དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • བོད་ཀྱི་སྡེ་ཚན་ཁག་གིས་བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་གླིང་ཕྲན་གཉིས་ཁྲོམ་གཞུང་དོན་གཅོད་ཁྲུས་ཁོངས་གཏོགས་ཁུལ་གྱི་ཕྱོགས་མིའི་ཏང་ཡོན་སྒྲིག་འཛུགས་བྱས་ཏེ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་གཙོ་བོ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པའི་གནས་ཚུལ་ཡིན་པ།

        ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་སྡེ་ཚན་ཁག་གིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་དང་དུས་མཚུངས་མ་འོངས་པའི་ལོ་ལྔའི་འབད་འཐབ་དམིགས་ཚད་ལ་དམ་པོར་དམིགས་པ་དང་སྡེ་ཚན་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དམིགས་འབེན་ཡོད་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཐོག་འགན་འཁྲི་ལག་བསྟར་ཏན་ཏིག་བྱས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཕུལ་བ་རེད།

        ལྗོངས་ཏང་ཨུད་ཀྱི་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་ལས་བྱེད་པ་རྒན་གྲས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཧྲུའུ་ཅི་ཁྲེན་ཆོན་གོའི་སྙན་སྒྲོན་ནང་བཏོན་པའི “ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་སྟེ་ཆབ་སྲིད་ཐད་བརྩི་བཀུར་དང་། བསམ་བློའི་ཐད་མཐོང་ཆེན། བརྩེ་དུང་ཐད་སྙིང་ཉེ་བ། ཐོབ་ཐང་ཐད་དོན་འཁྱོལ། ཞབས་ཞུའི་ཐད་སེམས་རྩ་འཁོལ་བ་བཅས་བྱས་ནས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་རྒྱ་ཆེའི་ལས་བྱེད་པ་རྒན་གྲས་ཚོའི་སེམས་ནང་ཟུག་ཐུབ་པ་བྱེད་དགོས་པའི ”བླང་བྱར་གཙོ་བོར་དམིགས་ཏེ་ལྗོངས་ཡོངས་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་སྡེ་ཚན་དང་ལས་བྲལ་དང་ལས་འཁྱུར་ངལ་གསོ་བརྒྱབ་པའི་ལས་བྱེད་པ་སྒྲིག་འཛུགས་ནན་ཏན་བྱས་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་བྱས་ཐོག་སྤྲོ་བ་རབ་ཏུ་འཕེལ་བའི་སྒོ་ནས་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ཡག་པོ་བསྒྲུབས་པ་དང་ལས་བྱེད་པ་རྒན་གྲས་ཀྱི་ཆབ་སྲིད་དང་ཉམས་མྱོང་གི་ལེགས་ཆ། དེ་བཞིན་མང་ཚོགས་དང་འབྲེལ་བ་བྱེད་པའི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ་བོད་ཀྱི་བརྟན་ལྷིང་དང་གོང་འཕེལ་ཆེད་དུ་ལེགས་སྐྱེས་གསར་པ་ཕུལ་བ་རེད།

        རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི། ཐིང་ཀྲང་བཅས་ཡིན་པའི་ལི་ཀྲའོ་ཡིས་ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ལ་ཧྲུའུ་ཅི་ཁྲེན་ཆོན་གོའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་གྱི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་ཐོག་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་ཡག་པོ་བྱས་ཏེ་ཡང་འབད་བསྐྱར་འབད་དང་བབ་བསྟུན་འཕྲལ་སྒྲུབ་ངང་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་མུ་མཐུད་ཡག་པོ་བསྒྲུབ་ནས་ལྗོངས་ཏང་ཨུད་ཀྱི་མངགས་བཅོལ་ཟབ་མོ་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་རེ་བ་ཆུད་ཟོས་སུ་གཏོང་རྒྱུ་མེད་པའི་བླང་བྱ་བཏོན་གནང་བ་རེད།

        རང་སྐྱོང་ལྗོངས་ས་གཤིས་རྩད་ཞིབ་ཅུས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་ཚོས་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་སྦྲགས་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུ་དང་ལྷག་དོན་དུ “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་གསུམ ”བཅས་དང་མཐའ་འཁྱོངས་བཞིའི་ལས་ཀའི་མཛུབ་ཁྲིད་བསམ་བློ་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱས་ཏེ་བོད་ཀྱི་ཁྱད་ཆོས་ལྡན་པའི་ས་གཤིས་ལས་དོན་ཁྱད་ཆོས་ཀྱི་ས་གཤིས་བྱ་གཞག་གི་གོང་འཕེལ་ལམ་བུའི་ཐོག་ཡག་པོ་བསྐྱོད་རྒྱུ་ཡིན་ཞེས་བཤད་པ་རེད།

        ལྗོངས་གསར་འགྱུར་དཔེ་སྐྲུན་ཅུས་ཁོངས་གཏོགས་ཀྱིས་གསར་འགྱུར་དཔེ་སྐྲུན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་རེ་བ་སྐོང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ་སྤྱི་ཕན་རང་བཞིན་གྱི་གསར་འགྱུར་དཔེ་སྐྲུན་བྱ་གཞག་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་གསར་འགྱུར་དཔེ་སྐྲུན་གྱི་སྤྱི་པའི་རིག་གནས་ཀྱི་ཞབས་ཞུའི་མ་ལག་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་འགན་སྲུང་བྱས་པ་རེད།

        བོད་ལྗོངས་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་རྒྱ་ཆེའི་དཔོན་དམག་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེང་ཆོན་གོས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་ཏེ་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་བྱེད་སྒོ་དོན་ཐོག་ཏུ་ཡག་པོ་འཁྱོལ་རྒྱུ་སྒྲིག་འཛུགས་ཀྱིས་དེང་སྐབས་ཀྱི་གཙོ་གནད་ལས་དོན་ཁག་དམ་འཛིན་ཡག་པོ་བྱ་རྒྱུ་འགོ་འཛུགས་སར་བྱས་ནས་ཚོགས་ཆེན་གྱི་དགོངས་དོན་དེ་མེ་ཟོན་བྱ་གཞག་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བྱ་འགུལ་ངོ་མ་ཞིག་ཏུ་ཏན་ཏིག་འགྱུར་བ་བྱས་ནས་དངོས་གནས་དྲང་གནས་ཀྱི་གྲུབ་འབྲས་ཐོབ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་ལྗོངས་ཡོངས་ཀྱི་མེ་ཟོན་ལས་དོན་དང་མེ་ཟོན་དཔུང་ཁག་འཛུགས་སྐྱོང་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།