས་ཁོང་ཚོའི་ནང་མིར་འཚམས་འདྲི་ཞུ་ལུགས་བརྒྱུད་བསྒྲགས་བྱས་པ་དང་ཆབས་ཅིག་མ་དངུལ་གྲབས་གསོག་བྱས་ཏེ་སྨན་བཅོས་ཀྱི་འགྲོ་གྲོན་སྒོར་ཁྲི་1ཐག་གཅོད་ཀྱང་བྱས་ཡོད།

        བཀྲ་ཤིས་ཆོས་འཕེལ་གྱིས་སེམས་འགུལ་ཐེབས་བཞིན་དུ་ལས་དོན་རུ་ཁག་ལ་ཁྲིམས་འཛིན་ཐིང་ཏང་ཨུད་དང་གྲོང་ཚོར་བཅའ་སྡོད་ཁྲིམས་འཛིན་ཐིང་གི་ལས་དོན་རུ་ཁག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་སླད་ཕྱིན་ངེས་པར་དུ་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དབུལ་པོའི་ཞྭ་མོ་སྔ་ཙམ་ཕུད་དེ་ཁྲིམས་འཛིན་ཐིང་ཏང་ཨུད་ཀྱི་ཐུགས་ཁུར་དང་རེ་བར་དྲིན་ལན་འཇལ་རྒྱུ་ཡིན་ཞེས་བཤད་པ་རེད།

        ད་ལོ་ལོ་63ལ་སླེབས་པའི་གོ་འཇོ་རྫོང་ཕུ་གཤོང་གྲོང་ཚོའི་གྲོང་མི་ཚེ་རིང་གཡང་འཛོམས་ལ་རྒྱུ་ལྷག་གི་ཚ་ནད་ཕོག་སྟེ་རྫོང་སྨན་ཁང་དུ་སྨན་བཅོས་བྱས་རྗེས་ཉིན་ཁ་ཤས་ཀྱི་སྨན་བླངས་ནས་ཁྱིམ་དུ་ལོག་པ་ལས་ཕྱོགས་ཡོངས་ནས་བརྟག་དཔྱད་དང་སྨན་བཅོས་བྱས་མེད།

        ཁྱིམ་དུ་ལོག་པའི་ཉིན་དེའི་དགོང་མོ་ནད་གཞི་ལྕི་རུ་འགྲོ་འགོ་ཚུགས་ཏེ་གྲོད་པ་སྐྲང་བ་དང་ན་ཟུག་ཚད་མེད་བཏང་ནས་གནས་ཚུལ་ཚབས་ཧ་ཅང་ཆེ་བ་ཞིག་ཡོད། འོན་ཀྱང་ཕུ་གཤོང་རྫོང་དང་རྫོང་གྲོང་དབར་བར་ཐག་རིང་ཙམ་ཡོད་པ་དང་འགྲིམ་འགྲུལ་སྟབས་མི་བདེ་བའི་ཁར་གནམ་གཤིས་ཀྱང་གྲང་བར་བརྟེན་སྦག་སྦག་འཁོར་ལོ་བཏང་ནས་ནད་པ་སྨན་ཁང་དུ་བསྐྱལ་ཚེ་ལམ་བར་དུ་ནད་པའི་བདེ་འཇགས་འགན་སྲུང་བྱེད་ཐབས་བྲལ་ནས་ནང་མི་ཚོ་ག་བྱེད་འདི་བྱེད་མེད་པར་གྱུར་བའི་སྐབས་གྲོང་ཚོར་བཅའ་སྡོད་ཁྲིམས་འཛིན་ཐིང་གཞིས་རྩེ་ངལ་རྩོལ་སྒྱུར་བཀོད་སློབ་གསོ་ཁང་གི་ལས་དོན་རུ་ཁག་གིས་གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་རང་འགུལ་ངང་ནད་པ་རྫོང་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་མ་ཟད། ལས་དོན་རུ་ཁག་གི་རུ་མིས་སྨན་བཅོས་གོ་རིམ་ཧྲིལ་པོར་ལྟ་སྐྱོང་བྱས་ཏེ་ནད་པ་དང་ནང་མིར་སྐད་སྒྱུར་བྱས་པ་དང་འགྲོ་ལུགས་གཉེར་རོགས་བྱས་ཡོད། སྨན་བཅོས་ཁང་གི་སྨན་དོན་མི་སྣས་ནུས་ཤུགས་ཡོད་རྒུས་སྨན་བཅོས་བྱས་པ་དང་ལས་དོན་རུ་ཁག་གིས་ལྟ་སྐྱོང་ཞིབ་ཚགས་བྱས་པས་ནད་གཞི་ཚོད་འཛིན་བྱེད་ཐུབ་པ་མ་ཟད། རིམ་བཞིན་དྲག་ཏུ་སོང་ཡོད། ལས་དོན་རུ་ཁག་འགྲོ་རྩིས་བྱེད་སྐབས་ཚེ་རིང་གཡང་འཛོམས་ཀྱི་ཨ་མས་ལས་དོན་རུ་ཁག་གི་རུ་དཔོན་གྱི་ལག་ནས་བཟུང་སྟེ་སེམས་འགུལ་ཐེབས་བཞིན་དུ་དེ་རིང་ཁྱེད་ཚོས་རང་ཉིད་ཀྱི་ལས་ཀ་བཞག་སྟེ་ང་ཚོ་སྨན་ཁང་དུ་བསྐྱལ་བ་དང་སྨན་ཁང་གི་འགྲོ་ལུགས་གཉེར་རོགས་གནང་བས་ང་ཚོ་ནང་མི་ཚང་མས་ཏང་དང་སྲིད་གཞུང་གི་བཀའ་དྲིན་བརྗེད་མི་སྲིད། སླད་ཕྱིན་ངེས་པར་དུ་རང་ཉིད་ཀྱི་བྱ་སྤྱོད་ངོ་མར་བརྟེན་ནས་ཏང་དང་སྲིད་གཞུང་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་བཤད་པ་རེད།

        འདི་ནི་ལྗོངས་བཟོ་ཚོང་ཅུས་ཀྱི་འཚམས་འདྲི་ཚོགས་ཆུང་དང་བཅས་པས་རྔ་ཆེན་བྱང་ལམ་སྡེ་ཁུལ་གྱི “རྒན་གྲས་གསུམ་གྱི་མི་སྣ ”དང་གླེང་མོལ་བྱེད་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།