དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • “ལས་དོན་རུ་ཁག་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        གསར་འགོད་པ་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོར་འབྱོར་སྐབས། སྤྲོ་སེམས་འཁོལ་བའི་གྲོང་མི་ཚོས་གཟབ་མཆོར་ལེགས་པ་སྤྲས་ནས་ཕེབས་བསུ་ཞུ་བར་སླེབས་ཡོད། གྱོན་ཆས་ཐོག་བཟོ་རྩལ་སྔ་ས་ནས་ཆད་པའི་འཕར་ཆིངས་ཀྱིས་རྒྱན་རིས་ཡོད་པ་དང་ད་དུང་བྱུ་རུ་དང་། མུ་ཏིག གཡུ་སོགས་རྒྱན་ཆ་སྣ་ཚོཌ་བཏགས་ཡོད་པ་དེ་དག་རེར་སྒོར་ཁྲི་བརྒྱ་ཙམ་རི་གི་ཡོད་ཅེས་གྲཌ།

        ཉི་མ་རྡོ་ཐོགས་ཀྱིས “ད་ལྟ་ང་ཚོ་མི་སེར་ཚོར་ཚན་རིག་རིག་གནས་ཀྱི་ཤེས་བྱ་མི་འདང་བའི་ཚོར་སྣང་ཡོང་བ་དང་ལས་དོན་རུ་ཁག་གིས་གྲོང་མི་ཚོར་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བྱེད་ཕྱོགས་དྲིལ་བསྒྲགས་དང་སྒྲོག་འགྲེལ་མང་ཙམ་བྱ་རྒྱུའི་རེ་བ་ཡོད། གཞན་ཡང་ང་ཚོའི་གྲོང་ཚོ་ནི་ཞིང་ལས་གཙོ་བོ་ཡིན་པས་ཞིང་ཁའི་ཆུ་བེད་རྨང་གཞིའི་སྒྲིག་བཀོད་ཐད་ལས་དོན་རུ་ཁག་གིས་རོགས་རམ་མང་ཙམ་གནང་ནས་ཆུ་ཡུར་ཉམས་གསོ་དང་ཆུ་མཛོད་ཧྲིལ་བཅོས་བྱ་རྒྱུའི་རེ་བ་ཡོད ”ཅེས་བཤད།

        འཁོར་ཆགས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་སྣེ་ཁྲིད་མཁན་སྤུ་ཧྲེང་རྫོང་གི་རྫོང་དཔོན་གཞོན་པ་ཚེ་དབང་མ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་སྤུ་ཧྲེང་བ་ཞིག་ཡིན་པ་དང་མང་ཚོགས་ཀྱི་དགོས་མཁོའི་ཐད་ཁོང་ལ་གདེང་ཚོད་ཆེན་པོ་ཡོད། ཚེ་དབང་མས་གསར་འགོད་པར་མིག་སྔར་ལས་དོན་རུ་ཁག་གྲོང་ཚོར་སླེབས་མ་ཐག་པ་ཡིན་པས་ལས་འགན་གཙོ་བོ་ནི་ཁྱིམ་ཚང་རེ་རེ་བཞིན་དུ་མཐིལ་རྟོགས་རྟོག་ཞིབ་བྱེད་པ་དང་དུས་མཚུངས་མང་ཚོགས་ཀྱི་ཚོགས་ཆེན་འཚོགས་ཏེ་ད་རེས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོའི་དོན་སྙིང་དང་ནུས་པ་མང་ཚོགས་ལ་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱེད་པ་དང་ད་དུང་གཞི་རིམ་གྱི་འཛུགས་སྐྱོང་ལོའི་བྱེད་སྒོར་ཞིབ་འཇུག་བྱེད་པའི་གནད་དོན་དང་གཏན་ལ་ཕབ་པའི་རྣམ་གྲངས་དང་མཐུད་སྦྱོར་ཧུར་ཐག་བྱས་ཏེ་གྲོང་ཚོར་ཁ་ཚ་དགོས་གཏུགས་ཀྱི་ཐག་གཅོད་བྱེད་དགོས་པའི་དཀའ་ངལ་དང་གནད་དོན་བཙལ་ནས་ལག་ལེན་དུ་འཁྱོལ་ཐུབ་པའི་ཇུས་གཞི་བཟོས་ཐོག་གོམ་རེ་རྗེས་རེའི་ཐོག་ནས་བྱེད་སྒོ་ཡག་པོ་སྤེལ་རྒྱུ་དེ་རེད་ཅེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།