དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ལྷོ་ཁ་ས་ཁུལ་བཟོ་ཚོང་ཅུས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དམངས་ལ་བྱ་བ་དངོས་བསྒྲུབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉིན་ཤས་གོང་གསར་འགོད་པས་ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་ཕྱོགས་ཁ་ཐང་གྲོང་ཚོར་བཅའ་སྡོད་ལྷོ་ཁ་ས་ཁུལ་བཟོ་ཚོང་ཅུས་ཀྱི་ལས་དོན་རུ་ཁག་ནས་ཤེས་རྟོགས་བྱས་པར། ལས་དོན་ཚོགས་ཆུང་གྲོང་ཚོར་བཅའ་སྡོད་བྱས་པ་ནས་བཟུང་བཅར་འདྲི་གཏིང་ཟབ་བྱས་ནས་ཕྱོགས་ཁ་ཐང་གི་དོན་དངོས་དང་ཟུང་འབྲེལ་གྱིས་གྲོང་ཚོའི་ལས་དོན་ཁག་སྤེལ་རོགས་ཧུར་ཐག་བྱས་པར་ས་གནས་དེ་གའི་མང་ཚོགས་ཀྱི་བསྔགས་བརྗོད་བཟང་པོ་ཐོབ་ཡོད་པ་རེད།

        ལས་དོན་རུ་ཁག་གིས་གྲོང་ཚོ་ཨུ་ཡོན་ལྷན་ཁང་ལ་2011ལོའི་རྒྱལ་དམངས་དཔལ་འབྱོར་བསྡོམས་རྩིས་ལས་དོན་སྤེལ་རོགས་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་མིག་སྔའི་དཔལ་འབྱོར་ཡོང་འབབ་དང་ཁྱིམ་ཚང་གི་གནས་ཚུལ་སོགས་བསྡོམས་རྩིས་ལས་དོན་ཞིབ་ཅིང་ཕྲ་བའི་སྒོ་ནས་སྤེལ་བ་དང་། གྲོང་ཚོའི “ཨུ་ཡོན་ལྷན་ཁང་གཉིས ”ལ་ཏང་ཀྲི་པུས་སྲོག་ཤིང་དུ་བྱས་པའི་རྩ་འཛུགས་འཛུགས་སྐྱོང་དང་ཏང་ཡོན་དཔུང་ཁག་འཛུཌ་སྐྱོང་བྱེད་རོགས་བྱས་ཏེ་ཏང་ཡོན་3གསོ་སྐྱོང་བྱས་པ་དང་གྲ་སྒྲིག་ཏང་ཡོན་4འཕེལ་རྒྱས་བཏང་བ། གྲོང་ཚོའི་རྩ་འཛུགས་ལ་གྲོང་ཚོའི་སྒྲིག་སྲོལ་ལམ་ལུགས་དང་། “ཨུ་ཡོན་ལྷན་ཁང་གཉིས ”ཀྱི་ཚན་ཁག་ཁོངས་མིའི་གཞི་རྩའི་འགན་འཁྲི། ཏང་ཀྲི་པུའི་ལས་དོན་ལམ་ལུགས། གྲོང་མིའི་འཐུས་མིའི་གྲོས་ཚོགས་ལམ་ལུགས། གྲོང་དོན་ཡོངས་བསྒྲགས་ལས་དོན་ལམ་ལུགས། ནོར་དོན་དོ་དམ་ལམ་ལུགས། སྤྱི་ཚོགས་བདེ་འཇགས་དོ་དམ་ལམ་ལུགས་སོགས་འཛུགས་རོགས་དང་འཐུས་སྒོ་ཚང་དུ་གཏོང་རོགས་བྱས་པ། གྲོང་ཚོའི “ཨུ་ཡོན་ལྷན་ཁང་གཉིས ”ལ་རྩྭ་ར་འགན་གཙང་ལེན་མཁན་གྲོང་ཚོ་དང་གྲོང་ཚོའི་ས་མཚམས་དབྱེ་འབྱེད་ལས་དོན་སྤེལ་རོགས་བྱས་པ་སོགས་རེད།

        ལས་དོན་རུ་ཁག་གིས་བརྩེ་སེམས་ཟབ་མོ་བཅངས་པ་དང་ལས་འགན་ཕྲག་སྟེང་དུ་འཁུར་ཏེ་གཞི་རིམ་དུ་བསྐྱོད་ནས་མང་ཚོགས་ཀྱི་བསམ་འཆར་ནན་ཏན་ངང་ཉན་པ་དང་། མང་ཚོགས་ཀྱི་བསམ་འདུན་ཤེས་རྟོགས་བྱས་པ། མང་ཚོགས་ཀྱི་ཁྱིམ་ཚང་གི་གནས་ཚུལ་དང་། དཔལ་འབྱོར་ཡོང་འབབ། རྨོ་ཞིང་རྒྱ་ཁྱོན་སོགས་ཀྱི་རྩ་བའི་གནས་ཚུལ་དང་། འཕྲད་པའི་དཀའ་ངལ་མཐིལ་རྟོགས་བྱས་པ། གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུའི་ཐད་ཀྱི་མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་པ། ཞིང་འབྲོག་མང་ཚོགས་ལ་བསམ་བློ་བཅིངས་འགྲོལ་གཏོང་རྒྱུ་དང་། མིག་རྒྱང་རིང་དུ་གཏོང་རྒྱུ། ཕྱུག་འགྱུར་འཇོན་ཐང་ཆེ་རུ་གཏོང་རྒྱུ་བཅས་ཀྱི་ལྕག་སྐུལ་བྱས་པ། “སྒུག་བརྟེན་སློང ”གསུམ་གྱི་བསམ་བློ་འདོར་བ་དང་སྦྲགས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལ་བསྒྱུར་བ་གཏོང་རོཌ་བྱས་པ། འཕེལ་རྒྱས་ཀྱི་འདུ་ཤེས་ཆེ་རུ་གཏོང་ཐབས་བྱས་པ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུཌ་སྐྲུན་བྱེད་པའི་ཞིང་འབྲོག་མང་ཚོཌ་ཀྱི་སྤྲོ་སེམས་འཕེལ་བ་དང་ཆོད་སེམས་བརྟན་དུ་བཏང་བ་བཅས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།