ཉེ་བའི་ལོ་ཤས་རིང་ཁྲེང་ཀོན་ཆུས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་ཁག་གིས་ཏང་འཛུགས་སྐྱོང་གི་ལས་དོན་དེ་གྲོང་ཚོ་དང་གྲོང་མི་ཨུ་ཡོན་ལྷན་ཁང་གི་ལས་དོན་དངོས་ནང་འཇུག་རྒྱུའི་བྱ་ཐབས་དང་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། “ལྟེ་བ་གཅིག་ལ་དམིགས་པ་དང་། ལས་གྲྭ་བཞིར་དམ་འཛིན་བྱེད་པ། གྲོང་ཚོ (གྲོང་མི )ཨུ་ཡོན་ལྷན་ཁང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ ”བཅས་ཀྱི་ལས་དོན་གྱི་བསམ་ཕྱོགས་གཞིར་བཟུང་ཏང་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱས་པས་གཞི་རིམ་ཏང་རྩ་འཛུགས་སྔར་བས་གསོན་ཤུགས་ལྡན་པ་ཞིག་ཏུ་གྱུར་ལ་ཕན་འབྲས་ཀྱང་སྔར་བས་ཆེན་པོ་ཐོན་ཐུབ་རྒྱུ་ཡིན།
གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་ཁག་གིས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་ཆེ་རུ་བཏང་སྟེ་ཏང་གི་སྔོན་ཐོན་རང་བཞིན་འཛུགས་གཏོད་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་ཆེད་གཅིག་གྱུར་འཆར་འགོད་བྱ་རྒྱུ་མཐའ་འཁྱོངས་དང་། རྒྱུན་འཛིན་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས། དངོས་ཐོག་བདེན་འཚོལ་གྱི་རྩ་དོན་མཐའ་འཁྱོངས་བཅས་བྱས་པ་དང་ཆབས་ཅིག་ལས་དོན་ཇུས་གཞི་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱས་ཤིང་། ཏང་འཛུགས་སྐྱོང་ལས་དོན་ཁྲོད་ཀྱི་བྱེད་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ་སྒྲིག་སྲོལ་ལམ་ལུགས་ཀྱི་རྣམ་པའི་ཐོག་ནས་གཏན་འཁེལ་བྱས་ཏེ་ཏང་ཡོན་སློབ་སྦྱོང་གསོ་སྦྱོང་དང་། ཏང་ཡོན་སློབ་གསོ་དོ་དམ། ཏང་རྩ་འཛུགས་ཀྱིས་མང་ཚོགས་དང་འབྲེལ་གཏུག མང་ཚོགས་ལ་ཞབས་འདེགས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སོགས་ཐད་ཀྱི་ལམ་ལུགས་30སྔ་རྗེས་སུ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། ལམ་ལུགས་དེ་དག་བཙུགས་པ་བརྒྱུད་ཏང་གི་སྔོན་ཐོན་རང་བཞིན་གྱི་བླང་བྱ་དེ་ཏང་ཡོན་གྱིས་རང་འགུལ་ངང་བརྩི་སྲུང་བྱེད་པའི་བྱ་སྤྱོད་ཚད་གཞིར་བསྒྱུར་བས་ཏང་འཛུགས་སྐྱོང་གི་ལས་དོན་དེ་སྔར་བས་ལམ་ལུགས་ཅན་དང་ཚན་ལྡན་ཅན་དུ་གྱུར་ཡོད་པ་རེད།
གྲོང་ཚོ (གྲོང་མི )ཨུ་ཡོན་ལྷན་ཁང་དང་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་ཁག་གིས་གྲོང་ཚོ (གྲོང་མི )ཨུ་ཡོན་ལྷན་ཁང་གི་ལས་དོན་གྱི་ངོ་བོ་དང་ཁྱད་ཆོས་གཞིར་བཟུང་ལམ་ལུགས་འགན་ལེན་དང་། རྣམ་པ་གསར་གཏོད། ནང་དོན་གསར་བཟོ། གཞི་རྟེན་གསར་སྐྲུན་སོགས་ཀྱི་བྱེད་སྟངས་སྤྱད་དེ་ལས་དོན་སྤེལ་ཞིང་། ཟླ་བ་རེའི་ཟླ་འགོའི་ཚོགས་འདུའི་ཐོག་ཀྲི་པུའི་ལས་ཀའི་གཙོ་གནད་གཏན་འཁེལ་ཁ་གསལ་བྱེད་པ་དང་། གཟའ་འཁོར་རེའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འཆར་ཅན་ཚོགས་འདུའི་ཐོག་ཟླ་མཇུག་གི་ལས་ཀ་བཀོད་སྒྲིག་བྱེད་པ། 《ཏང་ཀྲི་པུའི་ལས་དོན་དམིགས་ཚད་དོ་དམ་ལམ་ལུགས 》ལག་བསྟར་བྱས་ནས་ཏང་ཀྲི་པུའུ་ལ་དོ་དམ་བྱ་རྒྱུ་ཚད་ལྡན་དུ་གཏོང་བ། ཟླ་བ་རེར་ཞིབ་བཤེར་དང་དཔྱད་ཞིབ་བྱས་ནས་ཀྲི་པུར་སྐུལ་སྤེལ་གཏོང་བའི་ལས་དོན་སྤེལ་བ། ལས་ཞོར་དུས་ཚོད་དུ་ཏང་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ནས “ལས་སློབ་ཀྱི་འགལ་བ ”སེལ་བ། རྒྱང་ཁྲིད་སློབ་གསོར་བརྟེན་ནས་ཏང་ཡོན་གྱི “ཚོགས་འདུ་གསུམ་དང་སློབ་ཚན་གཅིག ”ནང་ཞུགས་ཐབས་བྱེད་པ་བཅས་ཀྱི་ཐོག་ནས་ཏང་འཛུགས་སྐྱོང་ལས་དོན་དེ་གོང་འོག་ཟུང་འབྲེལ་དང་ཁྱོན་ཡོངས་མཉམ་འགུལ་ཡོང་བ་བྱས་ཡོད་པ་རེད།
གྲོང་གསེབ་ཀྱི་ཤེས་ལྡན་པ་ནི་གྲོང་གསེབ་ཀྱི་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་ཀྱི་མཚོན་བྱེད་ཡིན་ལ་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན་པ་རེད། སྔར་ནས་ད་བར་ཁྲེང་ཀོན་ཆུས་ཀྱིས་གྲོང་གསེབ་ཀྱི་ཤེས་ལྡན་པ་གསོ་སྐྱོང་ལས་དོན་ལ་མཐོང་ཆེན་བྱེད་པ་དང་ལྷག་པར་དུ་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་ཚུན་ཁྲེང་ཀོན་ཆུས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་ཁག་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཤེས་ལྡན་པའི་དཔུང་ཁག་་སྐྱེད་སྲིང་ཧུར་ཐག་བྱས་ཤིང་། གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་གཞོན་ནུ་ལས་བྱེད་པར་ལག་ལེན་ནང་སྦྱོང་བརྡར་བྱས་པ་ཕུད་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གིས་ཀྱང་འབྲེལ་ཡོད་སྡེ་ཚན་དང་སློབ་གྲྭའི་འཆད་ཁྲིད་དགེ་རྒན་གདན་དྲངས་ནས་སློབ་སྦྱོང་དང་གསོ་སྦྱོང་གི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་ལས་སྒོའི་ཐད་ཀྱི་གསོ་སྦྱོང་ཐེངས་3བྱས་པའི་ནང་མི་37ཞུགས་ཡོད་པ་བཅས་རེད།