དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གིས་གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་འགན་དང་བླང་བྱ་ཁ་གསལ་བཟོས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉིན་ཤས་བསྟུད་མར་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གིས་མི་སྣ་སྒྲིག་འཛུགས་བྱས་ནས་ཤང་གྲོང་དུ་དམངས་ཀྱི་གནས་ཚུལ་ལ་བརྟག་ཞིབ་བྱེད་པར་བསྐྱོད་དེ་དམངས་ཕན་གྱི་བྱེད་ཐབས་ལ་བརྟག་དཔྱད་དང་རིགས་པས་ཁུངས་སྐྱེལ་བྱས་ཤིང་། ཆེད་དོན་ཚོགས་འདུ་ཐེངས་4སྔ་རྗེས་སུ་འཚོགས་ནས་རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་བྱེད་སྒོ་དེ་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་ཀའི་གཙོ་གནད་དུ་བརྩིས་ནས་རོགས་སྐྱོར་ལམ་སྲོལ་འཛུགས་པ་དང་། བྱེད་སྒོའི་ལག་བསྟར་ཇུས་གཞི་བཟོ་བ། རོགས་སྐྱོར་ནང་དོན་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱེད་པ་བཅས་བྱས་ནས་འགན་འཁྲི་དང་ལས་འགན་དང་ཞིབ་ཕྲའི་བླང་བྱ་ཁ་གསལ་བཟོས་པ་རེད།

        སྤྱི་ཁྱབ་རུ་ཁག་གིས་གཞི་རིམ་དུ་བསྐྱོད་པ་དང་། མང་ཚོགས་ཁྲོད་བསྐྱོད་པ། འཚོ་བ་དངོས་ནང་བསྐྱོད་པ་བཅས་བྱས་ཐོག་དམངས་ལ་བཀུར་བ་དང་། དམངས་ལ་གཅེས་པ། དམངས་ཆེད་བཅས་ཀྱིས་ཉེན་དམངས་མཉམ་གཏོད་ཀྱི་རྣམ་པའི་ཐོག་ནས “གནས་གཏན་འཁེལ་གྱིས་འབྲེལ་ལམ་འཛུགས་པ་དང་མཉམ་གཏོད་རོགས་སྐྱོར་གྱི་དམངས་ཕན་བྱེད་སྒོ ”ཡག་པོ་སྤེལ་ནས་མང་ཚོགས་ལ་དྲིལ་བསྒྲགས་བྱེད་པ་དང་། ཕྱུག་འགྱུར་ཡོང་རོགས་བྱེད་པ། བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་ལས་ཀ་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྲད་པའི་ལས་འགན་ཁག་མཐའ་གཅིག་ཏུ་ལེགས་སྒྲུབ་ཡོང་བ་བྱེད་པ་དང་། གྲོང་ཚོར་བཅའ་སྡོད་བྱ་ཡུལ་10དང་དུས་ཐོག་ཏུ་ཉེན་དམངས་མཉམ་གཏོད་འབྲེལ་བ་བཙུགས་ནས་ཉེན་དམངས་མཉམ་གཏོད་ཀྱི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་ཐོག་ཕྱུག་འགྱུར་ཡོང་རོགས་བྱེད་པ་དང་། དངུལ་ཞལ་འདེབས་ཕུལ་ནས་སློབ་སྐྱོར་བྱེད་པ། དམངས་གཅེས་དམངས་རོགས་བྱེད་པ། ས་གནས་དཔལ་འབྱོར་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པ་སོགས་ཉེན་དམངས་མཉམ་གཏོད་ཀྱི་བྱེད་སྒོ་ཤུགས་ཆེན་སྤེལ་བ། སྤེལ་རེས་དང་མཐུན་སྦྱོར་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་གཞི་རྩའི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་ཡོང་བ་བྱས་ཐོག་དུས་བཀག་ནང་མཉམ་འབྲེལ་གྲོས་ཚོགས་འཚོགས་པ་དང་། མཉམ་གཏོད་གནས་ཚུལ་དབྱེ་ཞིབ་བྱེད་པ། མཉམ་གཏོད་འབྲས་བུ་སྙན་སེང་ཞུ་བ་བཅས་བྱས་ནས་ཉེན་དམངས་མཉམ་གཏོད་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཡོང་རྒྱུར་འགན་ལེན་བྱེད་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

        སྤྱི་ཁྱབ་རུ་ཁག་གིས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་ལ་ཕན་འདོགས་པ་བཅས་ཀྱི་བྱེད་སྒོའི་གཙོ་གནད་དེ་མང་ཚོགས་ལ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རོགས་བྱེད་རྒྱུའི་ཐོག་བཞག་ཅིང་། ཚན་རྩལ་གཤམ་སྤེལ་དང་། རིག་གནས་གཤམ་སྤེལ། འཕྲོད་བསྟེན་གཤམ་སྤེལ། ཆ་འཕྲིན་གཤམ་སྤེལ། ཞབས་ཞུ་གཤམ་སྤེལ། དྲོ་སྐྱིད་གཤམ་སྤེལ་བཅས་ཀྱི་བྱེད་སྒོ་ཤུགས་ཆེན་སྤེལ་བ་དང་། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་དང་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་དམངས་ཕན་གྱི་དམིགས་ཡུལ་དུ་བྱས་ནས་གྲོང་ཚོའི་བཀོད་པ་བཅོས་སྒྲིག་དང་། སྨན་པ་བསྟེན་པ་དང་སློབ་གྲྭར་བསྐྱོད་པ། སྡོད་ཁང་འགན་ལེན། འགྲིམ་འགྲུལ་དང་ཆ་འཕྲིན། བདེ་འཇགས་ཀྱི་བཟའ་བཏུང་སོགས་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་པ་བཅས་བྱེད་དགོས་ཞེས་བསྟན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།