དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • བློ་སྤོབས་ཆེར་བསྐྱེད་ཀྱིས་སྔོན་དུ་སློབ་སྦྱོང་བྱེད་པ་དང་། སེམས་ནུས་གཅིག་སྡུད་ཐོག་དམངས་འཚོར་ཕན་འདོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཐོག་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་གླེང་མང་བ་དང་དཀའ་གནད་ཀྱི་གནད་དོན་ལ་དམ་པོར་དམིགས་པ་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ་སྒྱུར་བཅོས་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་བྱས་ནས་དམངས་འཚོ་ལེགས་སུ་གཏོང་རྒྱུར་སྐུལ་མ་གཏོང་གི་ཡོད་པ་རེད།

        སློབ་སྦྱོང་གི་འདུ་ཤེས་བསྒྱུར་ཏེ་སློབ་སྦྱོང་གི་བརྒྱུད་རིམ་དེ་མང་ཚོགས་ལ་དོན་དངོས་སྒྲུབ་པའི་བརྒྱུད་རིམ་དུ་འགྱུར་བ་བྱེད་པ།

        ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་བཞི ”བཅས་ཀྱི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་མཐའ་འཁྱོངས་ཀྱིས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ་དེ་རང་གི་ལས་འགན་དང་དམངས་འཚོ་ལེགས་སུ་གཏོང་རྒྱུའི་ཚད་བརྒལ་བྱེད་སར་བརྩིས་ནས་ལག་ལེན་ཁྲོད་དང་མང་ཚོགས་ཁྲོད་བསྐྱོད་དེ་ཁེར་རྐྱང་གི་དཔེ་དེབ་སློབ་སྦྱོང་བྱ་རྒྱུ་དེ་དཔེ་དེབ་ཐོག་ནས་སྦྱོང་བ་དང་། ལག་ལེན་ཐོག་ནས་སྦྱོང་བ། མང་ཚོགས་ལ་སློབ་སྦྱོང་བྱེད་པ་བཅས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་གི་བརྒྱུད་རིམ་དེ་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ། བྱ་བ་བཟང་པོ་སྒྲུབ་པ་བཅས་ཀྱི་བརྒྱུད་རིམ་དུ་འགྱུར་བ་བྱས་པ་རེད།

        ལྷ་ས་དང་། ལྷོ་ཁ། མངའ་རིས་སོགས་ས་ཁུལ་གྱིས་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་ཞིང་ནང་དང་མུ་ཁར་བསྐྱོད་དེ་སློབ་ཁང་གཞི་རིམ་དུ་སྤོས་ནས་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དེ་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་ཐག་གཅོད་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་དམངས་ཀྱི་གནས་ཚུལ་གཏིང་ཟབ་ཤེས་རྟོགས་བྱེད་པ་དང་མང་ཚོགས་ཀྱི་སེམས་གཏིང་གི་སྐད་ཆ་ཉན་ཏེ་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་འཇོན་ཐང་ཆེ་རུ་དང་མིག་རྒྱང་རིང་དུ་གཏོང་བ་དང་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་པར་བརྟེན་ནས་དམངས་འཚོ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་གི་ཡོད། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས “ཚེ་སྲོག་ལ་གཅེས་སྤྲས་དང་བདེ་ཐང་ལ་དོ་ཁུར ”བྱེད་པའི་སྨན་ཡོན་མི་དགོས་པའི་འོས་འགན་བརྟག་དཔྱད་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་ནས་བུད་མེད་2600ལྷག་ཙམ་ལ་སྨན་ཡོན་མི་དགོས་པར་མོ་ནད་བརྟག་དཔྱད་བྱས་པ་དང་། འདེབས་འཛུགས་གསོ་ཚགས་དང་། ཚོས་རྒྱག་པ། བསླས་འཐག དངུལ་ཆས་ལས་སྣོན། བཟའ་བཏུང་། ཁྱིམ་ལས་ཞབས་ཞུ་སོགས་རྩལ་ནུས་གསོ་སྦྱོང་བྱས་ཐོག་བུད་མེད་དང་བྱིས་པ་དང་འབྲེལ་བའི་དམངས་འཚོའི་རྣམ་གྲངས་ཁག་གཅིག་ཧུར་ཐག་བསྒྲུབས་ཡོད། རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་གིས “དམངས་ཀྱི་ཆེད་དུ་སྲིད་སྐྱོང་བ་དང་གྲོང་གསེབ་ཏུ་སྨན་བཅོས་བྱེད་པར་བསྐྱོད་པའི ”འོས་འགན་སྨན་བཅོས་བྱེད་སྒོ་སྒྲིག་འཛུགས་བྱས་པ་དང་གྲོང་ཚོ་དང་ཁྱིམ་དུད་དུ་བསྐྱོད་པའི་བྱེད་ཐབས་ཀྱི་ཐོག་ནས་མི་སེར་གྱི་ཁྱིམ་དུ་སྐོར་སྐྱོད་སྨན་བཅོས་དང་སྨན་སྤྲད་པས་གཞི་རིམ་ཞིང་འབྲོག་མང་ཚོགས་ཀྱི་སྨན་བཅོས་བྱེད་དཀའ་བའི་གནད་དོན་ཞི་ལྷོད་དུ་གཏོང་བ་དང་མང་ཚོགས་ལ་སྟབས་བདེའི་སྨན་བཅོས་བྱེད་ཀྱི་ཡོད་པ་རེད།

