གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་གཏིང་ཟབ་ངང་སྤེལ།
ད་ལོ་ནས་བཟུང་མངའ་རིས་ས་ཁུལ་གྱི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་དེ་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་ཁག་གི་མཉམ་དུ་འབད་བརྩོན་བྱས་པའི་འོག་གཏན་ཁེལ་བྱས་པའི་དམིགས་ཚད་དང་ལས་འགན་ལེགས་གྲུབ་བྱུང་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཐོག་མང་ཚོགས་ཀྱིགཅིག་གྱུར་ཁས་ལེན་ཡང་ཐོབ་པ་རེད།
ས་ཁུལ་ཡོངས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་པ།
བྱེད་སྒོ་སྤེལ་བ་ནས་བཟུང་མངས་རིས་ས་ཨུད་དང་། སྲིད་འཛིན་ཀུང་ཧྲུའུ། ས་ཁུལ (ཀྲུང་དབྱང་དང་ལྗོངས )གྱི་ཐད་གཏོགས་ཚན་པ་ཁག་དང་རྫོང་ཨུད་དང་རྫོང་སྲིད་གཞུང་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ཤིང་། ས་ཁུལ་གྱི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གིས་ཆེད་དོན་ཚོགས་འདུ་ཐེངས་5འཚོགས་པ་དང་རྫོང་ཁག་གིས་ཆེད་དོན་ཚོགས་འདུ་ཐེངས་45འཚོགས་ནས་བྱེད་སྒོའི་དོན་ཚན་200ལྷག་ཙམ་ལ་ཞིབ་འཇུག་བྱས་པ་དང་དུས་མཚུངས་ས་ཁུལ་དང་རྫོང་རིམ་པ་གཉིས་ཀྱིས་དུས་ཐོག་ཏུ་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ཆེད་དོན་མི་སྣ་སྐོང་འཐེན་བྱས་ཏེ་བྱེད་སྒོའི་གཞུང་དོན་ཁང་བཙུགས་ནས་བྱེད་སྒོའི་ཇུས་གཞི་དང་ལས་དོན་གྱི་ལམ་ལུགས་ཁག་བཟོས་པ་རེད།
མངའ་རིས་ས་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་འོག་རྫོང་རེ་ནས་ས་ཁུལ་རིམ་པའི་ལས་བྱེད་པ་གཅིག་གྲོང་ཚོར་བཅའ་སྡོད་བྱས་ནས་རྫོང་དེ་ཡོངས་ཀྱི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པའི་ལོའི་བྱེད་སྒོར་མཛུབ་ཁྲིད་བྱེད་འགན་འཁུར་བ་དང་སྦྲགས་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་121མངགས་གཏོང་བྱེད་རྩིས་ཡོད་པའི་རྨང་གཞིའི་ཐོག་ལས་དོན་ཚོགས་ཆུང་19གསར་དུ་ཁ་སྣོན་བརྒྱབ་ནས་གྲོང་ཚོར་བཅའ་སྡོད་ལས་དོན་དེ་ཁྱོན་ཡོངས་ལ་སྤེལ་བ་རེད། བྱེད་སྒོའི་ཁྲོད་མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་ལས་དོན་དངོས་སྒྲུབ་པའི་གྲོན་དངུལ་སྒོར་ཁྲི་283མཐུན་སྦྱོར་ངང་དོན་འཁྱོལ་བྱས་པ་དང་ཚན་པ་ཁག་གིས་གྲོང་ཚོར་བཅའ་སྡོད་བྱེད་པའི་ཆེད་སྤྱོད་རླངས་འཁོར་110བཏང་བ་དང་རྫོང་ཨུད་དང་སྲིད་གཞུང་གིས་ལས་དོན་དངོས་སྒྲུབ་པའི་གྲོན་དངུལ་སྒོར་ཁྲི་300ཙམ་སྤྲད་པ་རེད།
