དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • “དཔྱིད་རླུང”རྒྱུན་དུ་གནས་པར་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བཅའ་སྡོད་ལས་དོན་གྲོང་ཚོ་ཡོངས་ལ་ཁྱབ། ལས་བྱེད་མང་ཚོགས་གཅིག་སེམས་གཅིག་ལ་སྦྲེལ།

        སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ།

        ཉིན་ཤས་བསྟུད་མར་གྲོང་ཚོར་བཅའ་སྡོད་ལྗོངས་ཡོངས་ཀྱི་ལས་དོན་རུ་ཁག་གི་རུ་མི་ཁྲི་2.1གིས་འབད་བརྩོན་ཆེན་པོས་དམངས་ཀྱི་སེམས་ཁྲལ་སེལ་རོགས་དང་། དམངས་ཆེད་ཁེ་ཕན་སྒྲུབ་པ། དབུལ་པོར་བདེ་སྡུག་འདྲི་བ་བཅས་བྱས་པ་དང་། ལས་དོན་རུ་ཁག་སླེབས་པ་དེས་དཔྱིད་རླུང་ལྟར་གྲང་ངར་ཆེ་བའི་དགུན་སྟོད་དེར་ཏང་གི་དྲོ་སྐྱིད་ཞིང་འབྲོག་པའི་སེམས་ནང་ཚོར་བ་བྱས།

        རྨང་གཞི་བརྟན་གཏོང་དང་དམངས་ལ་ཕན་འདོགས་པའི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བ་དང་ལས་བྱེད་པ་དང་མང་ཚོགས་དབར་གཞི་མཐུན་མཉམ་འདྲེས་ལྟ་བུའི་འབྲེལ་བ་བྱུང་ནས་མང་ཚོགས་ཚོར་ལས་དོན་དངོས་སྒྲུབ་པ་དང་དཀའ་གནད་སེལ་བའི་སྔོན་གཏོད་ལེགས་བརྩོན་གྱི་བྱས་རྗེས་མང་པོ་ཐོན་ཡོད་པ་རེད།

        ཇི་ལྟར་བྱས་ནས་འགོ་མཇུག་ཡོད་པ་བྱེད་པ་དང་། ཇི་ལྟར་བྱས་ནས་རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པ་དངོས་འབྲེལ་ཡོང་བ་བྱེད་ཐུབ་པ། ཇི་ལྟར་བྱས་ནས “དཔྱིད་རླུང ”རྒྱུན་དུ་གནས་པར་བྱེད་དགོས་སམ།

        འཕེལ་རྒྱས་དང་བརྟན་ལྷིང་གི་ཕུགས་ཕན་ལམ་སྲོལ་ཞིག་གཏོད་རྒྱུ་ནི་གལ་འགངས་ཧ་ཅང་ཆེ་བ་ཞིག་ཡིན་ཞིང་། གྲོང་ཚོར་བཅའ་སྡོད་ལས་བྱེད་པས་གྲོང་ཚོར་བཅའ་སྡོད་བྱེད་རིང་སྔོན་ཐོན་གྱི་བསམ་བློའི་རིག་གནས་དང་། དོ་དམ་བྱེད་སྟངས། རྩ་འཛུགས་ནུས་པ་བཅས་གཞི་རིམ་དུ་ཁྱབ་པ་བྱས་ནས་ཤང་གྲོང་ལས་བྱེད་པར་རྒྱུད་ཁྲིད་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་སྟོབས་ཆེར་གཏོང་བ་དང་། གཞི་རིམ་ཏང་གི་དཔུང་ཁག་འཛུགས་སྐྱོང་ལེགས་སུ་གཏོང་བ། གཞི་རིམ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལེགས་སུ་གཏོང་བ་བཅས་བྱས་ནས་གཞི་རིམ་རྩ་འཛུགས་ཀྱིས་འགལ་བ་གྲལ་བཤེར་དང་ཞི་ལྷོད་དུ་གཏོང་བ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་མང་ཚོགས་ཁྲིད་སྟོན་གྱིས་ཕྱོགས་ཡོངས་ལ་ལྟ་རྟོག་ཧུར་ཐག་བྱས་ཏེ་མི་དམངས་མང་ཚོགས་ཚོ་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཡོང་བ་དང་བརྟན་ལྷིང་སྲུང་སྐྱོང་གི་རྩ་འཛུགས་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། རྒྱ་ཆེའི་ཞིང་འབྲོག་ཚོར་སྔོན་ཐོན་གྱི་འཕེལ་རྒྱས་འདུ་ཤེས་དང་ཕྱུག་འགྱུར་ཐབས་ལམ་དྲིལ་བསྒྲགས་བྱས་ནས་མང་ཚོགས་ཚོས་སྔོན་ཐོན་རིག་གནས་དང་ཤེས་བྱར་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་གཏོང་རྒྱུར་ཁྲིད་སྟོན་བྱེད་རོགས་བྱས་ཏེ་ཡོང་འབབ་མང་དུ་བཏང་ཐོག་མི་རིགས་ཁག་གི་མང་ཚོགས་ཚོས་སུ་ལ་ཕན་པ་ཐོབ་པ་དང་ཕན་པ་གང་ནས་བྱུང་བ་དངོས་སུ་ཚོར་ཐུབ་པ་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྒར་ས་དམ་པོར་བཟུང་བ་དང་ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཚོར་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོ་སྔར་བས་གསལ་རྟོགས་ཡོང་རྒྱུར་སློབ་གསོ་བཏང་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་ཡུན་རིང་བདེ་འཁོད་བརྟན་དུ་གཏོང་རྒྱུའི་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་ཞིག་གཏོད་རྒྱུ་བཅས་ཡིན།

