དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • བོད་ལྗོངས་བཟོ་ཚོང་ཅུས་ཀྱིས་བཅའ་སྡོད་བྱ་ཡུལ་གྱི་གྲོང་ཚོ་ཁག་གི་མང་ཚོགས་ལ་དྲོ་སྐྱིད་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉེ་ཆར་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་ཅུས་ཀྲང་ཏོན་རང་ཀྲེང་དང་ཅུས་དེའི་འབྲེལ་ཡོད་འགན་འཁུར་བས་ཚོགས་ཆུང་ཁག་གཉིས་སུ་བགོས་ཏེ་བཅའ་སྡོད་བྱ་ཡུལ་གྲོང་ཚོ་5ལ་ཕྱིན་ནས་དེ་གར་བཅའ་སྡོད་བྱེད་མཁན་ལས་དོན་ཚོགས་ཆུང་དང་མང་ཚོགས་ལ་འཚམས་འདྲི་བྱས་ཡོད།

        ལྗོངས་བཟོ་ཚོང་ཅུས་ཀྱི་འཚམས་འདྲི་ཚོགས་ཆུང་གིས་ཁྲེང་ཀོན་ཆུས་རྔ་ཆེན་བྱང་ལམ་སྡེ་ཁུལ་དང་། ལྷོ་ཁ་ས་ཁུལ་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་གྱི་གྲི་གུ་སྡེ་ཁུལ། ཙོང་ཙོང་། བྲག་རྩ། སྒྲུབ་བདེ་བཅས་གྲོང་ཚོ (སྡེ་ཁུལ )ལྔ་ལ་དྲོ་སྐྱིད་སྐྱེལ་བའི་འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད།

        འཚམས་འདྲི་ཚོགས་ཆུང་གང་དུ་སླེབས་ཀྱང་དེ་གའི་ཡུལ་མི་རྣམས་ཀྱིས་མཐའ་བསྐོར་ཡོད། ཙོང་ཙོང་གྲོང་ཚོར་འཚམས་འདྲི་ཚོགས་ཆུང་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག ཡུལ་མི་བཅས་ཀྱིས་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་ན་གཞོན་ཕོ་མོ་ཚོའི་རིག་རྩལ་འཁྲབ་སྟོན་ལ་བལྟས་ཤིང་། འདི་ལོ་ལོ་ན་56ལ་སླེབས་པའི་རྒྱལ་མཚན་གྱིས “གྲོང་ཚོར་འཁྲུག་ཆ་དོད་པོ་འདི་འདྲ་ཡུན་རིང་པོ་བྱུང་མྱོང་མེད། འདི་ལོ་གྲོང་ཚོར་བཅའ་སྡོད་ལས་བྱེད་པས་ཁ་ཐོར་དུ་སོང་བའི་རིག་རྩལ་འཁྲབ་སྟོན་རུ་ཁག་བསྐྱར་དུ་སྒྲིག་འཛུགས་བྱས་པས་ཕྱིས་འབྱུང་རིག་རྩལ་ལེ་ཚན་རྟག་ཏུ་མཐོང་རྒྱུ་ཡོང་བ་མ་ཟད། གྲོང་ཚོའི་ནང་གི་རིག་གནས་རྣམ་པ་ཟབ་ཏུ་སོང་ནས་ཡུལ་མི་ཕན་ཚུན་དབར་འབྲེལ་བའང་ཟབ་ཏུ་འགྲོ་རྒྱུ་རེད ”ཅེས་བཤད།

        བྲག་རྩ་གྲོང་ཚོར་འཚམས་འདྲི་ཚོགས་ཆུང་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མཉམ་དུ “རྒན་གྲས་གསུམ ”དང “འགན་ལེན་ལྔའི་དུད་ཚང ”ལ་འཚམས་འདྲི་བྱས་ཏེ་འབྲས་དང་། གྲོ་ཞིབ། ཇ་བག་ཆུང་སོགས་འཚམས་འདྲིའི་དངོས་པོ་བསྐྱལ་བ་དང་ཞིང་འབྲོག་པར་ཁྱིམ་ཚང་གི་འཚོ་བ་དང་གཟུགས་པོའི་གནས་ཚུལ་སོགས་བདེ་སྡུག་དྲིས་ནས་ཁོ་ཚོའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད།

        གཞན་ཡང་། འཚམས་འདྲི་ཚོགས་ཆུང་རྔ་ཆེན་བྱང་ལམ་སྡེ་ཁུལ་དུ་ཡོང་ནས་དེའི “རྒན་གྲས་གསུམ ”ལ་འཚམས་འདྲི་བྱས་ཤིང་། རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་བསྟན་པ་རྒྱལ་མཚན་དང་བློ་བཟང་གི་ཁྱིམ་དུ་ཕྱིན་ནས་ཁོང་ཚོའི་འཚོ་བ་དང་ཁྱིམ་ཚང་སོགས་གནས་ཚུལ་ཞིབ་ཕྲ་དྲིས་ནས་འཚོ་བ་སྐྱིད་པོ་ཡོད་པ་མཐོང་སྐབས་ཏོན་རང་ཀྲེན་ཧ་ཅང་དགའ་པོ་བྱུང་ནས་ཁོང་ཚོར་གཟུགས་པོར་བདག་གཅེས་བྱས་ཏེ་ཚེ་མཇུག་སྐྱིད་པོ་སྐྱེལ་དགོས་ཞེས་བཤད། འཚམས་འདྲི་ཚོགས་ཆུང་སྡེ་ཁུལ་གྱི་ཕྱུག་འགྱུར་སྣེ་འཁྲིད་པ་ཟླ་བའི་ཁྱིམ་དུ་ལོ་གསར་པའི་འཚམས་འདྲི་བྱེད་པར་འགྲོ་སྐབས་ཟླ་བས་རང་སྒེར་གྱིས་གཉེར་བའི་ཁེ་ལས་བཙུགས་པ་ནས་བཟུང་བཟོ་ཚོང་ཅུས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་ཐོབ་ལ་ལས་དོན་ཚོགས་ཆུང་སླེབས་ཚུན་སྔར་བས་རོགས་སྐྱོར་ཆེན་པོ་གནང་བྱུང་ཞེས་བཤད་པ་ཅུས་ཀྲང་ཏོན་རན་ཀྲེན་གྱིས་ཉན་རྗེས་ལས་དོན་ཚོགས་ཆུང་ལ་སྡེ་ཁུལ་དུ “གསོ་སྦྱོང་གསུམ ”ཡག་པོ་བྱ་རྒྱུར་རོགས་རམ་ཧུར་ཐག་བྱས་ནས་ཟླ་བ་དང་འདྲ་བའི་ཕྱུག་འགྱུར་འཇོན་ཐང་ཅན་ཏང་ཡོན་དུ་གསོ་སྦྱོང་དང་སྡེ་ཁུལ་ཏང་ཀྲི་པུའི་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་རོགས་རམ་བྱེད་དགོས་པའི་མངགས་ཆ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།