དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཁོར་ཡུག་བཞི་བཏོད་དེ་ས་གནས་དེ་གའི་མང་ཚོགས་ལ་ཕན་བཏགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་བྱ་སྤྱོད་སྤེལ་བ།  

        རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་བྱེད་སྒོ་སྤེལ་ཚུན་ལྷོ་ཁ་ས་ཁུལ་གྱི་གྲོང་ཚོ་ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ལས་དོན་དངོས་ལ་བརྟག་ཞིབ་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་ཁོར་ཡུག་བཞི་གཏོད་རྒྱུར་ཤུགས་བརྒྱབ་ནས་བྱེད་སྒོ་དེ་སྤེལ་རྒྱུར་སྐུལ་མ་བཏང་སྟབས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

        ངོ་སྤྲོད་བྱས་པར་གཞིགས་ན། རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་བྱེད་སྒོ་སྤེལ་རིང་ལྷོ་ཁ་ས་ཁུལ་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཁོར་ཡུག་གཏོད་རྒྱུར་ཤུགས་བརྒྱབ་ཅིང་། ད་བར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དུད་ཁྱིམ་དུ་བརྟག་དཔྱད་བྱེད་ཚད་90%ཡན་ཟིན་པ་དང་བཞུགས་མོལ་ཚོགས་འདུ་ཐེངས་1568འཚོགས་པ། ཞིང་འབྲོག་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ཁྲི་ལ་ཉེ་བ་བསྡུས་པ། གྲོང་ཚོ (སྡེ་ཁུལ )ལ་བསམ་ཕྱོགས་ཁག་828བཟོ་རོགས་བྱས་པ། “མགྱོགས་མྱུར་དོན་སྨིན་ཐུབ་པའི ”འཕེལ་རྒྱས་རྣམ་གྲངས་800ལྷག་ཙམ་བདམས་གསེས་བྱས་པར་མ་དངུལ་སྒོར་དུང་ཕྱུར་2ལྷག་ཙམ་ཟིན་ཡོད། ད་དུང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དུས་བདེ་དང་ཞི་མཐུན་གྱི་ཁོར་ཡུག་གཏོད་རྒྱུར་ཤུགས་བརྒྱབ་ཅིང་། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་གྱི་བྱེད་སྒོ་ཐེངས་855སྤེལ་བར་འགལ་ཟླ་དང་རྩོད་གཞི་420བསལ་བ་དང་། འགལ་ཟླ་450བར་འདུམས་བྱས་པ། དགོན་སྡེར་ཐེངས་གྲངས་150བསྐྱོད་དེ་གྲྭ་བཙུན་དང་སྙིང་གཏམ་ཤོད་རེས་ཐེངས་200ལྷག་ཙམ་བྱས་ཡོད། གྲོང་ཚོར (སྡེ་ཁུལ )བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་720བཟོས་པ་དང་འཐུས་ཚང་དུ་བཏང་ཡོད། ཚན་རིག་དང་མཐུན་པའི་ཤེས་དཔལ་ཁོར་ཡུག་གཏོད་རྒྱུར་ཤུགས་བརྒྱབ་ཅིང་། ཞིང་འབྲོག་མང་ཚོགས་ལ་དྲིལ་བསྒྲགས་ལག་དེབ (ཤོག་གྲངས )ངོ་གྲངས་3600ལྷག་ཙམ་དང་། ཚན་རྩལ་རྒྱུན་ཤེས་ཁྱབ་གདལ་དེབ་2300ལྷག་ཙམ། སློབ་ཆས་འོད་སྡེར་ངོ་གྲངས་980ལྷག་ཙམ་བཅས་སྤྲད་པ་དང་ཞིང་འབྲོག་པ་མཉམ་སྡེབ་སློབ་སྦྱོང་ནང་ཐེངས་360ཞུགས་རྒྱུ་སྒྲིག་འཛུགས་བྱས་ཡོད། འཚོ་བའི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་ཤུགས་རྒྱག་སར་བྱས་ཤིང་། ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་དམིགས་ཏེ་ཐབས་ཤེས་ཡོད་རྒུས་མ་དངུལ་གྲབས་གསོག་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་མངོན་གསལ་དོད་པའི་དཀའ་གནད་ཧུར་ཐག་སེལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།