དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཁ་ཞེ་གཉིས་མེད་བྱས་པ་ལས་བརྩེ་བ་ཟབ་མོ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        “‘ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས ’སོགས་བརྩེ་དུང་ཟབ་མོ་ལྡན་པའི་སྐད་ཆ་དུམ་བུ་རེ་རེ་དང་། ཐུགས་རྗེ་ཆེ་ཞུ་བའི་ཁ་བཏགས་རེ་རེ། དྲི་ཞིམ་འཐུལ་བའི་ནས་ཆང་ཕོར་པ་རེ་རེ། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་རེ་རེ་བཅས་ལས་རི་གྲོང་ཚོའི་མང་ཚོགས་ཚོས་ང་ཚོ་རྨང་གཞི་བརྟན་གཏོང་དང་དམངས་ལ་ཕན་འདོགས་པའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་སྤྲོ་སེམས་ལ་དགའ་བསུ་ཐོབ་ཡོད་པ་རེད ”

        ཨ་རོང་གྲོང་རྡལ་རི་གྲོང་ཚོར་བཅའ་སྡོད་སྨན་གླིང་རྫོང་འགྲིམ་འགྲུལ་ཅུས་ཀྱི་ལས་དོན་རུ་ཁག་གི་རུ་དཔོན་ཀྲེན་ཅན་ཧྭ་ཡིས “ཟླ་10ཚེས་13ཉིན་དེ་ཕྱིར་དྲན་བྱེད་སྐབས་རི་གྲོང་ཚོར་བཅའ་སྡོད་བྱེད་སྐབས་ཀྱི་མི་སེམས་འགུལ་བའི་རྣམ་པ་དེས་རང་ཉིད་ལ་འགན་འཁྲི་གཟི་བརྗིད་དང་འགན་འཁྲི་ལྕི་པོ་ཡིན་པ་མྱོང་ཚོར་ཟབ་མོ་བྱུང ”ཞེས་བཤད།

        ཀྲེན་ཅན་ཧྭ་ཡིས་གསར་འགོད་པར “ཉིན་འདི་དག་གི་ནང་འཚམས་འདྲིར་བསྐྱོད་པ་དང་ཤེས་རྟོགས་དང་བརྟག་ཞིབ་བྱས་པ་བརྒྱུད་རང་ཉིད་ལ་དེ་གའི་དམངས་སྲོལ་བབ་ཆགས་པོ་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང། ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་ཐད་ད་དུང་དཀའ་ངལ་དང་གནད་དོན་ཅུང་ཟད་ཡོད་རུང་ཁོང་ཚོར་འབད་བརྩོན་ལྷོད་མེད་དང་བག་ཡངས་ཡར་ཐོན་གྱི་བསམ་པ་ལྡན་འདུག ང་ཚོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་རང་ཉིད་ས་ཆ་དེའི་ཐོག་སྡོད་མི་ཐུབ་པ་དང་རང་ཉིད་དེ་གའི་མང་ཚོགས་ཁྲོད་འབྲེལ་འདྲིས་མི་ཐུབ་པ་བྱེད་པའི་རྒྱུ་མཚན་གང་ཡང་མི་འདུག་ལ་མང་ཚོགས་ཀྱི་བདེ་སྡུག་སེམས་ནང་མི་འཇོག་པ་དང་མང་ཚོགས་ཀྱི་ཆེད་ཞབས་འདེགས་མི་ཞུ་བ་དང་བྱ་བ་མི་སྒྲུབ་པའི་རྒྱུ་མཚན་དེ་བས་མི་འདུག ”ཅེས་བཤད།

        དེ་དག་བཤད་ཟིན་རྗེས་ཀྲེན་ཅན་ཧྭ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་གསུངས་པའི “ང་ཚོས་མང་ཚོགས་སེམས་ནང་བཞག་ཚེ་མང་ཚོགས་ཀྱིས་གཞི་ནས་ང་ཚོ་སེམས་ནང་འཇོག་པ་དང་ང་ཚོས་མང་ཚོགས་གཉེར་ཉེར་རྩིས་ཚེ་མང་ཚོགས་ཀྱིས་གཞི་ནས་ང་ཚོ་གཉེན་ཉེར་བརྩི ”ཞེས་པའི་སྐད་ཆ་དུམ་བུ་དེའི་ཐོག་ནས་གྲོང་ཚོར་བཅའ་སྡོད་བྱས་པའི་ཉིན་ཁ་ཤས་ནང་གི་མྱོང་ཚོར་ཟབ་མོ་ཕྱོགས་སྡོམ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།