དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལ་བརྟེན་ནས་བྱ་གཞག་ཁག་འཕེལ་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ལུགས་བཤད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉིན་ཤས་བསྟུད་མར་རང་སྐྱོང་ལྗོངས་ཀྱི་ལས་ཁུངས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་ཚོགས་འདུ་འཚོགས་ཏེ་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་འབྲེལ་དངོས་ཡོད་ལས་ཀ་དང་ཟུང་འབྲེལ་བྱས་ཏེ་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་བཀོད་སྒྲིག་བྱས་ཤིང་། ཁོང་ཚོས་ཐོབ་པར་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་གྱིས་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་སྔར་ལས་ལྷག་པའི་སྒོ་ནས་ལས་ཀ་ཧུར་ཐག་བྱས་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ལུགས་བཤད་ཡོད།

        རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་བློ་མཐུན་ཁྲེན་ཆོན་གོས་གནང་བའི་སྙན་སྒྲོན་ནང་གི་ལས་ཞུགས་དང་། སྤྱི་ཚོགས་འགན་ལེན། ཤེས་ལྡན་པ། ངལ་རྩོལ་གྱི་འབྲེལ་བ། ལས་བྱེད་པ་གསོ་སྦྱོང་། ལས་བྱེད་པའི་གླ་ཕོགས་ཀྱི་ཐོབ་ཐང་སོགས་སྐོར་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཀ་དང་འབྲེལ་བ་ཡོད་པའི་ནང་དོན་ཁག་19ལ་དམིགས་ཏེ་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་དེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་བྱ་གཞག་ལ་སྐུལ་མ་གཏོང་བའི་སྟོབས་ཆེའི་སྒུལ་ཤུགས་སུ་འགྱུར་བ་བྱེད་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་བཏོན་པའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དང་འབྲེལ་བ་ཡོད་པའི་ལས་འགན་ཚང་མ་ཐིང་ཅུས་ཀྱི་ཚན་པར་དོན་འཁྱོལ་དང་མི་ཐོག་ཏུ་ཁ་གསལ་བཟོ་རྒྱུ་ཡིན་ཞེས་བཤད་ཡོད།

        ལྗོངས་དབུལ་སྐྱོར (ཞིང་ལས་གསར་སྤེལ )གཞུང་ལས་ཁང་གིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་དེ་སླད་ཕྱིན་གྱི་ལས་དོན་ཁག་གི་ཕྱོགས་སྟོན་དུ་བྱས་ནས་ཧྲུའུ་ཅི་ཁྲེན་ཆོན་གོའི་སྙན་སྒྲོན་ནང་བཏོན་པའི “ལོ་ལྔ་ཚན་བཅུ་གཉིས་པའི ”དབུལ་སྐྱོར་ཞིང་སྤེལ་གྱི་ལས་འགན་ལེགས་སྒྲུབ་བྱ་རྒྱུ་དེ་འབད་འཐབ་ཀྱི་ཁ་ཕྱོགས་སུ་བྱ་རྒྱུ་ཡིན་ཞེས་བཤད་ཡོད།

        ལྗོངས་སློབ་གསོ་ལས་དོན་ཨུ་ལྷན་དང་སློབ་གསོ་ཐིང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་དེ་རྒྱལ་དམངས་སློབ་གསོའི་བརྒྱུད་རིམ་ཧྲིལ་པོའི་ནང་གཞིས་ཚུགས་པ་བྱེད་པ་དང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་སློབ་དེབ་དང་། སློབ་ཁང་། བསམ་བློ་བཅས་ཀྱི་ནང་བཅུག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱིས་དགེ་སློབ་དང་ལས་བྱེད་པའི་བསམ་བློར་དྲག་ཆས་སྤྲོས་པ་དང་ཀྲུང་དབྱང་གི་གཟིགས་སྐྱོང་སྲིད་ཇུས་དང་སློབ་གསོའི་རྣམ་གྲངས་གལ་ཆེན་ཁག་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་སློབ་གསོའི་ཐོན་ཁུངས་དོ་མཉམ་ཡོང་བ་བྱ་རྒྱུ་དང་རིགས་ཁག་གི་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་སློབ་ཁྲིད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ་དང་རང་ལྗོངས་ཀྱི་སློབ་གཉེར་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད་ཡོད།

        ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ཚོགས་པའི་རྒྱ་ཆེའི་ལས་བཟོས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་གོ་སྐབས་སུ་བྱས་ནས་ལྗོངས་ཏང་ཨུད་ཀྱི་ཡིག་ཆ་ཨང་15པ་དང་19པའི་དགོངས་དོན་སྔར་བས་སློབ་སྦྱོང་བྱ་རྒྱུ་དང་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། འགན་ནུས་འཕྱུགས་མེད་སྒྲུབ་པ། རང་འགུལ་ངང་འགན་འཁྲི་ཁུར་བ། ལས་ཀ་བྱེད་སྟངས་གསར་གཏོད་བྱེད་པ། ཏང་དང་སྲིད་གཞུང་དང་སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣའི་དབར་འབྲེལ་བ་བྱེད་པ་དང་སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་ལ་དོ་དམ་དང་ཞབས་འདེགས་ཞུ་བའི་འབྲེལ་ཟམ་དང་ལས་རོགས་བྱས་ནས་མཆོང་སྐྱོང་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་ནུས་ཤུགས་ཡོད་རྒུས་འགན་འཁྲི་གང་ལེགས་འཁུར་རྒྱུ་ཡིན་ཞེས་བཤད་ཡོད། རང་སྐྱོང་ལྗོངས་གཞུང་ཁོངས་རྒྱུ་ནོར་དོ་དམ་ཨུ་ལྷན་ཁོངས་གཏོགས་ཀྱི་ལས་བཟོས་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱ་རྒྱུ་ནི་ད་ལྟ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ཡིན་པས་ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཁག་དང་ཨུ་ལྷན་ཁོངས་གཏོགས་ཀྱི་ཁེ་ལས་ཁག་གིས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་ཚགས་པར་དང་དུས་དེབ་དང་། དྲ་བ། བཪྙན་འཕྲིན་སོགས་རྣམ་པ་སྣ་ཚོགས་གང་ལེགས་སྤྱད་ནས་རྒྱ་ཆེའི་ལས་བཟོ་རྣམས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱ་རྒྱུའི་སྒྲིག་འཛུགས་དུས་ཐོག་ཏུ་བྱ་རྒྱུ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་ཆེད་སྔར་ལས་ལྷག་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད་ཡོད།

        ལྗོངས་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ཁོངས་གཏོགས་ཀྱིས་ཚོགས་འདུ་འཚོགས་ནས་ཁོངས་གཏོགས་དེ་ཡོངས་ཀྱི་རྒྱ་ཆེའི་ལས་བཟོར་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་ཀར་དམིགས་ནས་ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་སྒོ་ཀུན་ནས་ལག་བསྟར་བྱ་རྒྱུ་དང་ཞབས་ཞུ་དང་། དོ་དམ། དཔུང་ཁག གསར་གཏོད་བཅས་དམ་འཛིན་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དང་། གྲུབ་མཐའ་འཆམ་མཐུན། སྤྱི་ཚོགས་བརྟན་ལྷིང་བཅས་འགན་ལེན་བྱས་ཐོག་མི་རིགས་དང་ཆོས་ལུགས་ལས་ཀའི་འཕེལ་རྒྱས་གསར་པར་སྐུལ་འདེད་གཏོང་བ་དང་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་ཞབས་འདེགས་ཞུ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།

        རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་ཅན་ཁྲ་ཀྲང་ཀྲང་ཕེ་ཀྲུང་གིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་འཐབ་ཕྱོགས་ཀྱི་ངོས་ནས་བརྗོད་ན་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་བརྗོད་བྱ་གཙོ་བོ་དེར་དམིགས་ནས་ཁྱོན་ཡོངས་ཀྱི་ཁྲོད་ཞིབ་དཔྱོད་ལས་དོན་ལ་བསམ་གཞིག་དང་འཆར་འགོད་བྱེད་དགོས། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་ཧུར་བརྩོན་པ་དང་སྤྱི་ཚོགས་མཐུན་སྦྱོར་བརྟན་ལྷིང་གི་སྲ་ཞིང་བརྟན་པའི་སྲུང་སྐྱོང་པ་ཞིག་བྱས་ཏེ་རང་ལྗོངས་ཀྱི་ཞིབ་དཔྱོད་ལས་ཀའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པ་དང་སྲིད་དོན་གྱི་ཁོར་ཡུག་དང་། ཁྲིམས་ལུགས་ཀྱི་ཁོར་ཡུག འཕེལ་རྒྱས་ཀྱི་ཁོར་ཡུག་བཅས་བཟང་པོ་ཞིག་ཧུར་ཐག་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་དང་། དྲུང་ཆེ། གཞུང་དོན་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཡིན་པའི་ཀའོ་དབྱང་གིས་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གི་ཁྲུའུ་དང་ཁང་ཁག་དང་ཚན་པ་ཁག་ལ་ལས་ཀའི་དོན་དངོས་ལ་གཞི་ཚུགས་ཏེ་ཡིད་ཆེས་དེ་བས་བརྟན་པ་དང་བསམ་ཕྱོགས་གསལ་བ། ཁ་ཕྱོགས་ཡང་དག་འཚོལ་བ། སྔ་འཛིན་ཕྱི་གཏོད་བཅས་ཀྱི་སྒོ་ནས་ལས་དོན་ཁག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པ་དང་། ཚོགས་འདུའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་འཕེལ་རྒྱས་དང་བརྟན་ལྷིང་གི་ཁྱོན་ཡོངས་ལ་དམིགས་པ་དང་ལྟེ་བའི་ལས་དོན་གྱི་བླང་བྱ་གཞིར་བཟུང་སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་བ་དང་། ལས་ཕྱོད་ཆེ་རུ་གཏོང་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཐོག་ཤུགས་རྒྱག་པ་དང་དངོས་ཡོད་གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱེད་པའི་ཐོག་ཤུགས་བརྒྱབ་སྟེ་ཚོགས་འདུའི་དགོས་དོན་དེ “ཞབས་ཞུ་གསུམ ”གྱི་ལས་དོན་ཁྲོད་ཆད་ལུས་མེད་པར་དོན་འཁྱོལ་ཡོང་བ་བྱས་ཐོག་ཚོགས་ཆེན་ཐོག་གཏན་འབེབས་བྱས་པའི་འཐབ་ཇུས་བྱ་ཐབས་དང་དམིགས་ཚད་ལས་འགན་དེ་མདུན་ཕྱོགས་སུ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།