དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • བོད་ལྗོངས་བཟོ་ཚོང་ཅུས་ཀྱིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡག་པོ་ཞིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་10ཚེས་27ཉིན་རང་སྐྱོང་ལྗོངས་བཟོ་ཚོང་སྲིད་འཛིན་དོ་དམ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་ཅུས་ཀྲང་ཏོན་ཤང་ཀྲེང་གིས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4600ལྷག་ཙམ་ཟིན་པའི་ལྷོ་ཁ་ས་ཁུལ་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་བྲག་རྩ་གྲོང་ཚོ་དང་། སྒྲུབ་སྡེ་གྲོང་ཚོ། ཙོང་ཙོང་གྲོང་ཚོ། གྲི་གུ་སྡེ་ཁུལ་གྲོང་ལྷན་བཅས་སུ་བསྐྱོད་དེ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ (གྲོང་ལྷན )“ཨུ་ལྷན་གཉིས ”ཀྱི་ཚན་ཁག་དང་དེ་བཞིན་ས་གནས་དེ་གའི་མང་ཚོགས་ལ་གཟིགས་ཐོག་འཚམས་འདྲི་བྱས་ནས་བསམ་བློའི་ཐད་མཛུབ་ཁྲིད་བྱེད་པ་དང་། སྐུལ་ལྕག་གཏོང་བ། འཚོ་བའི་ཐད་སེམས་ཁུར་བཅས་བྱས་ནས་ལས་དོན་རུ་ཁག་གིས་དཀའ་ངལ་ཁྱད་བསད་བྱེད་པའི་ཡིད་ཆེས་དང་ལས་འགན་ལེགས་སྒྲུབ་བྱེད་པའི་ཆོད་སེམས་ཆེ་རུ་སོང་བ་རེད།

        ཏོན་ཤང་ཀྲེང་གིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་གསོ་རླུང་འཕྲུལ་འཁོར་དང་། ཤ་སོས་པ། སྔོ་ཚལ། ཤིང་ཏོག་སོགས་འཚམས་འདྲིའི་དངོས་པོ་བསྐྱལ་བ་དང་། རུ་མི་ཚོའི་འཚོ་བའི་གནས་ཚུལ་སྐད་ཆ་ཞིབ་ཕྲ་དྲིས་པ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གྲོང་ཚོར་བཅའ་སྡོད་བྱེད་རིང་གི་ལས་དོན་སྒྲུབ་ཚུལ་དང་གོམ་སྟབས་རྗེས་མའི་ལས་ཀའི་བསམ་ཕྱོགས་བཅས་ཀྱི་སྙན་ཞུ་ཉན་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་བཅའ་སྡོད་ཁུལ་ཁྱིམ་ཚང་ལྟ་བུར་བརྩིས་ནས་བརྟན་སྲུང་གི་བྱ་སྤྱོད་ཐོག་ནས་གྲོང་གསེབ་ཏུ་བཅའ་སྡོད་ཡག་པོ་བྱེད་པའི་ཆོད་སེམས་གསལ་པོ་མཚོན་པར་བྱས་པ་རེད།

        རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱི་བཅའ་སྡོད་བྱེད་སའི་གྲོང་ཚོ (གྲོང་ལྷན )4ཚང་མ་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཙམ་ཡོད་པ་དང་ལས་དོན་རུ་མི་མང་དག་ཅིག་གཉིད་ཡག་པོ་ཁུག་མི་ཐུབ་པར་བརྟེན་གཉིད་སྨན་ཟ་དགོས་ཀྱི་ཡོད་པ་དང་། ཆུ་མེད་པས་སྤྱི་ལེ་འགའ་ཡི་ས་ནས་ཆུ་ལེན་དགོས་ཀྱི་ཡོད་པ། གློག་མེད་པས་ཡང་ལཱ་སྤོར་དགོས་ཀྱི་ཡོད་པ་བཅས་ཡིན་མོད། འོན་ཀྱང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཡོངས་ཀྱིས་ལས་ཀ་དང་འཚོ་བའི་ཁོར་ཡུག་དང་འཕྲོད་གང་ཐུབ་པ་བྱས་ཐོག་དེའི་ཁྲོད་ལས་ཀ་བྱས་ནས་གསོ་རླུང་མི་འདང་བ་དང་། གནམ་གཤིས་ཞན་པ། གཟུགས་པོ་མི་བདེ་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་ཀྱིས་ལས་ཀ་གང་མྱུར་ངང་སྤེལ་བ་དང་། ལས་ཀའི་ཁ་ཕྱོགས་གསལ་པོ་བྱུང་བ། སྙིང་སྟོབས་འཕེལ་བས་ལས་ཀའི་སེམས་ཤུགས་ཆེ་རུ་སོང་བ་བཅས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།