དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • སྐྱིད་གྲོང་རྫོང་གིས“ཤུགས་སྣོན་བཞི”ལ་བརྟེན་ནས་་་

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོའི་ཁྲོད་གཞིས་རྩེ་ས་ཁུལ་སྐྱིད་གྲོང་རྫོང་གིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས “ཤུགས་སྣོན་བཞི ”དམིགས་ཚད་དུ་བྱས་ཏེ་ཕྱོགས་མི་ཏང་ཡོན་གྱི་ཁྲོད་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་སྤེལ་ཡོད་པ་སྟེ།

        གཅིག་ནི་སློབ་སྦྱོང་བྱེད་གཞི་ལག་ཏུ་སྤྲད་དེ་ཕྱོགས་མི་ཏང་ཡོན་དེའི་ནང་ཞུགས་རྒྱུར་ཤུགས་སྣོན་བརྒྱབ་པ། སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོའི་ཁྲོད་སྐྱིད་གྲོང་རྫོང་གིས “གཅིག་ལྔ ”སྟེ་ཁ་པར་གཅིག་རྒྱག་པ་དང་། སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོའི་དྲིལ་བསྒྲགས་ཤོག་བྱང་གཅིག་སྤྲོད་པ། སློབ་སྦྱོང་དཔྱད་ཡིག་ཆ་ཚང་གཅིག་བསྐུར་བ། བསམ་འཆར་དང་གྲོས་འགོ་གཅིག་བསྡུ་བ། དངོས་ཡོད་གནད་དོན་གཅིག་ཤེས་རྟོགས་བྱེད་པ་བཅས་ཀྱི་བྱེད་ཐབས་སྤྱད་དེ་ཕྱོགས་མི་ཏང་ཡོན་ལ་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོའི་གཞི་རྩའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱེད་རོགས་བྱས་ནས་ཁོང་ཚོར་རང་སྦྱོང་ཧུར་ཐག་བྱ་རྒྱུར་སྐུལ་ལྕག་བཏང་བ་དང་།

        གཉིས་ནི་འགན་འཁྲི་མི་ཐོག་གཏན་འཁེལ་བྱས་ཏེ་ཕྱོགས་མི་ཏང་ཡོན་གྱི་འགན་འཁྲིའི་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་པ། ཕྱོགས་མི་ཏང་ཡོན་གྱི་ཁྱད་ཆོས་མི་འདྲ་བ་དང་ཟུང་འབྲེལ་བྱས་ནས “དགོས་མཁོར་གཞིགས་ཏེ་འགན་འཁྲི་གཏན་འཁེལ་དང་། བྱ་བར་གཞིགས་ཏེ་འགན་འཁྲི་གཏན་འཁེལ། མི་སྣར་གཞིགས་ཏེ་འགན་འཁྲི་གཏན་འཁེལ ”བཅས་ཀྱི་རྩ་དོན་ལྟར་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཕྱོགས་མི་ཏང་ཡོན་ཁྲོད་འགན་འཁྲི་གཏན་འཁེལ་གྱི་བྱེད་སྒོ་སྤེལ་ནས་འགན་འཁྲིའི་སྟེགས་བུ་ཧུར་ཐག་སྐྲུན་པ་དང་། འགན་འཁྲི་དོན་འཁྱོལ་གྱི་རྣམ་པ་གསར་པ་གཏོད་པ། ཕྱོགས་མི་ཏང་ཡོན་ཚང་མས་འགན་འཁྲི་ཁ་གསལ་ཡོང་བ་བྱེད་པ་དང་འགན་འཁྲི་སྒྲུབ་པ་བཅས་བྱས་ཏེ་བྱེད་སྒོའི་ནང་ཞུགས་པའི་ཕྱོགས་མི་ཏང་ཡོན་གྱི་འགན་འཁྲིའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་་བཏང་བ་རེད། ཕྱི་ཕྱོགས་སུ་ཚོང་གཉེར་བྱེད་པར་སྐྱོད་མཁན་ཕྱོགས་མི་ཏང་ཡོན་ལ་ཁོང་ཚོ་ཕ་ཡུལ་དུ་ཕྱིར་ལོག་པའི་གོ་སྐབས་སྤྱད་དེ “ཕྱུག་འགྱུར་ལག་རྩལ་བརྒྱུད་སྤེལ་དང་ཕྱུག་འགྱུར་ཐབས་ལམ་སློབ་པའི ”འགན་འཁྲི་སྒྲུབ་པ་དང་ཕྱིར་སློབ་སྦྱོང་བྱེད་པར་སྐྱོད་མཁན་ཕྱོགས་མི་ཏང་ཡོན་ལ “བསམ་བློ་གསར་པ་དང་། འདུ་ཤེས་གསར་པ། ལག་རྩལ་གསར་པ ”བཅས་ཀྱི་འགན་འཁྲི་སྒྲུབ་པ་སོགས་ཀྱི་རེ་བ་བཏོན་ཡོད་པ།

