དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • “དེ་རིང་ནི་བཀྲ་ཤིས་པའི་ཉི་མོ་ཞིག་རེད”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བཅའ་སྡོད་ལས་དོན་གྲོང་ཚོ་ཡོངས་ལ་ཁྱབ། ལས་བྱེད་མང་ཚོགས་གཅིག་སེམས་གཅིག་ལ་སྦྲེལ།

        སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ།

        “དེ་རིང་ནི་བཀྲ་ཤིས་པའི་ཉི་མོ་ཞིག་རེད། ང་ཚོའི་དཔུང་ཁག་སླར་ཡང་ཕྱིར་ལོག་བྱས་ཡོད། ང་ཚོ་མཉམ་དུ་འཛོམས་ཏེ་གླུ་ལེན་གར་འཁྲབ་བྱེད་པ་ནི་ལྷོ་ཁ་ས་ཁུལ་ནགས་ལས་ཅུས་ཀྱི་ལས་དོན་རུ་ཁག་ལ་བསུ་བ་ཞུ་ཆེད་ཡིན། ལས་དོན་རུ་ཁག་ང་ཚོའི་གྲོང་ཚོར་ཡོང་བར་ང་ཚོས་སེམས་གཏིང་ནས་དགའ་བསུ་ཞུ་རྒྱུ་ཡིན ”དེ་ནི་གྲ་ནང་རྫོང་གྲ་ཕྱི་ཤང་གི་ར་བ་གྲོང་ཚོ་དང་། སྨོན་གྲོལ་གྲོང་ཚོ། ཡང་སྦྱར་གྲོང་ཚོ་བཅས་ཀྱི་གྲོང་མིས་ལས་དོན་རུ་ཁག་ལ་བསུ་བ་ཞུ་བའི་གནས་ཚུལ་ཡིན་པ་དང་གྲོང་མི་ཚོས་དཀར་གཙང་མཇལ་དར་དང་དྲི་ཞིམ་མཆོད་ཆང་འཁྱེར་ནས་དུས་ཆེན་གྱི་གཟབ་མཆོར་སྤྲས་པ་དང་སྙན་འཇེབས་ལྡན་པའི་གཞས་བཏང་སྟེ་ཆེས་གཟབ་རྒྱས་ཀྱི་ཐོག་ནས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཕེབས་པར་བསུ་བ་ཞུ་གི་ཡོད་པ་རེད།

        “ལས་དོན་རུ་ཁག་སླར་ཡང་ཕྱིར་ལོག་བྱས་པས་ང་ཚོའི་རེ་བ་ནི་ལས་དོན་རུ་ཁག་གིས་ང་ཚོར་རྣམ་པ་གསར་པ་ཞིག་གཏོད་རྒྱུ་དེ་ཡིན། ཁོང་ཚོས་ང་ཚོའི་གྲོང་ཚོར་འགྱུར་ལྡོག་གསར་པ་གཏོང་ཐུབ་པ་ང་ཚོར་ཡིད་ཆེས་ཀྱང་ཡོད་པ་དེ་སྨོས་ཅི་དགོས ”ཞེས་མཉམ་དུ་བསུ་བ་ཞུ་བར་ཡོང་མཁན་རྒས་མོ་ཆོས་སྒྲོན་གྱིས་ལས་དོན་རུ་ཁག་ལ་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པའི་ངང་བཤད།

        སྔ་དྲོར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་བཅའ་སྡོད་གྲོང་ཚོའི་འབྲེལ་གཏུག་ས་ཚིགས་ཡོངས་ཀྱི་གྲོང་མི་དང་མཉམ་དུ་བསྡད་ནས་བྲེལ་འཚུབ་ཆེན་པོས་མཐིལ་རྟོགས་རྟོག་ཞིབ་རགས་ཙམ་བྱེད་པ་དང་སྔོན་དུ་མང་ཚོགས་ཀྱི་མིག་སྔའི་འཕྲལ་མར་ཐག་གཅོད་བྱེད་དགོས་པའི་དཀའ་ངལ་ཐག་གཅོད་བྱ་རྒྱུའི་སྐོར་གྲོས་བསྡུར་བྱས།

        ལས་དོན་རུ་ཁག་གིས་བྱམས་བརྩེའི་ངང་མང་ཚོཌ་ཀྱི་སྙིང་གཏམ་ཉན་པ་དང་མང་ཚོགས་ཀྱིས་ཀྱང་རང་ཁྱིམ་གྱི་ཁྱིམ་དོན་གླེང་བས་ལས་དོན་རུ་ཁག་གི་རུ་མི་དང་ས་ཆ་དེ་གའི་མང་ཚོགས་ཀྱི་སེམས་པ་སྔར་བས་ཉེ་རུ་སོང་ནས་ཚང་མས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་མ་འོངས་རེ་འགུག་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།