དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཕྱོགས་ཁག་གིས་རྒྱབ་སྐྱོར་བྱས་ཏེ་སྒུལ་ཤུགས་འཕེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བཅའ་སྡོད་ལས་དོན་གྲོང་ཚོ་ཡོངས་ལ་ཁྱབ། ལས་བྱེད་མང་ཚོགས་གཅིག་སེམས་གཅིག་ལ་སྦྲེལ།

        སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ།

        ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱས་པ་དེས་ཡངས་པའི་ཞིང་འབྲོག་ཁུལ་དུ་རྣམ་པ་གསར་པ་དང་། བསམ་ཕྱོགས་གསར་པ། གསོན་ཤུགས་གསར་པ་བཅས་སྦྱིན་པ་དང་རི་གྲོང་དབུལ་པོར་འཕེལ་རྒྱས་ཀྱི་རེ་བ་འཕེལ་བར་བྱས། གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་དམངས་ལ་གཅེས་པ་དང་དམངས་ལ་ཉེ་བའི་གཟུགས་བཪྙན་བཟང་པོ་དེར་དམངས་སེམས་ཐོབ་པ་དང་དུས་མཚུངས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྱང་ཁོང་ཚོའི་ནུས་པ་གང་ཡོད་བཏོན་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་གཞོགས་འདེགས་ཧུར་ཐག་བྱས་ཐོག་ལས་དོན་ཁག་སྤེལ་བ་དང་ལས་དོན་རུ་ཁག་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་རེད།

        གཞིས་རྩེ་ས་ཨུད་རྩ་འཛུགས་པུའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གྲོང་ཚོའི་ནང་ཡོང་ནས་ལས་དོན་སྤེལ་རྒྱུའི་གནས་ཚུལ་ཐོས་རྗེས་པ་སྣམ་རྫོང་དབང་ལྡན་ཤང་ཤར་སྨད་གྲོང་ཚོའི་སྐྱེས་ཕོ་མོ་རྒན་གཞོན་ཚང་མས་སྔ་ས་ནས་གྲོང་ཚོར་སྒུག་བསྡད། ལས་དོན་རུ་ཁག་གི་རླངས་འཁོར་གྲོང་ཚོར་སླེབས་མ་ཐག་བཀྲ་ཤིས་པའི་ཕྱེ་མར་དང་། དཀར་གཙང་མཇལ་དར། རོ་བཅུད་ལྡན་པའི་ནས་ཆང་བཅས་ཀྱིས་བསུ་བ་ཞུས་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་ཚང་མའི་སེམས་ནང་དྲོ་སྐྱིད་ཀྱི་ཚོར་སྣང་ཟབ་མོ་བྱུང་ཡོད། གཞིས་རྩེ་ས་ཨུད་རྩ་འཛུགས་པུའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མིས “གྲོང་ཚོའི་ནང་ང་ཚོར་རེ་སྒུག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པས་ང་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩེ་སེམས་ཟབ་མོར་དྲིན་ལན་འཇལ་རྒྱུ་དང་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་གྲོང་ཚོར་བསམ་ཚུལ་མང་ཙམ་འདོན་པ་དང་ཐབས་ཤེས་མང་ཙམ་བསམ་བློ་གཏོང་རོགས་བྱས་ཏེ་མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་སྒྲུབ་པ་དང་དཀའ་གནད་ཏན་ཏིག་ངང་སེལ་རྒྱུ་ཡིན ”ཞེས་བཤད་པ་རེད།

        ཟླ་10ཚེས་21ཉིན་རང་སྐྱོང་ལྗོངས་རིག་གནས་ཐིང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གཞིས་རྩེ་ས་ཁུལ་གཏིང་སྐྱེས་རྫོང་ནས་རྡོག་ཐོན་བྱས་ཏེ་འདྲེན་ཐང་གྲོང་རྡལ་དུ་བསྐྱོད་པ་དང་ལས་དོན་རུ་ཁག་གི་རླངས་འཁོར་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་ནས་བར་ཐག་སྤྱི་ལེ་50ཙམ་ཡོད་པའི་སར་སླེབས་སྐབས་གློ་བུར་དུ་ཁ་བ་ཆེན་པོ་བབས་ཏེ་དངོས་རྫས་བླུགས་པའི་རླངས་འཁོར་ལམ་ངོས་ནས་མར་འདྲེད་ཡོད། རུ་མི་ཚོས་དངངས་འཚབ་ཆེན་པོ་བྱེད་པའི་སྐབས་དེར་མཐའ་འཁོར་གྱི་ཞིང་འབྲོག་མང་ཚོགས་ཀྱིས་གནས་ཚུལ་ཤེས་ནས་རོགས་རམ་བྱེད་པར་ཡོང་བ་དང་ཚང་མས་ཕྱར་བ་གྲུ་འདེགས་བྱས་པ་བརྒྱུད་རླངས་འཁོར་ལམ་ངོས་སུ་འབུད་ཐུབ་ཡོད། གནམ་གཤིས་ཀྱིས་རྐྱེན་པས་ལས་དོན་རུ་ཁག་རྫོང་གྲོང་དུ་ཕྱིར་མ་ལོག་ཀ་མེད་བྱུང་ཡོད།

