དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ལྷོ་ཁ་ས་ཁུལ་གྱིས་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་ཤིག་ཧུར་ཐག་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་གཏོད་རྒྱུར་སྔར་བས་སྐུལ་འདེད་གཏོང་ཆེད་ལྷོ་ཁ་ས་ཁུལ་གྱིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་དང་ཟུང་འབྲེལ་གྱིས་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་གཏོད་པའི་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ནས་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་གཏོད་པའི་བྱེད་སྒོར་ཕན་པ་བཟང་པོ་ཐོན་རྒྱུའི་འགན་ལེན་བྱས་པ་རེད།

        ད་ཕན་ལོ་ཤས་རིང་ལྷོ་ཁ་ས་ཁུལ་གྱིས་ཡུལ་དེའི་དོན་དངོས་དང་ཟུང་འབྲེལ་གྱིས་ལས་ཀའི་བསམ་ཕྱོགས་གསར་གཏོད་བྱས་པ་དང་ཞིབ་ཕྲའི་བྱ་ཐབས་སྤྱད་དེ་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་གཏོད་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་སྟེ། གཅིག་ནས་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་གཏོད་རྒྱུ་དེ་ཏང་འཛུགས་སྐྱོང་བྱེད་པའི་སྤྱིའི་འཆར་འགོད་ནང་བརྩིས་ཁར་དྲིལ་བསྒྲགས་བསམ་བློའི་ལས་དོན་བསྒྲུབ་རྒྱུའི་འགངས་ཆེའི་ལས་འགན་དུ་བརྩིས་པ་དང་། གཉིས་ནས་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་གཏོད་པའི་ལས་དོན་གྱི་འགོ་ཁྲིད་སྒྲིག་གཞི་བཙུགས་ནས 《སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་རང་ལྗོངས་ཀྱི་ལག་བསྟར་བསམ་འཆར 》གྱི་ཞིབ་ཕྲའི་ལག་བསྟར་བྱ་ཐབས་ཞིབ་འཇུག་ནན་ཏན་བྱས་ནས་བཟོས་པ་དང་ལག་བསྟན་དོན་འཁྱོལ་བྱས་པ། གསུམ་ནས་ཡུལ་དེའི་དོན་དངོས་དང་ཟུང་འབྲེལ་གྱིས་ས་ཁུལ་དེའི་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུའི་ལག་བསྟར་བསམ་འཆར་བཟོས་པ་དང་ཁག་བགོས་སྐུལ་འདེད་དང་རིགས་དབྱེ་མཛུབ་ཁྲིད་ཟུང་དུ་འབྲེལ་བའི་བླང་བྱ་ལྟར་རིམ་པ་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བའི་ནང་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་གཏོད་རྒྱུའི་བྱེད་སྒོའི་བླང་བྱ་དང་བྱ་ཐབས་གསར་སྟོན་བྱས་པ་བཅས་རེད།

        ལྷོ་ཁ་ས་ཁུལ་གྱིས་ཚན་རིག་དང་མཐུན་པ་དང་། ཚད་ལྡན། ཕུགས་ཕན་བཅས་ཀྱི་སྒོ་ནས་སློབ་སྦྱོང་བྱ་རྒྱུར་སྐུལ་འདེད་བཏང་བ་དང་ལམ་ལུགས་འཛུགས་སྐྱོང་དེ་གཞི་འཛིན་སར་བྱས་ནས་ཏང་ཡོན་གྱིས་སློབ་སྦྱོང་བྱེད་པའི་རྣམ་པ་ཞིག་བཏོད་པ་དང་ལམ་ལུགས་ལ་བརྟེན་ནས་གཅུན་འདོམས་བྱ་ཤུགས་སྔར་བས་ཆེ་རུ་བཏང་བ་དང་སྦྲགས་སློབ་སྦྱོང་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་རྣམ་པ་འཁྲུག་པ་དང་། རོལ་རྩེད་ཞོར་ལ་སློབ་གསོ་ཐེབས་པ། ནུས་པ་མངོན་གསལ་དོད་པ་བཅས་ཀྱི་སློབ་སྦྱོང་བྱེད་སྟངས་ཁྱབ་གདལ་བཏང་བས་ཏང་ཡོན་ཡོངས་ཀྱིས་སློབ་སྦྱོང་བྱེད་པའི་ཕན་ནུས་དང་། དམིགས་སའི་རང་བཞིན། ཤུགས་རྐྱེན་ཐེབས་ནུས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་ཅིང་། ལྷོ་ཁ་ས་ཁུལ་གྱིས་སློབ་སྦྱོང་དང་གསོ་སྦྱོང་བྱེད་རིང་དྲིལ་བསྒྲགས་ཁོ་ན་བྱེད་པ་ནས་མཉམ་འགུལ་བྱེད་པའི་བར་འགྱུར་གང་ཐུབ་བྱས་ནས་སློབ་སྦྱོང་བྱེད་མཁན་གྱིས་གཙོ་བོ་བྱས་པ་དང་སྤྱོད་གོ་ཆོད་པའི་བྱ་ཐབས་གསར་པ་མང་པོ་སྤྱད་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།