དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • “མཁར་རྫོང”བསྐྲུན་ནས་ཕུགས་ཕན་ཡོང་ཐབས་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བཅའ་སྡོད་ལས་དོན་གྲོང་ཚོ་ཡོངས་ལ་ཁྱབ། ལས་བྱེད་མང་ཚོགས་གཅིག་སེམས་གཅིག་ལ་སྦྲེལ།

        སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ།

        སྟོན་མཇུག་གི་ས་མཐོར་ག་ས་ག་ལ་གྲང་རླུང་ལྡང་བཞིན་ཡོད་ནའང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོའི་སེམས་ནང་དྲོ་སྐྱིད་ཀྱིས་ཁེངས་ཡོད།

        ལྗོངས་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་ཁྱོན་ཡོངས་ནས་སྤེལ་བ་དང་བསྟུན་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཚོ་དང་གཅིག་ཏུ་འདྲིས་ཏེ་བཅའ་སྡོད་གྲོང་ཚོར་བསམ་ཕྱོགས་ཁ་གསལ་ཡོང་བ་བྱེད་པ་དང་འཕེལ་རྒྱས་ཡོང་ཐབས་བྱེད་རོགས་བྱས་པ་མ་ཟད་ད་དུང་གྲོང་ཚོ་རིམ་པའི་གཞི་རིམ་རྩ་འཛུགས་ཀྱི “ཕྲ་ཕུང ”ལྟ་བུའི་གསོན་ཤུགས་སྔར་བས་སྐུལ་སློང་བྱས་པ་རེད།

        གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱས་ཚུལ་ཤེས་རྟོགས་བྱེད་ཆེད་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་རུ་ཁག་ངམ་རིང་རྫོང་གི་བཅའ་སྡོད་གྲོང་ཚོ་བདུན་པོར་འབྱོར་བའི་ཉིན་དེར་འཕྲལ་དུ་གྲོང་ཚོའི་ཏང་ཀྲི་པུའི་ཁོངས་མི་སྐོང་བསྡུ་བྱས་ནས་ཚོགས་འདུ་འཚོགས་པ་དང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱས་ཚུལ་དང་ཏང་ཡོན་གྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱས་ནས་གོམ་སྟབས་རྗེས་མའི་གཞི་རིམ་གྱི་སྒྲིག་འཛུགས་ལས་དོན་སྒྲུབ་ཆེད་རྨང་གཞི་བརྟན་པོ་བཏིང་བ་རེད།

        མེ་འཁོར་འགྲོ་མགྱོགས་པ་དེ་མེ་འཁོར་གྱི་མགོར་རག་ལུས་ཡོད། གཞི་རིམ་ཏང་རྩ་འཛུགས་ཤིག་ལ་སྒྲིག་འཛུགས་ནུས་པ་དང་གོང་བུ་འགྲིལ་ཤུགས་ཡོད་མེད་ནི་གཙོ་བོ་སྣེ་ཁྲིད་མཁན་ལ་རག་ལུས་ཡོད། གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་རུ་ཁག་གིས་གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་གཏོང་བར་ཚན་ཁག་བཀོད་སྒྲིག་བྱ་རྒྱུ་ནི་གལ་ཆེའི་ནང་གི་འགངས་ཆེན་ཡིན་པས་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་བྱེད་པ་དང་། མང་ཚོགས་ཀྱི་གུས་བཀུར་ཐོབ་པ། ལྷག་བསམ་རྣམ་དག་གིས་མང་ཚོགས་ཆེད་བྱ་བ་དངོས་སྒྲུབ་པ་བཅས་ཀྱི་གཞི་རིམ་འགོ་ཁྲིད་ལས་བྱེད་པ་ཁག་གཅིག་བདམས་ཏེ་ཏང་ཡོན་ལས་བྱེད་པ་མང་ཚོགས་ཀྱི་ཁྲོད་དུ་དངོས་སུ་འདྲིས་ཐུབ་པ་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

        ཡག་ཆོས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ད་དུང “རྒན་གྲས་གསུམ ”གྱི་མི་སྣ་དང་། འགན་ལེན་ལྔའི་དུད་ཚང་། ཏང་ཡོན་རྒན་གྲས། ངལ་རྩོལ་དཔེ་བཟང་རྒན་གྲས་བཅས་ལ་འཚམས་འདྲི་བྱས་ནས་ཁོང་ཚོའི་བསམ་འཆར་ཉན་པ་དང་འབྲེལ་གཞི་རིམ་ཏང་ཀྲི་པུའུ་ལ་ཏང་ཡོན་ལས་བྱེད་པས་བརྩི་སྲུང་བྱེད་དགོས་པའི་སྒྲིག་ལམ་ཁག་བཞི་འགྲེམས་བསྒྲགས་ཀྱང་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་བཏང་བ་དང་། ཆུ་ཁུ་ལྷུན་པོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་ཨུ་ལྷན་གྱི་ཚན་ཁག་དང་དུས་ཐོག་ཏུ་མཐུན་སྦྱོར་འབྲེལ་གཏུག་བྱས་པ་བརྒྱུད་གཞི་རིམ་ཏང་རྩ་འཛུགས་ཀྱི་ཁོངས་མི་དང་མཉམ་དུ་རྡོ་གཞུང་ཆུ་དང་དང་པོ་ཆུ་མཛོད་ལ་བརྟག་ཞིབ་བྱས་ནས་སྙན་ཞུའི་དཔྱད་གཞིའི་ཡིག་ཆ་བྲིས་ཏེ་འབྲེལ་ཡོད་སྡེ་ཚན་ལ་གོང་ཞུ་བྱས་ནས་དམངས་ཀྱི་ཆེད་བྱ་བ་དངོས་བསྒྲུབས་པ་དང་དངོས་ཕན་ཡོང་ཐབས་བྱས་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱི་སེམས་ནང་གི་ཏང་རྩ་འཛུགས་ཀྱི་སྙན་གྲགས་ཆེ་རུ་བཏང་བས་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ་པ་རེད།

