དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཁྲེང་ཀོན་ཆུས་གླིང་གཉིས་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་ཏང་དང་མང་ཚོཌ་ཀྱི་མཉམ་འབྲེལ་གྲོས་མོལ་ལམ་ལུཌ་ཁྱབ་སྤེལ་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ད་ལོ་ནས་བཟུང་ཁྲེང་ཀོན་ཆུས་གླིང་གཉིས་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་ཏང་དང་མང་ཚོགས་ཀྱི་མཉམ་འབྲེལ་གྲོས་མོལ་ལམ་ལུགས་ལག་ལེན་བསྟར་བར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་སྡེ་ཁུལ་ཁག་གི་ཏང་ཡོན་ལ་སློབ་གསོ་རྒྱག་པ་དང་། དོ་དམ་བྱེད་པ། ལྟ་སྐུལ་བྱེད་པ་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཡོན་དཔུང་ཁག་གི་དྭངས་གཙང་ལམ་སྲོལ་ཏན་ཏིག་ངང་འཐུས་ཚང་དུ་གཏོང་གི་ཡོད་པ་རེད།

        ཏང་དང་མང་ཚོགས་ཀྱི་མཉམ་འབྲེལ་གྲོས་མོལ་ཚོགས་ཆུང་འདེམས་འཛུགས་བྱས་ཤིང་། ད་ལོ་ནས་བཟུང་གླིང་གཉིས་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་ཏང་ཚོགས་ཆུང་དང་སྡེ་ཁུལ་ཡུལ་མི་ཚོགས་ཆུང་ཚན་པར་བྱས་ཏེ་ཏང་ཡོན་གྱི་འཐུས་མི་དང་མང་ཚོགས་ཀྱི་འཐུས་མི་འདེམས་ཤོག་འཕངས་ཏེ་འདེམས་བསྐོ་བྱས་ནས་ཚོགས་ཆུང་དེའི་ཏང་དང་མང་ཚོགས་ཀྱི་མཉམ་འབྲེལ་གྲོས་མོལ་ཚོགས་ཆུང་བཙུགས་པ་རེད། དེ་རྗེས་སྡེ་ཁུལ་ཚན་པར་བྱས་ནས “གྲོས་མོལ་ཚོགས་ཆུང ”གི་ཁོངས་མི་ལས་མཉམ་འབྲེལ་ལྷན་ཚོགས་བཙུགས་པ་རེད།

        ཏང་དང་མང་ཚོགས་ཀྱི་མཉམ་འབྲེལ་གྲོས་མོལ་ལྷན་ཚོགས་བཙུགས་ཤིང་། ཏང་ཡོན་གྱི་འཐུས་མི་ཕྱེད་ཀ་དང་མང་ཚོགས་ཀྱི་འཐུས་མི་ཕྱེད་ཀ་ཡོད་པ་བྱེད་པའི་རྩ་དོན་གཞིར་བཟུང་གླིང་གཉིས་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་ཏང་དང་མང་ཚོགས་ཀྱི་མཉམ་འབྲེལ་གྲོས་མོལ་ལྷན་ཚོགས་འདེམས་བསྐོ་བྱས་པ་རེད། ཏང་དང་མང་ཚོགས་ཀྱི་མཉམ་འབྲེལ་གྲོས་མོལ་ལྷན་ཚོགས་ནི་སྤྱིར་བཏང་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་སོ་སོས་གཅིག་ལྕོགས་ངང་འགན་འཁུར་གྱི་ཡོད་པ་དང་ཁོངས་མི་སྤྱིར་བཏང་མི་10ནས་15བར་ཡོད་པ་རེད།

