ས་མཐོའི་གདོང་ལེན།
མེས་རྒྱལ་གྱི་མཐའ་མཚམས་སུ་གནས་པའི་ས་དགའ་རྫོང་ཁྲང་སྒོ་ཤང་གི་གྲོང་ཚོ་དང་པོ་དེ་ནེ་པ་ལ་དང་ས་འབྲེལ་ཡིན་པ་དང་རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་སྨི་5375ཡོད། གྲོང་ཚོ་དེ་ཡོངས་སུ་འབྲོག་པ་དུད་ཚང་89ཡི་མི་འབོར་386ཡོད་པ་དེའི་ནང་ཏང་ཡོན་13ཡོད་པ་དང་2010ལོར་གྲོང་ཚོ་དེ་ཡོངས་ཀྱི་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་187.2དང་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་3515ལོན་ཞིང་། ཉེ་བའི་ལོ་ཤས་རིང་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་མང་ཚོགས་སྣེ་འཁྲིད་དེ་འབབ་འཕར་ཕྱུག་འགྱུར་བྱེད་པ་མ་ཟད། ད་དུང་ཏང་ཡོན་10ཡིས་རྐང་འཛིན་བྱེད་པ་དང་འབྲོག་པ་30ལས་གྲུབ་པའི་མཐའ་སྲུང་རུ་ཁག་ཀྱང་བཙུགས་ནས་ཁྲང་སྒོ་ཤང་མཐའ་སྲུང་མངགས་གཏོང་ཁང་གི་དཔོན་དམག་ལ་གཞོགས་འདེགས་ཀྱིས་མཐའ་མཚམས་སྐོར་ཞིབ་ཀྱང་བྱས་པས་མཐའ་སྲུང་རྒྱལ་སྲུང་དང་བློ་དཀར་སེམས་དཀར་ངང་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བའི་བརྗིད་རླབས་ཆེ་བའི་ལེའུ་ཞིག་བརྩམས་ཡོད། 2011ལོར་གྲོང་ཚོ་དང་པོའི་ཏང་ཀྲི་པུའུ་ལ “ལྗོངས་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས ”ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།
རང་ཉིད་ཀྱི་འཛུགས་སྐྱོང་ཐད་གྲོང་ཚོའི་ཏང་ཀྲི་པུའུ་ཡིས “དྲང་གཞག་གསུམ་དང་ཏན་ཏིག་གསུམ ”བྱེད་པ།
རང་ཉིད་ཀྱི་འཛུགས་སྐྱོང་ཐད་ཁྲང་སྒོ་ཤང་གྲོང་ཚོ་དང་པོའི་ཏང་ཀྲི་པུའུ་ཡིས “དྲང་གཞག་གསུམ་དང་ཏན་ཏིག་གསུམ ”བྱེད་ཐུབ་པ་བྱེད་ཀྱི་ཡོད།
“དྲང་གཞག ”གསུམ་ནི་སེམས་པ་དྲང་གཞག་དང་། ལངས་ཕྱོགས་དྲང་གཞག གཞུང་དྲང་བཅས་ཡིན་པ་དང་སེམས་པ་དྲང་གཞག་ནི་སྒེར་སེམས་མེད་པ་མཐའ་འཁྱོངས་བྱ་རྒྱུ་དང་། ལངས་ཕྱོགས་དྲང་གཞག་ནི་གྲོང་མི་གཞན་དག་ལ་བྱ་རྒྱུའི་བླང་བྱ་བཏོན་པ་རྣམས་ཚན་ཁག་གི་ཁོངས་མིས་དང་ཐོག་བྱེད་དགོས་པ་དང་གཞན་གྱིས་བྱེད་མི་ཆོག་པ་དེ་དག་ཚན་ཁག་གི་ཁོངས་མིས་གཏན་ནས་བྱེད་མི་ཆོག་པ། གཞུང་དྲང་ནི་བྱ་བ་གང་ཡིན་རུང་སྲིད་ཇུས་ཁྲིམས་སྲོལ་དང་སྒྲིག་སྲོལ་ལམ་ལུགས་ལ་གཞིགས་ནས་ལས་དོན་སྒྲུབ་པ་བཅས་རེད། “ཏན་ཏིག་གསུམ ”ནི་ལས་དོན་ཐོག་དམ་པ་དོན་གཉེར་དང་། སྤྱོད་ཚུལ་ཏན་ཏིག གྲུབ་འབྲས་དངོས་གནས་བཅས་རེད། ལས་དོན་ཐོག་དམ་པ་དོན་གཉེར་ཞེས་པ་ནི་མཐའ་དག་དོན་དངོས་དང་བསྟུན་པ་ལས་མཐོ་འདོད་གནམ་ལ་སྤར་སྙོབ་མི་བྱེད་པ་དང་། སྤྱོད་ཚུལ་ཏན་ཏིག་ཞེས་པ་ནི་མང་ཚོགས་ཀྱི་ཁྲོད་དུ་ཡང་ཡང་བསྐྱོད་ནས་མང་ཚོགས་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། གྲུབ་འབྲས་དངོས་གནས་ཞེས་པ་ནི་ལས་དོན་ཐད་དངོས་ཐོག་བདེན་འཚོལ་བྱས་ནས་གང་ཡོད་དེ་བཤད་བྱེད་པ་ལས་དོན་དངོས་དང་མི་མཐུན་པ་མི་བྱེད་པ་བཅས་རེད།
གྲོང་ཚོའི་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག་མཐའ་སྲུང་སྐོར་ཞིབ་རུ་ཁག་བཙུགས་པ།
