དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཆབ་མདོས་ཏང་ཡོན་དཔུང་ཁག་འཛུཌ་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ད་ཕན་ལོ་ཤས་རིང་ཆབ་མདོ་ས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་སྐྱོང་བྱ་རྒྱུ་གཞི་རིམ་འཛུགས་སྐྱོང་གི་རྨང་གཞིའི་རང་བཞིན་གྱི་ལས་དོན་དུ་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་འཕེལ་རྒྱས་དང་། སློབ་གསོ། དོ་དམ། སྐུལ་ལྕག་བཅས་དུས་མཉམ་དུ་སྤེལ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་པ་དང་ཏང་ཡོན་དཔུང་ཁག་གི་སྐྱེ་སྟོབས་དང་གསོན་ཤུགས་ཆེ་རུ་བཏང་ནས་ཆབ་མདོའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་སྟོབས་དང་ལྡན་པའི་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱས་པ་རེད།

        ཆབ་མདོ་ས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཡོན་གྱི་བྱང་ཚད་མཐོ་རུ་གཏོང་རྒྱུ་འགག་རྩར་བརྩིས་ཏེ་ཏང་ཡོན་དཔུང་ཁག་གི་སྐྱེ་སྟོབས་དང་གསོན་ཤུགས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པ་རེད། ཏང་ནང་ཞུགས་མཁན་ཧུར་བརྩོན་ཅན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། སྔོན་ཐོན་དཔེ་མཚོན་དང་། ལས་སྒོའི་རྐང་འཛིན་པ། ཕྱུག་འགྱུར་འཇོན་ཐང་ཅན་བཅས་ཀྱི་ཁྲོད་ནས་ཏང་ནང་ཞུགས་མཁན་གྱི་ཧུར་བརྩོན་ཅན་ཤེས་རྟོགས་དང་གསོ་སྐྱོང་བྱ་རྒྱུར་སྣང་ཆེན་བྱེད་པ་དང་། ཏང་ནང་ཞུགས་རྒྱུའི་རེ་འདུན་ཞུ་མཁན་དང་། ཏང་ནང་ཞུགས་མཁན་གྱི་ཧུར་བརྩོན་ཅན། སྐྱེད་སྲིང་བྱ་ཡུལ་བཅས་ཀྱི་གཞི་རྩའི་གནས་ཚུལ་གྱི་གྲངས་གཞིའི་མཛོད་འཐུས་ཚང་དུ་གཏོང་བ། ཏང་ཡོན་གྱིས་ཏང་ནང་ཞུགས་མཁན་ཧུར་བརྩོན་ཅན་འོས་སྦྱོར་བྱེད་པའི་ལམ་ལུགས་མཐའ་འཁྱོངས་བྱེད་པ། རིམ་པ་དང་རིགས་དབྱེ་སྟེ་ཏང་ནང་ཞུགས་མཁན་ཧུར་བརྩོན་ཅན་གསོ་སྦྱོང་བྱེད་པ། བསམ་བློ་མཛུབ་ཁྲིད་ལ་སྣང་ཆེན་བྱས་ཏེ་རྗེས་སྙེག་གསོ་སྦྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཕྱོགས་ཁག་གི་སྔོན་ཐོན་པ་ཏང་རྩ་འཛུགས་ཀྱི་སྐྱིད་སྡུག་ནང་བསྡུ་གང་ཐུབ་བྱེད་པ། གྲངས་འབོར་མང་བ་དང་། བྱང་ཚད་མཐོ་བ། གྲུབ་ཆ་ལུགས་མཐུན་བཅས་ཀྱི་ཏང་ནང་ཞུགས་མཁན་ཧུར་བརྩོན་ཅན་གྱི་དཔུང་ཁག་ཅིག་འཛུགས་རྒྱུར་འབད་བརྩོན་བྱེད་པ་བཅས་ཀྱི་ཐོག་ནས་ཏང་ཡོན་སྐྱེད་སྲིང་བྱས་པའི་ལས་དོན་གྱི་རྨང་གཞི་མུ་མཐུད་བརྟན་དུ་བཏང་བ་རེད། ཏང་ཡོན་དུ་སྐྱེད་སྲིང་བྱེད་པའི་བྱང་ཚད་ཀྱི་འགག་སྒོ་ནན་པོ་སྲུང་ཞིང་། གཙོ་གནད་ཐོག་ཏང་ནང་ཞུགས་པའི་ཆ་རྐྱེན་ཞིབ་བཤེར་གྱི་འགག་སྒོ་དང་། གསོ་སྦྱོང་འགག་སྒོ་ཆབ་སྲིད་ཐོག་གི་ཞིབ་བཤེར་འགག་སྒོ་རྟོག་ཞིབ་འགག་སྒོ། ཞིབ་བཤེར་ཆོག་མཆན་འགག་སྒོ་བཅས་ནན་པོ་སྲུང་ནས་ཆ་རྐྱེན་འཛོམས་རིགས་ཏང་ནང་བཅུག་སྟེ་ཏང་ཡོན་སྐྱེད་སྲིང་བྱེད་པའི་ལས་དོན་གྱི་སྤུས་ཚད་འགན་ལེན་བྱས་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། 2010ལོའི་ལོ་མཇུག་བར་ཆབ་མདོ་ས་ཁུལ་དུ་ཁྱོན་ཏང་ཡོན་28153ཡོད་པའི་ནང་ཞིང་འབྲོག་མང་ཚོགས་ཀྱི་ཏང་ཡོན་16670ཡོད་པ་དེས་59.21%ཟིན་ཡོད་ཅིང་། 2010ལོར་ཆབ་མདོ་ས་ཁུལ་གྱིས་ཁྱོན་ཏང་ཡོན་1482སྐྱེད་སྲིང་བྱས་པ་དེ་དག་ལ་གཞོན་ནུ་ཅན་དང་ཤེས་ཡོན་ཅན་གྱི་ཁྱད་ཆོས་མངོན་ཡོད། ས་ཁུལ་དེ་ཡོངས་སུ་ཏང་ནང་ཞུགས་རྒྱུའི་རེ་འདུན་ཞུ་མཁན་3649དང་། ཏང་ནང་ཞུགས་མཁན་གྱི་ཧུར་བརྩོན་པར་གཏན་འཁེལ་བྱས་པའི་མི་3133 ཏང་ཡོན་དུ་སྐྱེད་སྲིང་བྱ་རྒྱུའི་མི་2117བཅས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།