དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • དཀའ་སྡུག་ལ་མི་འཛེམས་པར་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་ཏན་ཏིག་ངང་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།      |     སྤེལ་དུས།  2015-05-09

        སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་སྤེལ་ཚུན་གྲོང་ཚོར་བཅའ་སྡོད་ལྗོངས་ཚན་རྩལ་ཐིང་གི་ལས་དོན་རུ་ཁག་གིས་དཀའ་སྡུག་བཟོད་བསྲན་གྱིས་ས་བབ་མཐོ་བ་དང་གནམ་གཤིས་སྐྱོ་བའི་མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་བཀྲ་ཤིས་སྒང་གྲོང་ཚོར་བཅའ་སྡོད་བྱས་ཏེ་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་ཏན་ཏིག་ངང་སྤེལ་བར་ས་གནས་དེ་གའི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད།

        ལས་དོན་རུ་ཁག་ཐོག་མར་གྲོང་ཚོར་བཅའ་སྡོད་བྱེད་སྐབས་ལྗོངས་ཚན་རྩལ་ཐིང་ཏང་ཙུའི་ཧྲུའུ་ཅི་ལྗོངས་ཚན་རྩལ་ཐིང་གི་སྒར་རྫོང་བཀྲ་ཤིས་སྒང་ཤང་བཀྲ་ཤིས་སྒང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་འཇིགས་མེད་རྡོ་རྗེས་གཅིག་ནས་ལས་དོན་གྲོང་ཚོ་ཡོངས་ལ་ཁྱབ་པ་དང་། གཉིས་ནས་ལྗོངས་ཏང་ཨུད་ཀྱིས་བཏོན་པའི་ལས་འགན་ཆེན་པོ་དྲུག་ཏན་ཏིག་ངང་ལེགས་སྒྲུབ། གསུམ་ནས་གྲོང་མི་དང་མཉམ་དུ་སློབ་སྦྱོང་དང་ཕན་ཚུན་སྤེལ་རེས་བྱས་ཏེ་ལྗོངས་ཏང་ཨུད་དང་ཚན་རྩལ་ཐིང་གིས་སྤྲད་པའི་ལས་ཀའི་འོས་འགན་ལེགས་གྲུབ་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། ལས་དོན་རུ་ཁག་གྲོང་ཚོར་བཅའ་སྡོད་བྱས་རྗེས་འཕྲལ་དུ་བརྟག་དཔྱད་དང་བཅར་འདྲི་བྱེད་པའི་བྱེད་སྒོ་སྤེལ་ནས་གནད་དོན་སྔ་ཙམ་ཤེས་རྟོགས་བྱེད་པ་དང་། སྔ་ཙམ་ཐག་གཅོད་བྱེད་པ། སྔ་ཙམ་གྲོང་ཚོའི་གནད་དོན་མཐིལ་རྟོགས་བྱེད་པ། སྔ་ཙམ་འཕེལ་རྒྱས་ཀྱི་འཆར་འགོད་འདིང་བ། སྔ་ཙམ་གྲོང་མི་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་པ་བཅས་བྱས་ཏེ་མང་ཚོགས་རྣམས་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་སྐྱེལ་ཐུབ་རྒྱུའི་བརྩོན་ལེན་བྱས་པ་རེད།

        བརྟག་དཔྱད་དང་བཅར་འདྲི་བྱེད་རིང་ལས་དོན་རུ་ཁག་གིས་བཀྲ་ཤིས་སྒང་གྲོང་ཚོའི་སྒྲོལ་དཀར་ཁྱིམ་ཚང་གི་འཚོ་བ་སྐྱོ་པོ་དང་དབང་པོ་སྐྱོན་ཅན་ཡོད་ལ་ངལ་ནུས་ཀྱང་འདང་གི་མེད་སྟབས་རྒྱུན་དུ་སྲིད་གཞུང་གི་སྐྱོབ་གསོ་དང་གྲོང་མིའི་རོགས་རམ་ཁོ་ནར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་པ་ཤེས་རྟོགས་བྱུང་བ་རེད། ལས་དོན་རུ་ཁག་གིས་འཕྲལ་དུ་ཨ་མ་སྒྲོལ་དཀར་ལ་འཚམས་འདྲིའི་དངུལ་500སྤྲད་པ་མ་ཟད་བཀྲ་ཤིས་སྒང་གྲོང་མི་ཨུ་ལྷན་དང་མཉམ་དུ་ཇི་ལྟར་བྱས་ཏེ་སྒྲོལ་དཀར་ཁྱིམ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི་ཐད་ཞིབ་འཇུག་བྱས་པ་རེད། ཨ་མ་སྒྲོལ་དཀར་གྱིས་སེམས་འགུལ་ཐེབས་པའི་ངང་ལས་དོན་རུ་ཁག་གི་བློ་མཐུན་གྱི་ལག་ནས་འཇུས་ཏེ “གུང་ཁྲན་ཏང་དང་ལས་དོན་རུ་ཁག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོས་ང་ལ་འཚོ་བ་སྐྱེལ་བའི་རེ་བ་གསར་པ་སྦྱིན་བྱུང ”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།