        གསུམ་ནི་དུད་ཚང་ལ་སེམས་ཁུར་བྱས་ཏེ་ཕྱོགས་མི་ཏང་ཡོན་གྱི་གཏོགས་སེམས་ལ་ཤུགས་སྣོན་བརྒྱབ་པ། ཕྱོགས་མི་ཏང་ཡོན་གྱི་ཁྱིམ་ཚང་ལ་བཅར་འདྲི་དང་འཚམས་འདྲི་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ཕྱོགས་མི་ཏང་ཡོན་ཁྱིམ་ཚང་གི་ཐོན་སྐྱེད་དང་། འཚོ་བ། ལས་ཞུགས་ཆ་འཕྲིན། བུ་ཕྲུག་སློབ་ཞུགས་སོགས་ཀྱི་ཐད་གནས་པའི་དཀའ་ངལ་དང་གནད་དོན་ཤེས་རྟོགས་གཏིང་ཟབ་བྱས་ནས་རང་འགུལ་ངང་ཁོང་ཚོར་སེམས་ཁུར་དང་ལྟ་སྐྱོང་བྱས་ཏེ་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་སེལ་བ་དང་ཁོང་ཚོའི་གཏོཌ་སེམས་དང་གཟི་བརྗིད་བསམ་པ་ཆེ་རུ་བཏང་ནས་ཁོང་ཚོ་དང་ཁོང་ཚོའི་ནང་མིར་ཏང་རྩ་འཛུགས་ཀྱི་དྲོ་སྐྱིད་ཚོར་བ་བྱས་ཏེ་རང་རྟོགས་ངང་ཏང་རྩ་འཛུགས་ཀྱི་སློབ་གསོ་དང་དོ་དམ་དང་ལེན་བྱེད་དུ་བཅུག་པ།

        བཞི་ནི་ཆ་སྒྲིག་རྒྱུ་དམིགས་སར་འཁྱོལ་བ་བྱས་ཏེ་ཕྱོགས་མི་ཏང་ཡོན་གྱི་སྔོན་གཏོད་ལེགས་བརྩོན་གྱི་དངོས་ཕན་རང་བཞིན་ལ་ཤུགས་སྣོན་བརྒྱབ་པ། སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་སྤེལ་ཚུན་ཕྱོགས་མི་ཏང་ཡོན་གྱི་རྩ་འཛུགས་འབྲེལ་བ་ཡོད་སའི་ཀྲི་པུའི་ཁོངས་མིས་ཕྱོགས་མི་ཏང་ཡོན་དང་གཅིག་གཏད་གཅིག་གི་རྣམ་པའི “མཉམ་གཏོད་མཉམ་བརྩོན ”གྱི་ཆ་བསྒྲིགས་ནས་ཁ་པར་ཐོག་སྤེལ་རེས་བྱེད་པ་དང་། མཉམ་དུ་དམིགས་ཚད་གཏན་འཁེལ་བྱེད་པ། ཕན་ཚུན་ལྟ་སྐུལ་བྱེད་པ་སོགས་ཀྱི་ཐབས་ལམ་སྤྱད་དེ་ཕྱོགས་མི་ཏང་ཡོན་ལ་དུས་ཐོག་ཏུ་གསབ་ཁྲིད་བྱེད་པ་དང་འབྲེལ་ཁོང་ཚོའི་བསམ་བློ་དང་འཚོ་བ་དངོས་གཞིར་བཟུང་སློབ་སྦྱོང་བྱ་རྒྱུ་བཀོད་སྒྲིག་བྱས་ཏེ་བྱེད་སྒོའི་དམིགས་སའི་རང་བཞིན་ལ་ཤུགས་སྣོན་བརྒྱབ་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།