དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • “དངུལ་སྤྲོད་པ”དང“ཐབས་ལམ་འཚོལ་བའི”དབར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉིན་ཤས་བསྟུད་མར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མིའི་བྲེལ་འཚུབ་ཆེ་བའི་གྲིབ་གཟུགས་དེ་སྟོན་དུས་ཀྱི་གངས་ལྗོངས་ས་མཐོའི་བཀྲག་མདངས་འཚེར་ཤོས་ཀྱི་ཡུལ་ལྗོངས་ཤིག་ཏུ་གྱུར། ཁོང་ཚོས་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་ཕྱོགས་གང་སར་བསྐྱོད་ནས་ཐབས་ཤེས་ཡོད་རྒུས་དུས་ཚོད་ཐུང་ཤོས་ནང་གྲོང་ཚོའི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་ཤེས་རྟོགས་ཐུབ་པ་བྱེད་པ་དང་གང་ཐུབ་ཅི་ཐུབ་ངང་བཅའ་སྡོད་གྲོང་ཚོར་བྱ་བ་བཟང་པོ་སྒྲུབ་པ་དང་དཀའ་གནད་སེལ་གྱི་ཡོད་པ་རེད། ཇི་ལྟར་བྱས་ན་གཞི་ནས་བྱ་བ་བཟང་པོ་སྒྲུབ་ཐུབ་བམ། ཇི་ལྟར་བྱས་ན་གཞི་ནས་དཀའ་གནད་ཡག་པོ་སེལ་ཐུབ་བམ།

        རྣམ་གྲངས་དང་མ་དངུལ་གྱི་ཐོག་ནས་རོགས་སྐྱོར་ཏེ “དངུལ་སྤྲོད་རྒྱུ ”དེ་ཕྱོགས་གཅིག་ཡིན་མོད། འོན་ཀྱང “ཐབས་ལམ་འཚོལ་རོགས ”བྱས་ནས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱི་དཔལ་འབྱོར་དང་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱ་ཆེར་བཏང་ནས་ས་གནས་དེ་གའི་མང་ཚོགས་ལ་ཕྱུག་འགྱུར་གྱི་ལམ་བུ་འཚོལ་རོགས་བྱ་རྒྱུ་དེ་དེ་བས་གལ་ཆེན་པོ་ཞིག་རེད།

        མ་དངུལ་དང་རྣམ་གྲངས་ལ་བརྟེན་ནས་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་འགྱུར་ལྡོག་གཏོང་ཐུབ་ལ་གྲོང་ཚོའི་རྣམ་པའང་འགྱུར་ལྡོག་གཏོང་ཐུབ་པས་གྲོང་མི་ཚོར་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་དང་ཕན་འབྲས་ཐོབ་ཐུབ་པ་མ་ཟད། ས་གནས་དེ་གའི་མང་ཚོགས་ཀྱི་དགའ་བསུ་ཡང་ཐོབ་ཀྱི་ཡོད། དེས་མ་ཟད་ད་དུང་འབྲས་དང་། མར། རྩམ་པ། ཁྱིམ་སྤྱོད་གློག་ཆས། ཉི་ནུས་སྒྲིག་ཆས་སོགས་ཀྱི་འཚམས་འདྲིའི་དངོས་པོ་དང་འཚམས་འདྲིའི་དངུལ་འཁྱེར་ནས་དབུལ་པོར་འཚམས་འདྲི་ཞུ་བ་དང་དྲོ་སྐྱིད་མཚོན་པར་བྱེད་པ་དང་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ཚོགས་སྤྱིར་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ཏེ་བློ་གཅིག་སེམས་གཅིག་ངང་དམངས་ལ་ཞབས་འདེགས་ཞུས་པས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་སེམས་གཏིང་དུ་མཚོན་པར་བྱེད་ཐུབ་པ་དང་གཞི་རིམ་གྱི་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་མེས་རྒྱལ་གྱི་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཀྱང་ཚོར་ཐུབ།

