དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • བོད་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གཞི་རིམ་དུ་བསྐྱོད་ནས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཕྱོགས་བསྡུས་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གྲོང་ཚོར་བཅའ་སྡོད་ལས་དོན་ཁག་གི་ནུས་པ་ཆེ་རུ་ཏན་ཏིག་དང་ལས་ཀར་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱ་ཕྱིར་ཉེ་ཆར་ཆུ་ཤུལ་རྫོང་ཚལ་སྣ་ཤང་ཚལ་སྣ་གྲོང་ཚོར་བཅའ་སྡོད་ལྗོངས་ནོར་སྲིད་ཐིང་ལས་དོན་རུ་ཁག་གིས་ཟླ་10ཚེས་17ཉིན་གྲོང་ཚོར་བཅའ་སྡོད་བྱས་རྗེས་གྲོང་ཚོ་དེ་གའི་ཚོགས་ཆུང་ཁག་གི་དཔལ་འབྱོར་དང་། འཛུགས་སྐྲུན། དམངས་འཚོ་བཅས་དང་དེ་བཞིན་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་སོགས་གཞི་རྩའི་གནས་ཚུལ་ལ་བརྟག་ཞིབ་དང་ཤེས་རྟོགས་བྱས་ཏེ་ས་གནས་ས་ཐོག་ཏུ་ཉི་སྦུག་ལུང་ཤུར་གྱི་འགོག་རགས་དང་། གཞོགས་འདེགས་བྱ་གསོ་ར་བ། སྡོང་ཕྲུག་ར་བའི་རྟེན་གཞི། ས་ཞིང་ལེགས་བཅོས་རྣམ་གྲངས་བཅས་ལ་ལྟ་ཞིབ་བྱས་ཁར་ཤང་ཏང་ཨུད་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་དང་སྤེལ་རེས་བྱས་པ་དང་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་བསམ་འཆར་བརྗེ་རེས་བྱས་ནས་གོམ་སྟབས་རྗེས་མའི་ལས་ཀ་སྤེལ་རྒྱུར་རྨང་གཞི་བཏིང་ཡོད་པ་རེད།

        ཟླ་10ཚེས་18ཉིན་བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ཀྱི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོའི་ལས་དོན་རུ་ཁག་དང་བཅས་པ་མི་12མངའ་རིས་སུ་འབྱོར་བ་རེད།

        སེང་གེ་ཁ་འབབ་གྲོང་རྡལ་དུ་མཚན་གཅིག་ངལ་གསོ་བརྒྱབ་རྗེས་ལས་དོན་རུ་ཁག་གིས་ཚེས་19ཉིན་མངའ་རིས་ཀྱི་སྔོན་གཤེགས་དཔལ་བོའི་བང་སོར་སོང་ནས་ཁུང་ཧྥན་སེན་གྱི་བང་སོར་ཞལ་མཇལ་དང་ཆབས་ཅིག་བང་སོའི་མདུན་དུ་རྡོག་ཐོན་གྱི་མཛད་སྒོ་སྤེལ་ཞིང་། ཁུང་ཧྥན་སེན་གྱི་སྙིང་སྟོབས་ཀྱིས་རང་ཉིད་ལ་ལྕག་སྐུལ་དང་སེམས་ཤུགས་འཕེལ་བ་བྱས་ནས་ཆ་རྐྱེན་བལྟོས་བཅས་ཀྱིས་དཀའ་ཚེགས་ཆེ་བའི་གཞི་རིམ་དུ་ལས་ཀ་ཏན་ཏིག་བསྒྲུབས་ཏེ་གྲུབ་འབྲས་ཐོབ་པ་བྱས་ནས་བྱེད་སྒོར་ཕུན་སུམ་ཚོགས་པོའི་ངང་གྲུབ་འབྲས་ཐོབ་རྒྱུར་འགན་ལེན་བྱ་རྒྱུ་ཡིན་ཞེས་ཚང་མས་མགྲིན་གཅིག་ཏུ་བརྗོད།

        ལྗོངས་ཏང་ཨུད་ཀྱི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོའི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་སྒྲིག་འཛུགས་ཞིབ་ཚགས་དང་། ཕྱོགས་ཡོངས་ནས་ཇུས་འགོད། དོན་འཁྱོལ་ནན་ཏན་བཅས་བྱས་ཏེ་མིག་སྔར་ཁང་དེ་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་10ཡིས་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་བ་རེད།

        གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ལས་དོན་རུ་ཁག་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མངགས་བཅོལ་གལ་ཆེན་ཕྲག་ཐོག་ཏུ་འཁུར་ནས་གཞི་རིམ་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུའི་བསམ་འདུན་ཆེན་པོ་བཅངས་ཏེ་ཟླ་10ཚེས་17ཉིན་གྱི་སྔ་དྲོ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ལས་དོན་རུ་ཁག་ལྷ་ས་ནས་ཐོན་ཏེ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་དང་པོའི་མི་136ཚང་མ་ལྷོ་ཁ་དང་། གཞིས་རྩེ། ཆབ་མདོ། མངའ་རིས། ནག་ཆུ་བཅས་གྲོང་ཚོར་བཅའ་སྡོད་བྱ་ཡུལ་34རུ་ལས་དོན་སྤེལ་བ་དང་གྲོང་ཚོར་བཅའ་སྡོད་ལས་དོན་མི་སྣས་ལྗོངས་ཏང་ཨུད་ཀྱི་བླང་བྱར་ནན་པོ་གཞིར་བཟུང་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་ཏན་ཏིག་སྤེལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།

        གྲོང་ཚོར་བཅའ་སྡོད་སྣང་རྫོང་རིམ་ཁག་ལས་དོན་རུ་ཁག་གི་རུ་མིས་གོང་རིམ་གྱི་བླང་བྱ་གཞིར་བཟུང་ཞིང་ཁྱིམ་དུ་བསྐྱོད་པ་དང་། དམངས་ཀྱི་བསམ་འདུན་འདྲི་བ། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་ཀྱི “ལས་ཡུལ་མདུན་མའི་དམངས་ཕན ”གྱི་ལས་ཀའི་བྱ་ཐབས་སྤྱད་ནས་མང་ཚོགས་ཀྱི་བསམ་འདུན་བསྒྲུབས་ཏེ་མང་ཚོགས་ཀྱི་དོགས་གནད་སེལ་བས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོའི་དགའ་བསུ་དང་བརྩི་བཀུར་ཐོབ་ཡོད་པ་རེད།

        དེ་དང་ཆབས་ཅིག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཏུ་གྲོང་ཚོ་དང་། རྟེན་གཞི། རྣམ་གྲངས་བཅས་གསུམ་ཟུང་དུ་འབྲེལ་ནས་དམངས་ལ་ཕྱུག་འགྱུར་བྱེད་རོགས་བྱེད་པའི “གསུམ་འབྲེལ་གཅིག་རོགས ”ཀྱི་ལམ་སྲོལ་བཏོད་ནས་ཐོན་ལས་ཐད་སྣེ་ཁྲིད་བྱེད་པ་དང་། རྣམ་གྲངས་ཐད་རོགས་སྐྱོར་བྱེད་པ། མ་དངུལ་ཐད་རོགས་སྐྱོབ་བྱེད་པ། ལག་རྩལ་ཐད་མཛུབ་ཁྲིད་བྱེད་པ་བཅས་བྱས་ནས་སྣང་རྫོང་གི་ཐོན་ལས་གྲུབ་ཆ་ལེགས་འགྱུར་དང་རིམ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་ཞིང་འབྲོག་པའི་འབབ་འཕར་དང་ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།