དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • གྲོང་ཚོར་བཅའ་སྡོད་སྒར་རྫོང་གི་ལས་དོན་ཚོགས་ཆུང་ཁག་གིས“གསུམ་གསུམ་ལམ་ལུགས”ལས་ཀའི་བྱེད་ཐབས་ཁྱབ་གདལ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་10ཚེས་20ཉིན་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་གསུམ་འཕྲེང་གྲོང་ཚོ་དང་། གསུམ་འཕྲེང་ཤང་པད་སྟེང་གྲོང་ཚོ། མཁར་རྩེ་ཤང་སྡེ་དཀར་གྲོང་ཚོ་བཅས་སུ་བཅའ་སྡོད་བྱེད་མཁན་ལས་བྱེད་ཉེན་རྟོག་པ་12དགའ་སྐྱེལ་བྱས་པ་རེད།

        ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོས་གྲོང་ཚོར་བཅའ་སྡོད་ལས་བྱེད་ཉེན་རྟོག་པར་འཚང་ཁ་ཤིག་ཤིག་ངང་ཁ་བཏགས་གཡོགས་པ་དང་ཁོང་ཚོར་དཀའ་ངལ་ཁྱད་བསད་བྱེད་པ་དང་། འགན་འཁྲི་ཁུར་བ། བཀའ་མངག་ཆུད་ཟོས་སུ་མི་གཏོང་བ། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་རེ་སྒུག་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་བཅས་བྱས་ཏེ་གྲོང་ཚོར་བཅའ་སྡོད་བྱེད་ཡུལ་གྱི་མང་ཚོཌ་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་སྒྲུབ་དགོས་པའི་སྐུལ་ལྕག་བྱས་པ་རེད།

        ཤེས་རྟོཌ་བྱུང་བར་གཞིཌ་ན། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཆབ་སྲིད་བློ་རྩ་བརྟན་པ་དང་། ལས་སྒོ་རྩེར་སོན་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་ལས་བྱེད་ཉེན་རྟོག་པ་12རག་སྒྲུག་བྱས་ཏེ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་དང་པོའི་ཁོངས་མིར་བརྩིས་པ་མ་ཟད་འཁོར་རིཌ་སྒྲིག་སྦྱོར་བྱེད་པ་སོགས་དུས་འགོའི་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་གྲོང་ཚོར་བཅའ་སྡོད་ལས་དོན་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།