        ཉིན་གཉིས་པར་ལས་དོན་རུ་ཁག་སླར་ཡང་འདྲེན་ཐང་གྲོང་རྡལ་དུ་བསྐྱོད་སྐབས་རླངས་འཁོར་སྙེ་ལ་རི་བོར་སླེབས་པ་དང་ཁ་བ་བུ་ཡུག་ཆེ་རུ་སོང་ནས་རླུང་ཤུགས་རིམ་པ་9ཙམ་དུ་སླེབས། གནས་ཚུལ་དེ་འདྲའི་འོག་ལྗོངས་རིག་གནས་ཐིང་དང་གཏིང་སྐྱེས་རྫོང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ལས་དོན་རུ་མི་ཚང་མའི་སྣེ་ཁྲིད་དེ་འཁོར་ལོའི་འོག་གི་གངས་གསོག་བཤངས་ནས་རང་སྐྱོབ་ཧུར་ཐག་བྱས་པ་བརྒྱུད་རླངས་འཁོར་ཕལ་ཆེ་བ་རྫོང་གྲོང་དུ་བསྐྱོད་ཐུབ་མོད། འོན་ཀྱང་རླངས་འཁོར་གཅིག་དང་ལས་དོན་རུ་མི་5ད་དུང་དེར་ལུས། གཏིང་སྐྱེས་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གནས་ཚུལ་ཤེས་རྟོགས་ཐུབ་རྗེས་འཕྲལ་མར་ཛ་དྲག་ཆེ་བའི་སྐྱོབ་རོགས་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ས་གནས་སུ་བཅའ་སྡོད་དྲག་ཆས་ཉེན་རྟོག་དཔོན་དམག་དང་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ལྡུག་འཁོར་ཆེ་གྲས་བཀོད་སྒྲིག་གིས་འཁོར་རིགས་ལུས་སར་སྐྱོབ་རོགས་བྱེད་དུ་བསྐྱོད་པ་དང་ཆུ་ཚོད་9ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད་དེ་གར་ལུས་པའི་རླངས་འཁོར་དང་མི་སྣ་བདེ་འཇགས་ངང་གཏིང་སྐྱེས་རྫོང་གྲོང་དུ་ལོག་ཐུབ་པ་བྱུང་ཡོད།

        ཟླ་10ཚེས་19ཉིན་ཆུ་ཤུར་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀྲོའུ་ཀོང་ཀྲིས་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་པ་དང་ཆུ་ཤུར་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་འཁུར་བྱེད་ལུགས་སེམས་ནང་བཅངས་བཞིན་དུ་ཆུ་ཕུ་གྲོང་ཚོར་བསྐྱོད་དེ་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་འཚམས་འདྲི་ཞུས་པ་དང་ས་གནས་ས་ཐོག་ཏུ་ལས་དོན་རུ་ཁག་གི་འཚོ་བ་དང་ལས་ཀ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་དང་འབྲེལ་རྫོང་དང་། གྲོང་རྡལ། གྲོང་ཚོ་བཅས་རིམ་ཁག་རྩ་འཛུགས་ཀྱིས “འཚོ་བའི་ཐད་ལས་དོན་རུ་ཁག་ལ་སེམས་ཁུར་དང་ལས་ཀའི་ཐད་ལས་དོན་རུ་ཁག་ལ་རྒྱབ་སྐྱོར་བྱེད་དགོས ”པའི་བླང་བྱ་བཏོན་པ་རེད།

        ས་ཆ་ཁག་གིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་གཞོགས་འདེགས་དང་རྒྱབ་སྐྱོར་བྱས་ཏེ་ལས་དོན་སྤེལ་བའི་དཔེ་གྲངས་ཀྱིས་མི་ལང་བ་ཡོད་ལ་ས་ཆ་ཁག་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་ཡིད་ཆེས་དང་སེམས་ཁུར་བྱས་པ་དེས་ལས་དོན་རུ་མིའི་སེམས་ནང་དྲོ་སྐྱིད་ཚོར་བ་དང་། ཁོང་ཚོའི་སྙིང་སྟོབས་འཕེལ་བ། ཞིང་འབྲོག་ཁུལ་དུ་བྱས་རྗེས་འཇོག་པའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་ཚང་མའི་སྙིང་སྟོབས་ཆེས་ཆེར་འཕེལ་བ་བཅས་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།