དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • བཞད་མཐོང་སྨོན་རྫོང་གིས་ཏང་འཛུཌ་སྐྱོང་གི་ལས་ཀའི་རྣམ་པ་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཏང་འཛུགས་སྐྱོང་གི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་ཏན་ཏིག་གཏོང་ཆེད་འདི་ལོ་ཤར་ཚུན་བཞད་མཐོང་སྨོན་རྫོང་གིས་རྫོང་དང་ཤང་ཏང་ཨུད་ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་དང་གཞི་རིམ་འཛུགས་སྐྱོང་ལོའི་བྱེད་སྒོ་དེ་གོ་སྐབས་སུ་བརྩི་བ་དང་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུ་དེ་རྩ་བར་བརྩིས་ནས་གཞི་རིམ་འཛུགས་སྐྱོང་གི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་བ་བརྒྱུད་ཁྱད་ཆོས་ལྡན་པའི་ཏང་འཛུགས་སྐྱོང་གི་ལས་ཀའི་རྣམ་པ་གསར་པ་ཆ་ཚང་ཞིག་འཚོལ་ཞིབ་ཐུབ་ཡོད་པ་རེད།

        《རྫོང་ཨུད་ལ་དགོངས་སྐོར་དང་སྙན་སེང་ཞུ་བའི་ལམ་ལུགས 》དང 《རྫོང་གི་ཚན་ཁག་ཆ་ཚང་གསུམ་གྱི་ལས་ཀའི་གྲོས་རིམ་གྱི་གོ་རིམ 》བཟོ་བ་དང་འཐུས་ཚང་དུ་བཏང་བ་བརྒྱུད་ལས་བགོས་ཁ་གསལ་དང་གཞོགས་འདེགས་དམ་ཟབ་ཀྱི 《རྫོང་གི་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པའི་ལས་བགོས་ལམ་ལུགས 》ཤིག་ཆགས་པ་དང་། “གལ་ཆེན་གསུམ་དང་དོན་ཆེན་གཅིག ”སོགས་དོན་ཚན་གལ་ཆེན་གྱི་ལས་ཀའི་གྲོས་རིམ་སྐོར་གྱི་རྫོང་ཨུད་ཀྱི་ཚད་གཞི་ཚད་ལྡན་དུ་བཏང་བ་བརྒྱུད་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་དང་། སྤྱི་ཡོངས་ལ་ལྟ་རྟོག་བྱེད་པ། འཕེལ་རྒྱས་དོན་གཉེར་བྱེད་པ་བཅས་ཀྱི་རྫོང་ཨུད་ཀྱི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་ཡོད་པ་རེད།

        《བཞད་མཐོང་སྨོན་རྫོང་གི་བྱ་ལས་ཚན་པའི་མི་སྣའི་ལས་ཀའི་ལག་དེབ 》བཟོ་བཅོས་དང་འཐུས་ཚང་དུ་བཏང་སྟེ་སློབ་སྦྱོང་གི་ལམ་ལུགས་དང་གུང་གསེང་གི་ལམ་ལུགས་སོགས་ཐད་དམ་འཛིན་བྱེད་པ་དང་རྫོང་དེ་ཡོངས་ཀྱི་ལས་བྱེད་པའི་དོ་དམ་ནན་དུ་བཏང་ནས་མཐུན་སྒྲིལ་དང་། ཤེས་དཔལ། སྤྱོད་གཙང་། ཕན་ཆེ་བཅས་ཀྱི་ལས་ཁུངས་ཀྱི་སྤྱོད་ཚུལ་སྐྱེད་སྲིང་བྱས་པ་དང། ཤང་གྲོང་ལས་ཁུངས་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། ཤང་གྲོང་ལས་བྱེད་པར་ལས་གནས་ཐོག་འགན་འཁྲི་གཏན་འཁེལ་བྱེད་པའི་ལས་དོན་སྤེལ་བ་བརྒྱུད་ལས་གནས་ཀྱི་འགན་འཁྲི་ལུགས་མཐུན་ངང་ཁག་བགོས་དང “མི་ཚང་མར་ལས་དོན་སྒྲུབ་ཡུལ་ཡོད་པ་དང་ལས་དོན་ཚང་མར་དོ་དམ་བྱེད་མཁན་ཡོད་པ ”རྩ་བའི་ཆ་ནས་བྱུང་ཡོད། རྫོང་ནང་ཁུལ་དུ་དུས་ཡུན་རིང་པོའི་ནང་གདན་ཞུ་བྱས་པའི་ལས་བྱེད་པ་འབོར་ཆེན་ཞིག་ན་རྒས་པ་དང་ཤེས་རྒྱ་ཆུང་ཆུང་ཡིན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་ལས་བྱེད་པའི་དཔུང་ཁག་གི་བྱང་ཚད་ལེགས་སུ་གཏོང་རྒྱུ་ནས་འགོ་བཙུགས་ཏེ་རྫོང་དེ་ཡོངས་ཀྱི་གདན་ཞུ་བྱས་པའི་ལས་བྱེད་པ་36གི་ཁྲོད་ལས་བྱེད་པ་32གདན་ཞུ་བྱེད་མཚམས་བཞག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།