ལས་དོན་ཁག་ཏན་ཏིག་ངང་སྤེལ་བ།
གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་ཁག་འབྲེལ་གཏུག་ས་ཚིགས་ལ་བཅའ་སྡོད་བྱས་རྗེས་མང་ཚོགས་ཀྱི་ཁྱིམ་ཚང་དང་ཐོན་སྐྱེད་བྱ་ཡུལ་མདུན་མ་དང་མང་ཚོགས་ལ་ཁ་ཚ་དགོས་གཏུགས་ངང་ཐག་གཅོད་བྱེད་དགོས་པའི་རྣམ་གྲངས་ཀྱི་ལས་ཡུལ་དངོས་སུ་ཟབ་སྐྱོད་བྱས་ནས་འཚམས་འདྲི་བྱེད་པ་དང་། རྟོག་ཞིབ། མཐིལ་རྟོགས་ཀྱི་ལས་དོན་མྱུར་པོ་སྤེལ་བ་རེད། གྲོང་ཚོར་བཅའ་སྡོད་ས་ཁུལ་དང་རྫོང་གི་ལས་དོན་ཚོགས་ཆུང་གིས་མང་ཚོགས་ཀྱི་ཚོགས་འདུ་ཐེངས་565འཚོགས་པར་མང་ཚོགས་མི་ཐེངས་47656ཞུགས་པ་དང་ཁྱིམ་ཚང་གི་བཅར་གླེང་དང་བརྟག་དཔྱད་ཞིབ་འཇུག་ཐེངས་21228སྤེལ་ནས་ཁྱོན་ཕྱོགས་ཁག་གི་གྲོས་འགོ་4000ལྷག་ཙམ་བསྡུ་ལེན་བྱས་པས་རྟག་དཔྱད་ཞིབ་འཇུག་གི་སྙན་ཞུ་200ལྷག་ཙམ་ཐོག་མར་བྱུང་བ་རེད། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཐད་གནས་པའི་དཀའ་ངལ་དང་གནད་དོན་360ལྷག་ཙམ་སེལ་བ་དང་། རིགས་ཁག་གི་རྩོད་གཞི་ཐེངས་420ཐག་གཅོད་བྱས་པ། འགལ་བ་དང་རྩོད་གླེང་357གྲལ་བཤེར་བཅས་བྱས་པ་རེད།
མང་ཚོགས་ཀྱི་ཆེད་དུ་ལས་དོན་དངོས་སྒྲུབ་པ་དང་དཀའ་གནད་སེལ་རྒྱུ་ནི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་གལ་ཆེའི་ནང་དོན་གྱི་གྲས་ཤིག་ཡིན། གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་ཁག་གིས་གཞི་རིམ་ལ་རྣམ་གྲངས་290དོན་འཁྱོལ་ཡོང་རྒྱུར་རོགས་རམ་ཧུར་ཐག་བྱས་པ་དང་སྒོར་དུང་ཕྱུར་གཅིག་ལྷག་ཙམ་གཏོང་རྩིས་ཡོད་པས་ཟླ་བརྒྱད་པའི་ཟླ་དཀྱིལ་བར་རྣམ་གྲངས་269བསྐྲུན་དང་སྐྲུན་བཞིན་ཡོད་པར་དོན་དངོས་ཐོག་མ་དངུལ་སྒོར་ཁྲི་3806བཏང་བ་དེ་92.8%དང་36.8%སོ་སོར་ཟིན་གྱི་ཡོད་པ་རེད། ལས་དོན་ཚོགས་ཆུང་ཁག་གིས་སློབ་གྲྭར་བལྟ་བ (སློབ་ཁྲིད་ས་ཚིགས )དང་། འཚམས་འདྲི་ཞུ་བ། འབྲུ་རིགས་སྤྲོད་པ། ཞིང་འབྲོག་པའི་གཟུགས་པོར་བརྟག་དཔྱད་དང་སྨན་བཅོས་བྱེད་པ། གསོ་སྦྱོང་བྱེད་པ། ལྟ་སྐོར་དང་རྟོག་ཞིབ་བྱ་རྒྱུ་སྒྲིག་འཛུགས་བྱེད་པ་སོགས་ལ་གྲོན་དངུལ་སྒོར་ཁྲི་592སྤྲད་པས་མི་ཁྲི་བཞི་ལྷག་ཙམ་ལ་ཕན་པ་ཐོབ་པ་རེད། དུས་མཚུངས་ས་བབ་དང་བསྟུན་ནས་གྲོང་ཚོ་ཁག (གྲོང་ལྷན )གི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཐོག་མར་བཏོན་པ་དང་སྦྲགས “ལོ་ལྔ་ཚན་བཅུ་གཉིས་པའི ”འཕེལ་རྒྱས་ཀྱི་འཆར་འགོད་དང་ཟུང་འབྲེལ་གྱིས་གྲོང་ཚོ་དེ་གའི (གྲོང་ལྷན )ཐོན་སྐྱེད་འཕེལ་རྒྱས་དང་ཞིང་འབྲོག་པའི་འབབ་འཕར་དམིགས་ཚད་བཟོས་པ་དང་འཕེལ་རྒྱས་ཀྱི་བསམ་ཕྱོགས་529གསལ་བཟོ་བྱེད་རོགས་དང་མང་ཚོགས་3664ཡི་ཡིག་རྨོངས་སེལ་རོགས་བྱས་པ་རེད།
བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ས་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གིས་ལམ་ཚད་སྤྱི་ལི་ཁྲི་31ལྷག་ཙམ་བར་ལས་དོན་སྤེལ་བ། གྲོང་ཚོའི “ཨུ་ལྷན་གཉིས ”ཀྱི་ཚོགས་འདུ་ཐེངས་800ལྷག་ཙམ་འཚོགས་པ། ཁྱིམ་ཚང་དུ་ལས་དོན་ཐེངས་7000ལྷག་ཙམ་སྤེལ་བ། ལས་དོན་ཚོགས་ཆུང་ཁག་གིས་མང་ཚོགས་རང་བཞིན་གྱི་བྱེད་སྒོ་ཐེངས་2300ལྷག་ཙམ་སྒྲིག་འཛུགས་བྱས་པར་མི་66142ཞུགས་པ་བཅས་དང་ཁྱབ་ཚད་87.5%ཟིན་གྱི་ཡོད་པ་རེད། ལས་དོན་ཚོགས་ཆུང་ཁག་གིས་མང་ཚོགས་ལ་ངལ་ལས་ཕྱིར་སྐྱོད་མི་ཐེངས་ཁྲི་གཉིས་ལྷག་ཙམ་བྱེད་རོགས་བྱས་ནས་འོས་འགན་ངལ་རྩོལ་ཐེངས་1604ནང་ཞུགས་རྒྱུར་སྣེ་ཁྲིད་བྱས་པ་དང་དུད་ཚང་དབུལ་པོ་དང་། “འགན་ལེན་ལྔའི་དུད་ཚང ”“རྒན་གྲས་གསུམ་གྱི་མི་སྣ ”གཟུགས་ཞན་དབང་པོ་སྐྱོན་ཅན། དམག་མི་དང་སྔོན་གཤེགས་དཔའ་བོའི་ནང་མི་དང་དེ་བཞིན་གྲོང་ཚོའི་སློབ་ཁྲིད་ས་ཚིགས་བཅས་ལ་འཚམས་འདྲི་ཐེངས་8000ལྷག་ཙམ་བྱས་པས་མི་6000ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།
བྱེད་སྒོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།
“ཁྱིམ་ཚང་གི་གནས་ཚུལ ”སྔར་བས་གསལ་པོ་རྟོགས་ཤིང་། གྲོང་ཚོར་བཅའ་སྡོད་མངའ་རིས་ཀྱི་ལས་དོན་ཚོགས་ཆུང་གིས་དུས་མཚམས་དང་པོའི་མཐིལ་རྟོགས་བརྟག་ཞིབ་བྱས་པ་བརྒྱུད་གྲོང་ཚོ་133གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་རྩའི་གྲངས་གཞི་དང་། རྨང་གཞིའི་འཛུགས་སྐྲུན། གཞི་རིམ་ཏང་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ལ་སྒོ་ཀུན་ནས་མཐིལ་རྟོགས་བྱས་ཐོག་གྲོང་ཚོའི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱས་ནས་གྲོང་ཚོའི “ཨུ་ལྷན་གཉིས ”ལ་ལས་ཀའི་བསམ་ཕྱོགས་ལེགས་སྒྲིག་དང་འཕེལ་རྒྱས་ཀྱི་འཆར་གཞི་འདིང་རོགས་བྱས་ཏེ་གྲོང་ཚོ་ཁག་ལ་ལས་དོན་སྤེལ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།
