དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཐོན་མདའ་གྲོང་ཚོར་གྲོང་ཚོ་རིམ་པའི་ཐེམ་དུད་ཀྱི་དྲ་ཚིགས་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་ཤང་ཐོན་མདའ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་དེ་གའི་དོན་དངོས་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་དགོས་མཁོ་དང་ཟུང་འབྲེལ་གྱིས་གྲོང་ཚོའི་གཏོང་བདེའི་དྲ་ཚིགས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ཐོན་མདའ་གྲོང་ཚོར་ཐེམ་དུད་ཀྱི་དྲ་ཚིགས་ཆེད་མངགས་བཙུགས་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། དྲ་ཚིགས་དེའི་དྲ་མིང་ནི་WWW.tunda.108cun.com ཡིན་པ་དང་། དྲ་ཚིགས་དེ་ནི་2011ལོའི་ཟླ་11ཚེས་20ཉིན་དངོས་སུ་ཤར་གཏོང་ཐུབ་པ། དྲ་ཚིགས་ཤར་གཏོང་ཐུབ་ནས་ཉིན་ལྔ་ཡི་ནང་དྲ་ཚིགས་ཐོག་ཁྱོན་འདྲི་རྩད་བྱེད་ཐེངས་1196དང་ཆ་འཕྲིན་ལྟ་ཐེངས་400ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།