དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཞིང་ཆུ་དྲངས་པས་འབྲུ་མཛོད་བྱུར་བུར་གཏམས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        དིང་རི་རྫོང་གད་དམར་ཤང་གླིང་ནུབ་གྲོང་ཚོར་བཅའ་སྡོད་གཞིས་རྩེ་ས་ཁུལ་ཁྲིམས་འཛིན་ཁྲུའུ་ཡི་ལས་དོན་རུ་ཁག་གིས་གླིང་ནུབ་གྲོང་ཚོའི་ཐོན་སྐྱེད་ཀྱི་རྨང་གཞིའི་སྒྲིག་བཀོད་ཐད་བརྟག་ཞིབ་ཟབ་མོ་བྱས་རྗེས་གྲོང་ཚོའི་ཨུ་ལྷན་གཉིས་དང་དེ་བཞིན་མང་ཚོགས་ཀྱི་རེ་བ་ཆེན་པོ་ལྟར་གྲོང་ཚོའི་ས་ཞིང་མུའུ་780ལ་ཆུ་འདྲེན་པའི་གནད་དོན་ཐག་གཅོད་གང་ཐུབ་བྱ་རྒྱུ་ཐག་བཅད་པ་རེད།

        དིང་རི་རྫོང་གད་དམར་ཤང་གླིང་ནུབ་གྲོང་ཚོར་ཁྱོན་དུད་ཚང་60དང་གྲོང་མི་391ཡོད་ཅིང་། གྲོང་ཚོ་དེ་ཡོངས་སུ་རྨོ་ཞིང་མུའུ་1079ཡོད་པའི་ཁྲོད་མུའུ་780ནི་ཆུ་འདྲེན་ཐུབ་པའི་ཞིང་ས་ཡིན། གྲོང་ཚོ་དེ་དང་ནུབ་ལུང་གྲོང་ཚོ་དང་བར་མཚོ་གྲོང་ཚོ་བཅས་ཤང་གཅིག་གི་ཁོངས་སུ་གཏོགས་པས་ཤང་དེ་གའི་མངའ་ཁོངས་ཀྱི་ཧུང་དཀར་ཆུ་བོ་མཉམ་དུ་སྤྱོད་བཞིན་ཡོད་ཀྱང་། གྲོང་ཚོ་དེ་གནས་ཡུལ་གོང་གི་གྲོང་ཚོ་གཉིས་ཀྱི་གཤམ་དུ་ཡོད་པས། ཆུ་འདྲེན་དུས་ཚིགས་སུ་སྟོད་རྒྱུད་གྲོང་ཚོ་གཉིས་ཀྱི་ཞིང་སར་ཆུ་དྲངས་རྗེས་གཞི་ནས་ཆུ་འདྲེན་དགོས་པས་གྲོང་ཚོ་དེ་གའི་གྲོང་མི་ཚོས་ཆུ་འདྲེན་དུས་ཚིགས་སུ་ཉིན་མཚན་བསྟུད་མར་ཆུ་སྒུག་དགོས་ཤིང་། མཚམས་རེར་ཐ་ན་དུས་ལྟར་ཆུ་འདྲེན་མ་ཐུབ་པའི་རྐྱེན་གྱིས་ལོ་ཏོག་གི་ཐོན་ཚད་ཆེས་ཆེར་ཆག་བཞིན་ཡོད།

        བཅའ་སྡོད་ལས་དོན་རུ་ཁག་གིས་དིང་རི་རྫོང་ཆུ་བེད་སྡེ་ཚན་དང་ཤང་སྲིད་གཞུང་དབར་གྲོས་མོལ་ཐེངས་མང་བྱས་རྗེས་གྲོང་ཚོ་དེ་གའི་ཞིང་ཆུ་འདྲེན་པའི་གནད་དོན་ཐག་གཅོད་རྒྱུར་བརྩོན་ལེན་བྱ་རྒྱུ་ནི་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་དོན་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཤིང་། དིང་རི་རྫོང་ཆུ་བེད་ཅུས་ཀྱིས་ཡུལ་དངོས་སུ་རྟོག་ཞིབ་བྱས་པའི་རྨང་གཞིའི་ཐོག་བཅའ་སྡོད་ལས་དོན་རུ་ཁག་གིས་ས་ཁུལ་ཆུ་བེད་ཅུས་ཀྱི་ཁོངས་གཏོགས་ཀྱི་ཆུ་བེད་རུ་ཁག་གདན་དྲངས་ཏེ་ཡུལ་དངོས་ཀྱི་འཆར་འགོད་དང་ཆོག་འཐུས་རང་བཞིན་གྱི་ཞིབ་འཇུག་བྱས་པ་རེད།

