དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • བོད་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དམངས་ཕན་རྣམ་གྲངས་དོན་འཁྱོལ་ནུས་ལྡན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཀོང་པོ་རྒྱ་མདའ་རྫོང་དུ་བཅའ་སྡོད་རང་སྐྱོང་ལྗོངས་དབུལ་སྐྱོར (ཞིང་ལས་གསར་སྤེལ )གཞུང་ལས་ཁང་གི་ལས་དོན་རུ་ཁག་4ཡིས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་སྤེལ་རིང་དམངས་ལ་བྱ་བ་དངོས་བསྒྲུབ་རྒྱུ་དང་། དམངས་ལ་སེམས་ཁྲལ་སེལ་རོགས་བྱ་རྒྱུ། དམངས་ལ་ཕྱུག་འགྱུར་ལམ་བུ་འཚོལ་རོགས་བྱ་རྒྱུ་བཅས་གནས་བབ་གལ་ཆེན་ཐོག་བཞག་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནད་དོན་མང་དག་ཅིག་ཐག་གཅོད་ཏན་ཏིག་བྱས་ཡོད་པ་རེད།

        དམངས་ཕན་རྣམ་གྲངས་དོན་འཁྱོལ་སྔ་ཙམ་ཡོང་བ་བྱ་ཆེད་ལྗོངས་དབུལ་སྐྱོར (ཞིང་ལས་གསར་སྤེལ )གཞུང་ལས་ཁང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དཀའ་ངལ་ལ་མ་འཛེམ་པར་འཕྲལ་མ་ཉིད་དུ་བརྟག་ཞིབ་བྱ་རྒྱུ་དང་། འཕྲལ་མ་ཉིད་དུ་འཆར་གཞི་འགོད་རྒྱུ། འཕྲལ་མ་ཉིད་དུ་ཞིབ་དཔྱད་སྙན་ཞུ་འབུལ་རྒྱུ་བཅས་མཐའ་འཁྱོངས་བྱས་ཏེ་བཅའ་སྡོད་བྱ་ཡུལ་ཞིང་ཁུལ་དང་འབྲོག་རར་བསྐྱོད་དེ་སྔ་རྗེས་སུ་བཞུགས་མོལ་ཚོགས་འདུ་ཐེངས་42འཚོགས་པ་དང་། མང་ཚོགས་མི་ཐེངས་1260ལ་འདྲི་རྩད་བྱས་པ། རྨང་གཞིའི་སྒྲིག་བཀོད་དང་། ཞིང་འབྲོག་ལས་ཐོན་སྐྱེད། མང་ཚོགས་ཀྱི་འཚོ་བ། མི་སྡོད་ཁོར་ཡུག་ལེགས་གཏོང་བཅས་ཀྱི་རིགས་བཞིའི་རྣམ་གྲངས་24གཏན་འཁེལ་བྱས་པ་དང་སྦྲགས་ཁྱོན་མ་དངུལ་སྒོར་ཁྲི་1100བཏང་བའི་ནང་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་1000དང་མང་ཚོགས་ཀྱིས་ལས་ཀ་དང་ངལ་རྩོལ་ནང་ཞུགས་པར་དངུལ་སྒོར་ཁྲི་100ཟིན་པ་ཚུད་ཡོད་པ་རེད། མིག་སྔར་ས་ཁུལ་དང་རྫོང་རིམ་པ་གཉིས་ཀྱིས་རྣམ་གྲངས་ཚང་མར་ཞིབ་དཔྱད་བྱས་པ་དང་འབྲེལ་རང་སྐྱོང་ལྗོངས་དབུལ་སྐྱོར (ཞིང་ལས་གསར་སྤེལ )གཞུང་ལས་ཁང་ལ་ཞིབ་བཤེར་མཆན་འགོད་བྱ་རྒྱུར་ཡང་ཕུལ་ཡོད་པ་རེད། རྣམ་གྲངས་འཛུགས་སྐྲུན་ཟིན་རྗེས་ས་གནས་དེ་གའི་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཁྱོན་ཡོངས་ནས་ལེགས་སུ་འགྲོ་རྒྱུ་དང་། དུད་ཚང་240དང་ཞིང་འབྲོག་པ་1080ཡི་ཡོང་འབབ་མང་དུ་འགྲོ་རྒྱུ། འཚོ་བའི་ཆུ་ཚད་མཐོ་རུ་འགྲོ་རྒྱུ་བཅས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།