དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • རི་གྲོང་དུ་བརྩེ་དུང་བཅངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚེས་19ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་པར་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གསུམ་རྣམ་གླིང་རྫོང་ཕུ་འདམ་ཤང་དུ་བདེ་བླག་ངང་འབྱོར་བ་རེད།

        ལེགས་སྒྲིག་ཏོག་ཙམ་བྱས་རྗེས་ལས་དོན་རུ་ཁག་ནི་ཕུ་འདམ་ཤང་གི་ཕུག་ཏུ་ཡོད་པའི་ཉང་རྭ་གྲོང་ཚོ་དང་། མེ་ལུང་གྲོང་ཚོ། གླང་ལུང་གྲོང་ཚོ་བཅས་སུ་བསྐྱོད། ལ་གཅིག་བརྒྱབ་རྗེས་རླངས་འཁོར་རུ་ཁག་སླར་ཡང་ལུང་གཞུང་གི་ཕུག་ཏུ་བསྐྱོད་པ་དང་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་སོང་རྗེས་རླངས་འཁོར་རུ་ཁག་ཉང་རྭ་གྲོང་ཚོའི་གྲོང་ལྷན་དུ་འབྱོར། གྲོང་མི་ཚོས་གྲོང་ལྷན་གྱི་གཡས་གཡོན་དུ་བསུ་བ་ཞུ་བཞིན་ཡོད། ཁོང་ཚོས་མིག་ཆུ་འཁོར་བཞིན་དུ་ལག་ཏུ་དཀར་གཙང་ཁ་བཏགས་དང་དྲི་ཞིམ་ཆང་འཁྱེར་ནས་ལས་དོན་རུ་ཁག་གི་རུ་མི་བསུ་གི་ཡོད་པ་རེད།

        ཕུ་འདམ་ཤང་ནི་རྣམ་གླིང་རྫོང་ཁོངས་ཀྱི་ཤང་དབུལ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་ཉང་རྭ་གྲོང་ཚོ་ནི་དབུལ་ཕོངས་ཁྲོད་གྲོང་ཚོ་དབུལ་པོ་ཞིག་རེད། ལུང་སྟོང་ཡིན་པའི་གྲོང་ཚོ་དང་སྤྲོ་སེམས་འཁོལ་བའི་མི་སེར་རྣམས་མཐོང་སྐབས་ལས་དོན་རུ་ཁག་གི་རུ་མི་ཚོ་སེམས་འགུལ་ཆེན་པོ་ཐེབས་ནས “ཆ་རྐྱེན་་སྡུག་པོ་ཇི་ལྟར་ཡོད་ཀྱང་ང་ཚོས་ཁྱད་བསད་བྱེད་དགོས། ང་ཚོ་འདི་གར་ཟིན་པས་སྒྲོབ་ཉམས་མེད་པའི་ངང་ཟབ་སྐྱོད་བྱས་ནས་བསམ་བློ་ཡོད་རྒུ་བཏང་སྟེ་གྲོང་ཚོར་ཐབས་ཇུས་མང་ཙམ་འདོན་ཐུབ་པ་བྱེད་དགོས། ཕྱུག་འགྱུར་གྱི་ཐབས་བཟང་འདོན་པ་དང་དམངས་ཕན་གྱི་བྱ་ཐབས་སྤྱད་དེ་མང་ཚོགས་ཆེད་དོན་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ། བྱ་བཟང་བསྒྲུབས་པ་བཅས་བྱེད་དགོས ”ཞེས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་གསར་འགྱུར་ཁྲུའུ་ཡི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཡན་ལག་རུ་ཁག་གཉིས་པའི་འགན་ཁུར་བས་གསར་འགོད་པར་བཤད།

        གྲོང་ལྷན་གྱི་སྒོ་ར་ཆེ་མོའི་ནང་ལས་དོན་རུ་ཁག་གིས་འཕྲལ་མར་ཁོང་ཚོའི་ལས་ཀ་དང་པོ་བྱེད་འགོ་ཚུགས་ཏེ་གྲོང་མི་ཚོར་ཇ་བག་ཆུང་དང་རྩམ་པ་བགོས་པ་དེའང་ལས་དོན་རུ་ཁག་གི་མཇལ་རྟེན་ལྟ་བུ་ཞིག་ཀྱང་རེད།

        ས་རུབ་ཉེའི་སྐབས་སུ་ཉང་རྭ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་བཀོད་སྒྲིག་འོས་འཚམ་བྱས་ཟིན་པ་དང་ཕུ་འདམ་ཤང་དུ་བཅའ་སྡོད་ལས་དོན་རུ་ཁག་གཞན་གཉིས་ནི་ནམ་སྲོས་ཁྲོད་མུ་མཐུད་གཏན་འཁེལ་བྱས་པའི་གྲོང་ཚོར་སྐྱོད་བཞིན་ཡོད་པ་རེད།

        ཚེས་19ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་24གཞིས་རྩེ་ས་ཁུལ་གྱི་གྲོང་ཚོ་དྲུག་ཏུ་སྐྱོད་འགོ་ཚུགས།

        མ་ཐོན་གོང་པུའུ་དང་ཨུ་ལྷན་གྱི་འགོ་ཁྲིད་ཀྱིས་ལས་དོན་རུ་ཁག་གི་རུ་མི་ཚོར་ཁ་བཏགས་ཕུལ་བ་དང་འབྲེལ་ཁོང་ཚོར་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་དེ་བཞིན་ཧྲུའུ་ཅི་ཁྲེན་ཆོན་གོའི་མཛུབ་སྟོན་གྱི་བླང་བྱ་གཞིར་བཟུང་འགན་འཁྲི་ཆུད་ཟོས་སུ་མི་གཏོང་བ་དང་ཀུན་གྱི་རེ་བ་ཆུད་ཟོས་སུ་མི་གཏོང་བར་གྲོང་ཚོར་བཅའ་སྡོད་ལས་ཀ་ཡག་པོ་བྱས་ནས་རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་བྱེད་སྒོའི་ལས་དོན་ཁག་ལ་དངོས་ཕན་ཐོབ་རྒྱུའི་འགན་ལེན་བྱེད་དགོས་ཞེས་མངགས་བཅོལ་ཡང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།