མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཚེས་21ཉིན་གྱི་སྔ་དྲོ་བོད་རང་སྐྱོང་ལྗོངས་ཏང་ཨུད་སྒྲོག་འགྲེལ་ཚོགས་པས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་སྙན་སེང་ཚོགས་འདུ་ཐོག་མ་དེ་ལྷ་ས་གྲོང་ཁྱེར་དུ་འཚོགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཁྱིམ་ཚང་ཚང་མ་དང་མི་ཚང་མས་ཤེས་པ་དངོས་འབྲེལ་བྱེད་ཐུབ་པ་བྱེད་ཆེད་ཀྲུང་དབྱང་གཞུང་ལས་ཐིང་གི 《ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོའི 》བླང་བྱ་དང་བོད་རང་སྐྱོང་ལྗོངས་ཀྱི 《རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་བྱེད་རྒྱུའི་སྐོར་གྱི་བརྡ་ཐོའི 》སྤྱིའི་བཀོད་སྒྲིག་གཞིར་བཟུང་ཉིན་ཤས་གོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཐད་གཏོགས་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱི་འགོ་ཁྲིད་ལས་བྱེད་པ་གཙོ་བོ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་ཁག་གཅིག་ལས་གྲུབ་པའི་སྒྲོག་འགྲེལ་ཚོགས་པ་སྒྲིག་འཛུགས་བྱས་པ་དེ་ཟླ་11ཚེས་21ཉིན་ལྗོངས་ཡོངས་ཀྱི་ས་ཁུལ (གྲོང་ཁྱེར )7དང་། ལྗོངས (ཀྲུང་དབྱང་ཐད་གཏོགས )ཐད་གཏོགས་ཚན་པ། ལྗོངས་ཁོངས་གཏོཌ་ཀྱི་མཐོ་རིམ་སློབ་གྲྭ་བཅས་སུ་བསྐྱོད་དེ་གཅིག་སྡུད་ཐོག་སྒྲོག་འགྲེལ་ལས་དོན་སྤེལ་བ་རེད།