        ཟླ་10ཚེས་24ཉིན་ནི་ཉིང་ཁྲི་ས་ཁུལ་སྨན་གླིང་རྫོང་གནས་ལུང་ཤང་གླང་གོང་གྲོང་ཚོའི “ཨུ་ལྷན་གཉིས ”ཀྱི་ཚན་ཁག་སྐབས་གསར་པ་འདེམས་ཤོག་འཕངས་ནས་འདེམས་བསྐོ་བྱེད་སྐབས་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་མི་འབོར་དང་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་གི་ལས་དོན་རུ་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཤང་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་བཅས་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་འདེམས་བསྐོའི་ལས་དོན་བསྒྲུབས་པ་རེད།

        བདམས་ཐོན་བྱུང་བའི་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་དང་བུད་མེད་ཀྱི་ཀྲུའུ་རེན་གཅིག་ལྕོགས་དཔའ་གླུ་དང་གྲོང་ཚོའི “ཨུ་ལྷན་གཉིས ”ཀྱི་ཁོངས་མི་རིག་འཛིན་ཟླ་བ་གཉིས་ལ་རང་ཉིད་ཀྱིས་འགན་ཁུར་ཐུབ་མིན་ཐད་ད་དུང་དོགས་འཆར་ཡོད་པར་དམིགས་ནས་ལས་དོན་རུ་ཁག་གི་རུ་མིས་ཁོང་ཚོར་བསམ་བློའི་སློབ་གསོ་བཏང་སྟེ་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བའི་ལས་འགན་གྱི་གྲས་ཤིག་ནི་གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་རྒྱུ་དེ་ཡིན་པས་ལས་དོན་རུ་ཁག་གིས་ཁོང་ཚོར་རམ་འདེགས་བྱས་ནས་ལས་དོན་བསྒྲུབས་ཏེ་གྲོང་ཚོའི་ཏང་ཀྲི་པུའི་དམག་འཐབ་མཁར་རྫོང་གི་ནུས་པ་དང་གྲོང་ཚོ་ཨུ་ལྷན་གྱི་འགན་ནུས་འདོན་སྤེལ་ཧུར་ཐག་བྱ་རྒྱུ་ཡིན་པ་གསལ་པོར་མཚོན་པ་བྱས་པ་རེད། ལས་དོན་རུ་ཁག་གི་རུ་མིས་སྐུལ་ལྕག་བཏང་བས་དཔའ་གླུ་དང་རིག་འཛིན་ཟླ་བ་གཉིས་ཀྱི་གདོང་ལ་འཛུམ་མདངས་ཀྱིས་ཁེངས་ནས་ཁོང་ཚོས་ཤང་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག་དང་ལས་དོན་རུ་ཁག་གི་རྒྱབ་སྐྱོར་དང་རོགས་རམ་འོག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་སྐབས་གསར་པའི་གྲོང་ཚོའི “ཨུ་ལྷན་གཉིས ”ཀྱི་ལས་བྱེད་པ་དང་མཉམ་དུ་གྲོང་མི་ཚོའི་སྣེ་ཁྲིད་དེ་ཐུན་མོང་ཐོག་གྲོང་གསེབ་གསར་པ་བསྐྲུན་རྒྱུ་ཡིན་ཞེས་བཤད།

        རྨང་གཞི་བརྟན་པོ་མེད་ཚེ་ས་གཡོ་རི་འགུལ་བྱེད། ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་གི་ལས་དོན་ཧྲིལ་པོ་དང་དམག་འཐབ་ནུས་པའི་རྨང་གཞི་ཡིན། གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་རྒྱུ་ནི་ལྗོངས་ཡོངས་ཀྱིས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བའི་ལས་འགན་གྱི་གྲས་ཤིག་ཡིན་པས་ད་ཐེངས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་བརྒྱུད་རང་ལྗོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་སྔར་བས་སྟོབས་ཆེར་གཏོང་རྒྱུ་དང་། གཞི་རིམ་ཏང་ཡོན་སྔར་བས་མང་དུ་གཏོང་རྒྱུ། གཞི་རིམ་ལས་བྱེད་པའི་དཔུང་ཁག་སྔར་བས་ཡག་པོ་བསྐྲུན་རྒྱུ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོ་ཏང་གི་རྗེས་སུ་འབྲངས་བའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་པོ་ཡོང་རྒྱུ་བཅས་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།