        ཏང་དང་མང་ཚོགས་མཉམ་འབྲེལ་གྲོས་མོལ་ལྷན་ཚོགས་ཀྱིས་བྱ་བར་གྲོས་མོལ་བྱེད་པར་སྣང་ཆེན་བྱེད་ཅིང་། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་དང་དཀའ་གནད་གཞིར་བཟུང་ལྷན་ཚོགས་ཀྱིས་ཚོགས་འདུ་འཚོགས་སྐབས་གྲོས་མོལ་བྱས་འབྲས་དེ་སྡེ་ཁུལ་གྱི་ཏང་དང་མང་ཚོགས་མཉམ་འབྲེལ་གྲོས་མོལ་ལྷན་ཚོགས་ལ་སྙན་སེང་ཞུ་ཡི་ཡོད། དེ་རྗེས་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་དངོས་ཡོད་གནས་ཚུལ་ལྟར་སླར་ཡང་ཚོགས་འདུ་འཚོགས་ནས་གྲོས་རིམ་གྱི་གཏན་འབེབས་ཁག་ལག་ལེན་འཁྱོལ་ཐུབ་མེད་སྐོར་གྲོས་བསྡུར་བྱེད་ཀྱི་ཡོད། ཏང་དང་མང་ཚོགས་ཀྱི་མཉམ་འབྲེལ་གྲོས་མོལ་ཚོགས་ཆུང་ལ་ལན་འདེབས་བྱུང་རྗེས་གཞི་ནས་གྲོས་རིམ་གྱི་གཏན་འབེབས་ལག་ལེན་བསྟར་ཆོག ཏང་དང་མང་ཚོགས་ཀྱི་མཉམ་འབྲེལ་གྲོས་མོལ་ལྷན་ཚོགས་ཀྱིས་ཁས་མི་ལེན་པའམ་ཡང་ན་དོགས་གནད་ཡོད་པའི་ངོས་འཛིན་བྱས་པའི་གྲོས་མོལ་ཚོགས་ཆུང་གི་གྲོས་མོལ་བྱས་འབྲས་དེ་སྡེ་ཁུལ་ཏང་ཀྲི་པུའུ་ལ་ཞིབ་འཇུག་གྲོས་མོལ་བྱ་རྒྱུར་གོང་འབུལ་བྱས་ནས་མཐའ་མའི་གཏན་འཁེལ་བྱ་རྒྱུ་ཡིན་པ་དང་གནད་དོན་གལ་ཆེན་ཡིན་ཚེ་གླིང་གཉིས་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཏང་ཨུད་ལ་གོང་འབུལ་ཞུས་ནས་ཞིབ་འཇུག་བྱས་རྗེས་གཞི་ནས་གཏན་འཁེལ་བྱེད་ཆོག་གི་ཡོད་པ་རེད།

        ཏང་དང་མང་ཚོགས་ཀྱི་མཉམ་འབྲེལ་གྲོས་མོལ་ལྷན་ཚོགས་ཀྱིས་ཕན་འབྲས་ལ་སྣང་ཆེན་བྱེད་ཅིང་། ཏང་དང་མང་ཚོགས་ཀྱི་མཉམ་འབྲེལ་གྲོས་མོལ་ལྷན་ཚོགས་ཀྱི་ལམ་ལུགས་ཁྱབ་སྤེལ་བཏང་བ་དེས་ཕྱོགས་གཅིག་ནས་སྡེ་ཁུལ་ནུས་ལྡན་ངང་དོ་དམ་བྱེད་པར་སྔར་བས་ཤུགས་སྣོན་ཐེབས་ཏེ་གྲོང་མིས་དོ་ཁུར་བྱེད་ས་དང་དཀའ་གནད་གྲོང་མིར་ཐག་གཅོད་བྱེད་དུ་འཇུག་གི་ཡོད། ཕྱོགས་གཞན་ཞིག་ནས་ཏང་ཀྲི་པུའི་འགོ་ཁྲིད་འོག་གྲོས་མོལ་བྱེད་སྒོ་སྤེལ་བས་ཆབ་སྲིད་ཐོག་བློ་བདེ་པོ་དང་། ནུས་པ་བྱང་ཆུབ་པ། སྤྱོད་ཚུལ་ཏན་ཏིག་ཡིན་པ་བཅས་ཀྱི་ཏང་ཡོན་གྱི་འཐུས་མི་གྲོས་མོལ་ཚོགས་འདུའི་ནང་ཞུགས་སུ་བཅུག་པས་གྲོས་མོལ་གྱི་ཁ་ཕྱོགས་ཡང་དག་ཡོང་བར་ཁྲིད་སྟོན་བྱུང་ཡོད་ལ་སྡེ་ཁུལ་ཏང་རྩ་འཛུགས་ཀྱིས་གྲོས་མོལ་ལྷན་ཚོགས་ལ་བལྟོས་བཅས་ངང་འགོ་ཁྲིད་བྱ་རྒྱུའི་སྲོག་ཤིང་གི་ནུས་པའང་འགན་ལེན་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།