        སྦྱངས་པ་གོ་ཆོད་པ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སློབ་སྦྱོང་གི་བརྒྱུད་རིམ་དེ་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་དུ་འགྱུར་བ་བྱེད་པ།

        ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས། ཡུན་རིང་བདེ་འཁོད་བཅས་ལ་སྐུལ་འདེད་གཏོང་བའི་ལས་ཀའི་བརྗོད་བྱ་གཙོ་བོར་དམ་པོར་དམིགས་པ་དང་དམངས་འཚོ་ལེགས་གཏོང་རྒྱུར་དམ་འཛིན་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་ལས་ཀ་འཆར་འགོད་བྱེད་པའི་བསམ་ཕྱོགས་དང་། གནད་དོན་ཐག་གཅོད་བྱེད་པའི་འཇོན་ཐང་། ལས་ཀ་ལེགས་སུ་གཏོང་བའི་བྱ་ཐབས་བཅས་སུ་འགྱུར་བ་བྱས་ཏེ་སློབ་སྦྱོང་གི་ཕན་འབྲས་ལེགས་པའི་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་གི་ཡོད།

        རང་སྐྱོང་ལྗོངས་ཀྱིས “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཆེན་པོ་གཏོང་བ ”བཅས་ལ་དམིགས་པ་དང་ཀྲུང་དབྱང་གི་བོད་སྐྱོར་རྣམ་གྲངས་དང་མ་དངུལ་གྱི་འབྲེལ་མཐུད་དང་དོན་ཐོག་ཏུ་འཁྱོལ་བའི་ལས་དོན་སྤེལ་རྒྱུར་སྐུལ་འདེད་མགྱོགས་སུ་བཏང་ནས་དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་པ་དང་བདེ་སྡོད་ལས་བརྩོན་ཚད་བརྒལ་བྱེད་ས་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཆུ་དང་། གློག ལམ། རྫབ་རླངས། འཕྲིན་གཏོང་། སྦྲག་སྲིད། རླུང་འཕྲིན་བཪྙན་འཕྲིན། ཁོར་ཡུག་མཛེས་བཟོ་བཅས “ཞིང་ཁྱིམ་དུ་ཁྱབ་པ་བརྒྱད ”ཀྱི་ལས་གྲྭ་ལག་བསྟར་ཧུར་ཐག་བྱས་ཡོད། 2010ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་507.46ཟིན་ནས་ཞིང་འབྲོག་པ་མི་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་4138.7དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཐུབ་པའི་ཡོང་འབབ་སྒོར་14980ཟིན་པ་དང་། རླུང་འཕྲིན་བཪྙན་འཕྲིན་ཕྱོགས་བསྡུས་མི་འབོར་ལ་ཁྱབ་ཚད་90.28%དང་91.41%སོ་སོར་ཟིན་པ། ཞིང་འབྲོག་པའི་བུ་ཕྲུག་གི་འོས་འགན་སློབ་གསོ “འགན་ལེན་གསུམ ”གྱི་ཁ་གསབ་ཚད་གཞི་སླར་ཡང་མཐོ་རུ་བཏང་བ། གྲོང་ཁྱེར་དང་གྲོང་རྡལ་དུ་ཁྱབ་པའི་སྤྱི་ཚོགས་འགན་ལེན་མ་ལག་རགས་ཙམ་བཟོས་ནས་རྒྱལ་ཡོངས་སུ་ཞིང་འབྲོག་ཁུལ་གྱི་མ་མཐའི་འཚོ་བའི་འགན་ལེན་ལམ་ལུགས་སྔོན་ལ་བཙུགས་པ་དང་སྦྲགས་ཁྱོན་ཡོངས་ལ་ཁྱབ་པ་བཅས་རེད། 2011ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཞིང་འབྲོག་པ་མི་རེར་ཆ་སྙོམས་ཀྱི་དངུལ་སྨར་ཡོང་འབབ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཐུབ་པའི་ཡོང་འབབ་དེ་ལོ་གོང་མའི་དུས་མཚུངས་ལས་16.1%དང་9.1%སོ་སོར་འཕར་ཏེ་མི་དམངས་མང་ཚོགས་རྣམས་རིམ་བཞིན་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད་པ་རེད།