        ལྕག་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་ནི་དགོས་ངེས་ཆེ་བ་ཞིག་ཡིན་ཞིང་། གྲོང་ཚོར་བཅའ་སྡོད་ལས་བྱེད་པས་སྤྲོ་སེམས་འཁོལ་བའི་ངང་གྲོང་ཚོའི (གྲོང་མི་ཨུ་ལྷན )འབྲེལ་གཏུག་ས་ཚིགས་སུ་བསྐྱོད་ནས་ཁོང་ཚོའི་དཀའ་སྤྱད་འབད་བརྩོན་གྱི་ལས་ཀ་དང་སྒེར་སེམས་མེད་པའི་ལེགས་སྐྱེས་ལ་ངེས་པར་དུ་དུས་ཚིགས་རེར་ཞིབ་བཤེར་ཐེངས་རེ་དང་། ལོ་རེར་ཕྱོགས་སྡོམ་ཐེངས་རེ། ལོ་རེར་གཟེངས་བསྟོད་ཐེངས་རེ་བཅས་བྱེད་དགོས་པ་མ་ཟད། ད་དུང་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་ཁྲོད་སྦྱོང་བརྡར་ཐེབས་པ་དང་། གྲུབ་འབྲས་མངོན་གསལ་དོད་པ། མཚོན་ཚུལ་ཕུལ་བྱུང་བཅས་ཀྱི་ལས་བྱེད་པ་སྔོན་ལ་གནས་སྤོར་དང་བསྐོ་སྤྱོད་བྱེད་པའམ་ཡང་ན་དེ་མིན་གྱི་གལ་ཆེའི་ལས་གནས་ཐོག་སྤེལ་རེས་དང་གནས་སྤོར་བྱས་ཏེ་ཆབ་སྲིད་ཐད་ཀྱི་གོ་གནས་དང་། བསམ་བློའི་ཐད་ཀྱི་གཟི་བརྗིད། འཚོ་བའི་ཐད་ཀྱི་ཐོབ་ཐང་བཅས་ཁོང་ཚོར་ཡོད་པ་བྱེད་དགོས།

        འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ལས་དོན་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་མངོན་གསལ་དོད་པའི་གལ་འགངས་ཤིག་ཡིན་ཞིང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་བྱེད་སྒོ་དེ་གལ་ཆེའི་ཉིན་རེའི་ལས་རིམ་དུ་བཞག་ནས་གཙོ་འགན་འཁུར་མཁན་བློ་མཐུན་གྱིས་གཙོ་འགན་འཁུར་བ་དང་རང་ངོ་མས་དམ་འཛིན་བྱེད་པ་དང་ལས་བགོས་འགན་འཁུར་བློ་མཐུན་གྱིས་ཆེད་གཉེར་ལས་འགན་འཁུར་བ་དང་དམ་འཛིན་ཞིབ་ཕྲ་བྱེད་པ་དང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་གྲོང་ཚོར་བཅའ་སྡོད་གཞུང་དོན་ཁང་དང་འབྲེལ་ཡོད་ཚན་པས་ད་དུང་ཞབས་ཞུའི་འདུ་ཤེས་མུ་མཐུད་ཆེ་རུ་བཏང་སྟེ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ཆབ་སྲིད་ཐད་ཀྱི་ཐུགས་ཁུར་དང་། ལས་དོན་ཐད་ཀྱི་རྒྱབ་སྐྱོར། འཚོ་བའི་ཐད་ཀྱི་རོགས་རམ་བཅས་བྱས་ཐོག་ཁོང་ཚོའི་ལས་ཀ་དང་། འཚོ་བ། ཁྱིམ་ཚང་བཅས་ཁྲོད་ཀྱི་དཀའ་ངལ་དངོས་ནུས་ཤུགས་ཡོད་རྒུས་སེལ་ཏེ་ཁོང་ཚོའི་རྒྱབ་ལྗོངས་ཀྱི་སེམས་ཁྲལ་སེལ་རོགས་བྱེད་དགོས།

        རང་འགན་གཙང་སྒྲུབ་བྱས་ཕྱིན་གཞི་ནས་མཉམ་ཤུགས་ཤིག་དང་ཕྱོགས་ཡོངས་ལ་ཁྱབ་ཐུབ་པ་དང་ཆད་ལུས་མེད་པ་ཡོང་ཐུབ་ལ་གཞི་ནས་རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི “དཔྱིད་རླུང ”དེའང་གངས་ལྗོངས་ས་མཐོའི་ས་གཞི་དེའི་ཐོག་རྒྱུན་དུ་ལྡང་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།