མང་ཚོགས་ཡོངས་ལ་ཕན་པ་ཐོབ་ཅིང་། གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་ཁག་གིས་གྲོང་ཚོ (གྲོང་ལྷན )133ལ་རྣམ་གྲངས་མི་འདྲ་བ་ལག་བསྟར་བྱས་པ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་མཁོ་བའི་རྣམ་གྲངས་དང་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱུང་ཞིང་། མང་ཚོགས་100%ལ་དབུལ་སྐྱོར་དཀའ་སེལ་དང་། ཞིང་ཁའི་ཆུ་བེད། གཞུང་ལམ་འགྲིམ་འགྲུལ། བདེ་སྡོད་ལས་གྲྭ སྨན་བཅོས་སློབ་གསོ། འཕྲིན་གཏོང་དང་གློག་གཏོང་། གྲོང་ཚོའི་རྣམ་པ་བཀོད་གཙང་། རིག་གནས་སྤེལ་ཡུལ་འཛུགས་སྐྲུན་སོགས་ཕྱོགས་ཐད་ལ་ཕན་པ་ཐོབ་ནས་ཞིང་འབྲོག་ལས་ཀྱི་རྨང་གཞིའི་འཛུགས་སྐྲུན་དང་ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་ཀྱི་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།
གཞི་རིམ་གྱི་རྨང་གཞི་སྔར་བས་བརྟན་དུ་སོང་ཞིང་། གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་ཁག་གིས་གྲོང་ཚོར་བཅའ་སྡོད་དང་ཁྱིམ་ཚང་དུ་བསྐྱོད་དེ་སྲིད་ཇུས་དྲིལ་བསྒྲགས་དང་། གྲོང་ཚོའི “ཨུ་ལྷན་གཉིས ”ཀྱི་ཚན་ཁག་དང་དེ་བཞིན་ཞིང་འབྲོག་པའི་ཏང་ཡོན་ལ་གཅིག་སྡུད་སློབ་གསོ་སྤེལ་བ། གྲོང་ཚོའི “ཨུ་ལྷན་གཉིས ”ཀྱི་ཚན་ཁག་གི་བསམ་བློ་འཛུགས་སྐྱོང་དང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་བཅས་བྱས་པ་བརྒྱུད་ཞིང་འབྲོག་ཁུལ་གྱི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་དང་ནམ་ཡང་ཏང་གི་རྗེས་སུ་འབྲངས་བའི་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་བཏང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བྱེད་ཤུགས་དང་། གོང་བུ་འགྲིལ་ཤུགས། བློ་ཁ་ཕྱོགས་ཤུགས་བཅས་མཐོ་རུ་བཏང་བ། གཞི་རིམ་རྩ་འཛུགས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་བ་བཅས་རེད། མིག་སྔར་ལས་དོན་ཚོགས་ཆུང་ཁག་གིས་ཏང་ཡོན་གསར་པ་349འཕེལ་རྒྱས་གཏོང་རོགས་བྱས་པ་དེས་ཏང་ཡོན་བསྡོམས་འབོར་གྱི་6.2%ཟིན་པ་དང་། ཧུར་བརྩོན་ཅན་373འཕེལ་རྒྱས་བཏང་བ། གྲོང་ཚོའི “ཨུ་ལྷན་གཉིས ”ཀྱི་རྗེས་གྲབས་ལས་བྱེད་པ་122གསོ་སྐྱོང་བྱས་པ་བཅས་རེད།