        རྣམ་གྲངས་དང་མ་དངུལ་ཐོག་ནས་རོགས་སྐྱོར་བྱེད་པ་དང་བསྡུར་ན་ས་གནས་དེ་གའི་དོན་དངོས་དང་བཟུང་འབྲེལ་གྱིས་ཡུལ་བབ་དང་བསྟུན་ཏེ་ས་གནས་དེ་གའི་མང་ཚོགས་ལ་ཕྱུག་འགྱུར་གྱི་ལམ་བུ་ཞིག་འཚོལ་རྒྱུ་དེ “དངོས་མེད་འཕྲུལ་སྣང ”ལྟ་བུ་ཡིན་སྲིད་ལ་ལྟོས་བཅས་ཀྱི་ཪྙོག་འཛིང་ཡང་ཡིན་སྲིད་པས་ལས་དོན་སྤེལ་བར་དཀའ་ཚད་ལྟོས་བཅས་ངང་ཆེ་ཙམ་དང་། ཕན་པ་ཐོབ་པའི་དུས་ཚོད་རིང་བ། ཕན་འབྲས་ཀྱང་འཕྲལ་མར་ཐོན་མི་སྲིད་པ་བཅས་རེད། འོན་ཀྱང་དེ་ནི་བཅའ་སྡོད་གྲོང་ཚོར་བྱ་བ་བཟང་པོ་སྒྲུབ་པ་དང་དཀའ་གནད་སེལ་བའི་རྩ་བའི་ལམ་བུ་ཞིག་དང་ཕུགས་འཕེལ་གྱི་ཇུས་གཞི་དང་རྩ་བ་བརྟན་ཚུགས་ཀྱི་བྱ་སྤྱོད་ཅིག་རེད།

        གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ངེས་པར་དུ་ཕུགས་འཕེལ་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་སྤྱོད་སྤེལ་བའི་བླང་བྱར་གཞིགས་ནས་ལས་དོན་རུ་ཁག་ཁག་གི་རུ་མིའི་ཤེས་བྱའི་ཆུ་ཚད་མཐོ་བ་དང་། འབྲེལ་གཏུག་བྱེད་རྒྱ་ཆེ་བ། ཆ་འཕྲིན་ཤར་གཏོང་བཅས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་གྲོང་ཚོ་ཁག་ལ་ཐབས་འདོན་ལམ་འཚོལ་བྱེད་རོགས་ཧུར་ཐག་བྱས་ནས་གྲོང་ཚོ་ཁག་གི་མི་མངོན་པའི་ནུས་པ་སྔོག་འདོན་བྱ་རྒྱུའི་ཐད་འབད་བརྩོན་བྱེད་དགོས། ད་དུང་གྲོང་མི་དང་མཉམ་བཟའ་མཉམ་སྡོད་དང་། མཉམ་དུ་སློབ་སྦྱོང། མཉམ་དུ་ངལ་རྩོལ་བཅས་བྱེད་རིང་རང་ལྗོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་ཁྲོམ་རའི་འདུ་ཤེས་དང་ཚོང་ཟོག་གི་འདུ་ཤེས་ཆེན་པོ་དེ་ཙམ་མེད་པ་དང་། ཁྱིམ་འཕེལ་ཕྱུག་འགྱུར་ཡོང་བའི་ནུས་པ་ཞན་པ། ཐབས་ཤེས་མང་པོ་མེད་པ། “འགུག་བརྟེན་སློང ”བཅས་ཀྱི་བསམ་བློ་སྔར་བཞིན་ཚབས་ཆེ་ཙམ་ཡོད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཚགས་པར་དང་། རླུང་འཕྲིན། དྲིལ་བསྒྲགས་ལག་དེབ། བསམ་བློ་སྤེལ་རེས་ཀྱི་ཚོགས་འདུ་སོགས་བྱེད་ཐབས་སྣ་མང་སྤྱད་དེ་ལས་བྱེད་པ་དང་མང་ཚོགས་ལ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་དྲིལ་བསྒྲགས་སློབ་གསོ་བརྒྱབ་སྟེ་འདུ་ཤེས་གསར་བརྗེས་བྱེད་པ་དང་། མཐོང་རྒྱ་ཆེ་རུ་གཏོང་བ། རྒྱུན་བསྲིང་ངང་འཕེལ་རྒྱས་གཏོང་བའི་ལམ་བུ་ཡག་པོ་འཚོལ་བ་བཅས་ཐད་འབད་བརྩོན་ཧུར་ཐག་བྱེད་དགོས། དེ་ལྟར་བྱས་ཚེ་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དེ་གཞི་ནས་བློ་གཅིག་སེམས་གཅིག་ངང་འཕེལ་རྒྱས་དོན་གཉེར་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བའི་ལས་འགན་ཐོག་གཅིག་འགྱུར་ཐུབ་ལ་བཅའ་སྡོད་གྲོང་ཚོར་གཞི་ནས “ནམ་ཡང་གནས་ཐུབ་པའི་ལས་དོན་རུ་ཁག ”ཅིག་འཇོག་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།