        ཞིང་ཆུ་འདྲེན་པའི་རྣམ་གྲངས་དེ་བསྐྲུན་པ་ལས་གྲོང་ཚོ་དེ་གའི་ཞིང་ས་མུའུ་780ཡི་ཆུ་འདྲེན་གནད་དོན་བསལ་ངེས་ཡིན་པ་དང་། མིག་སྔར་མུའུ་རེའི་ཐོན་ཚད་ཚོད་རྩིས་བྱས་ན་རྒྱ་མ་350ཙམ་ཡོད་ཅིང་། ཉུང་མཐར་མུའུ་རེར་རྒྱ་མ་50འཕར་བ་ལྟར་རྩིས་བརྒྱབ་ཚེ་རྒྱ་མ་39000འཕར་སྲིད་པ་དེ་གྲོང་ཚོ་དེ་གའི་ལོ་ཏོག་གི་ཐོན་ཚད་མཐོ་རུ་འགྲོ་བ་དང་། གྲོང་ཚོ་དེ་གའི་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་མ་ཐེབས་པ། ཞིང་པའི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་ལེགས་སུ་འགྲོ་བ་བཅས་ཀྱི་ཐད་ནུས་པ་ཆེན་པོ་ཐོན་ངེས་རེད།

        ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་སྟག་རྩེ་རྫོང་གཙང་ཏོག་ཤང་གཙང་ཏོག་གྲོང་ཚོར་སྐྱོད་སྐབས་གྲོང་ཚོ་དེའི་ཏང་ཀྲི་པུའི་ཏང་ཡོན་ཚོགས་ཁང་དུ་སྒྲིག་ཆས་ཆ་ཚང་པོ་མེད་པ་ཤེས་རྟོགས་བྱུང་བས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ལམ་སེང་ཅུས་ཀྱི་འགོ་ཁྲིད་ལ་སྙན་སེང་ཞུས་ནས་དཀའ་ངལ་ཐག་གཅོད་ཐུབ་རེ་བྱས་པ་རེད། ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་འགོ་ཁྲིད་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད་མ་དངུལ་སྒོར་15000ལྷག་ཙམ་བཏང་ནས་གྲོང་ཚོ་དེའི་ཏང་ཡོན་ཚོགས་ཁང་ལ་སྒྲོག་ཙེ་43དང་རྐུབ་སྟེགས་86ཉོ་རྒྱུ་གཏན་འབེབས་བྱས་པ་དང་དུས་མཚུངས་བོད་རྒྱ་ཡིག་རིགས་གཉིས་ཀྱི་པར་གཞི་ཡོད་པའི 《གཙང་ཏོག་གྲོང་ཚོའི་ཏང་དོན་ཡོངས་བསྒྲགས་ལམ་ལུགས 》དང 《གཙང་ཏོག་གྲོང་ཚོ་ཨུ་ལྷན་གྱི་ལས་ཀའི་ལམ་ལུགས 》《གཙང་ཏོག་གྲོང་ཚོའི་གྲོང་དོན་དམངས་གཙོའི་ཐབས་ཇུས་ལམ་ལུགས 》སོགས་ཀྱི་མ་ཟིན་བཀོད་ཅིང་། འདི་ནི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ཏང་ཡོན་ཚོས་སྒྲོག་ཙེ་དང་རྐུབ་སྟེགས་གསར་པ་རླངས་འཁོར་ཐོག་ནས་འབེབས་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།