        སློབ་སྦྱོང་གི་ཕན་འབྲས་གཏིང་ཟབ་ཏུ་བཏང་ནས་སློབ་སྦྱོང་གི་བརྒྱུད་རིམ་དེ་རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་བརྒྱུད་རིམ་དུ་འགྱུར་བ་བྱེད་པ།

        ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་སྤེལ་བཞིན་པའི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱས་ཐོག་གཙོ་གནད་གཞི་རིམ་དུ་འཇོག་རྒྱུར་མཐའ་འཁྱོངས་ཀྱིས་དམངས་ཀྱི་གནས་ཚུལ་རྟོགས་པ་བྱེད་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དོན་དངོས་སྒྲུབ་པ་བཅས་བྱས་ཏེ་དམངས་འཚོར་ཕན་་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་གི་ཡོད་པ་རེད། རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་། འཕྲོད་བསྟེན་ཐིང་། རིག་གནས་ཐིང་། སྤྱི་བདེ་ཐིང་སོགས་ཚན་པས་སློབ་གསོ་དང་། ལས་ཞུགས། སྤྱི་ཚོགས་འགན་བཅོལ། སྡོད་ཁང་། འཕྲོད་བསྟེན། རིག་གནས། སྤྱི་ཚོགས་ཀྱི་འགལ་ཟླ་གྲལ་བཤེར་དང་བཅོས་སྒྲིག་སོགས་དམངས་འཚོའི་འགངས་ཆེའི་གནད་དོན་ལ་དམིགས་ཏེ་རྣམ་པ་སྣ་ཚོགས་ཀྱི་སློབ་སྦྱོང་དང་ལག་ལེན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་གཞི་རིམ་གྱི་འཐབ་ས་མདུན་མར་བསྐྱོད་དེ་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདུན་པ་ཤེས་རྟོགས་ཐུབ་པ་བྱས་ཏེ་དམངས་འཚོ་འགན་ལེན་བྱེད་པ་དང་དེ་ལེགས་སུ་གཏོང་བར་ཤུགས་སྣོན་རྒྱག་རྒྱུ་དང་འབྲེལ་བ་ཡོད་པའི་ལས་ཀའི་བསམ་ཕྱོགས་འབོར་ཆེན་ཞིག་བཏོན་པས་དམངས་འཚོ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་། ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་རྫོང་། ཉིང་ཁྲི་ས་ཁུལ་ཀོང་པོ་རྒྱ་མདའ་རྫོང་སོགས་ས་ཁུལ་གྱིས་དམངས་འཚོར་དོ་ཁུར་དང་། དམངས་འཚོ་ལེགས་གཏོང་། དམངས་འཚོ་འགན་ལེན་བཅས་བྱ་རྒྱུ་དེ་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ་དམངས་འཚོར་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ་དང་ཞིང་འབྲོག་པའི་ལས་ཞུགས་ལམ་བུ་རྒྱ་ཆེར་བཏང་ནས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་པས་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་དེ་བས་ཟབ་ཏུ་སོང་ཡོད་ལ་ཞིང་འབྲོག་མང་ཚོགས་ཀྱི་བརྟན་ལྷིང་དོན་གཉེར་བྱས་ནས་མཆོང་སྐྱོད་བརྩོན་ལེན་བྱེད་པ་དང་ཞི་མཐུན་ལ་སྐུལ་འདེད་བཏང་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ཡིད་ཆེས་དང་ཆོད་སེམས་ཆེ་རུ་ཡང་སོང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།