གྲོང་ཚོའི་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག་2003ལོར་ཁྲང་སྒོ་ཤང་གི་གྲོང་ཚོ་དང་པོས་ཏང་ཡོན་10ཡིས་རྐང་འཛིན་བྱེད་པ་དང་འབྲོག་པ་30ལས་གྲུབ་པའི་མཐའ་སྲུང་རུ་ཁག་ཅིག་དངོས་སུ་བཙུགས་ནས་ཁྲང་སྒོ་ཤང་མཐའ་སྲུང་མངགས་གཏོང་ཁང་གི་དཔོན་དམག་ལ་གཞོགས་འདེགས་ཀྱིས་མཐའ་མཚམས་སྐོར་ཞིབ་བྱེད་ཀྱི་ཡོད། མངགས་གཏོང་ཁང་གིས་མཐའ་མཚམས་ཀྱི་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པར་གཞོགས་འདེགས་བྱ་ཕྱིར་གྲོང་ཚོ་དང་པོའི་ཏང་ཡོན་ཚོས་མི་སྒེར་གྱི་ཐོབ་ཤོར་ལ་མི་ལྟོས་པར་རང་ཉིད་ཀྱིས་དངུལ་བཏོན་ཏེ་སྣེ་ཁྲིད་ངང་སྦག་སྦག་ཉོས་ནས་སྦག་སྦག་21ཡོད་པའི་མཐའ་སྲུང་ཡན་ལག་རུ་ཁག་བཙུགས་ནས་མཐའ་མཚམས་ཀྱི་ལ་ཁ་ཁག་ཏུ་སྐོར་ཞིབ་ཡང་ཡང་བྱེད་ཀྱི་ཡོད་པ་རེད།
མཐའ་སྲུང་རུ་ཁག་ལ་རྒྱང་ཤེལ་མེད་པས་རུ་མི་ཚེ་རིང་གིས་གཡག་བཙོང་པའི་སྒོར་5000དེས་ལྡབ་མང་རྒྱང་ཤེལ་ཞིག་ཉོས་པ་རེད། ཁོང་གིས “ད་ལྟ་ཏང་ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་དང་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པའི་དྲོ་སྐྱིད་དེ་ང་ཚོ་མཐའ་མཚམས་མི་དམངས་ཚོས་ཚོར་ཐུབ་པས་དངོས་གནས་རྒྱལ་ཁབ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་འདོད་འདུག ”ཅེས་བཤད།
རགས་རྩིས་ལ་གཞིགས་ན། སྦག་སྦག་མཐའ་སྲུང་ཡན་ལག་རུ་ཁག་གིས་སྐོར་ཞིབ་ལས་དོན་ནང་ཁྱོན་ཐེངས་400ལྷག་ཙམ་ཞུགས་པར་ལམ་ཐག་སྤྱི་ལི་ཁྲི་13ལས་བརྒལ་བ་དང་ཕྱི་རྒྱལ་དུ་བྲོས་རྩིས་བྱེད་མཁན་མི་4འཛིན་བཟུང་བྱེད་རོགས་བྱས་པ་རེད།
“མེ་འཁོར་གྱི་མགོའི་ནུས་པ ”འདོན་སྤེལ་བྱས་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱེད་པ།
མི་གཅིག་ཕྱུག་པོ་ཆགས་ན་ཕྱུག་པོ་མིན་པ་དང་ཚང་མ་ཕྱུག་འགྱུར་བྱུང་ན་གཞི་ནས་ཕྱུག་པོ་ཡིན། གྲོང་མིའི་འབྲོག་ལས་ཐོན་སྐྱེད་འཕེལ་རྒྱས་གཏོང་བའི་ཧུར་བརྩོན་རང་བཞིན་ཆེ་རུ་གཏོང་ཆེད་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཅིག་ལྕོགས་ཡིན་པའི་ཟླ་བ་དང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་གཅིག་ལྕོགས་ཡིན་པའི་ཕུན་ཚོགས་ཀྱིས་སྣེ་ཁྲིད་ངང་ལག་ལེན་བསྟར་ནས་ཁུ་དཀར་ར་80ནང་འདྲེན་བྱས་ཏེ་གསོ་ཚགས་ཀྱི་གཞི་ཁྱོན་རྒྱ་ཆེ་རུ་བཏང་བ་རེད། ཀྲི་པུའི་ཁོངས་མིས་སྣེ་ཁྲིད་ངང་ལག་ལེན་བསྟར་བ་བརྒྱུད་གྲོང་མི་ཚོས་རེ་བ་མཐོང་ཞིང་། 2010ལོའི་ལོ་མཇུག་བར་གྲོང་ཚོ་དང་པོར་ལག་ཡོད་ཕྱུགས་རིགས་མགོ་གྲངས་10395ཟིན་ཡོད་པས་ཚང་མས་གཅིག་རྗེས་གཉིས་མཐུད་ངང་གྲོང་ཚོའི་ཏང་ཀྲི་པུའུ་ནི་ང་ཚོའི་ངོ་གནོང་མི་དགོས་པའི་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་ཞིག་རེད་ཅེས་བསྔགས་བརྗོད་བྱས། ཁྲང་སྒོ་ཤང་གྲོང་ཚོ་དང་པོའི་ཏང་ཀྲི་པུའུ་ལ་མང་ཚོགས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ཐོབ་པ་དང་གྲོང་ཚོ་ཏང་ཀྲི་པུའི་སྣེ་ཁྲིད་འོག་གྲོང་ཚོ་དང་པོའི་གྲོང་མི་ཚོས་ཁོང་ཚོའི་མ་འོངས་པའི་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་པ་རེད།